སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ཀྱི་སྙན་ངག་པ་ཚའོ་ཡུག་ཡུང་ལ་མའོ་ཏུན་རྩོམ་རིག་མི་གསར་བྱ་དགའ་ཐོབ།
རྩོམ་པ་པོ། བསོད་རྡོ། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-12-21 10:16:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


བོད་ཀྱི་སྙན་ངག་པ་ཚའོ་ཡུག་ཡུང་ལ་མའོ་ཏུན་རྩོམ་རིག་མི་གསར་བྱ་དགའ་ཐོབ།

     ཉེ་ཆར། ཀྲུང་ཧྭ་རྩོམ་རིག་ཐེབས་རྩ་ཚོགས་པའི་མའོ་ཏུན་རྩོམ་རིག་མི་གསར་བྱ་དགའ་སྐབས་གཉིས་པའི་མཛད་སྒོ་ཀྲུང་ཧྭའི་རྩོམ་རིག་མཁན་པོ་སྐུ་ཞབས་མའོ་ཏུན་གྱི་ཕ་ཡུལ་ཀྲིག་ཅང་ཞིང་ཆེན་ཐུང་ཞང་གྲོང་ཁྱེར་དུ་གཟབ་རྒྱས་ངང་སྤེལ། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ། མཚོ་ནུབ་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི། བོད་ཀྱི་སྙན་ངག་པ་གྲགས་ཅན་ཚའོ་ཡུག་ཡུང་ལ་ཁོའི་རྩོམ་རིག་གསར་རྩོམ་གྱི་འབྲས་རྟགས་ཡང་དག་ལས་བྱུང་བའི་རྩོམ་རིག་བྱ་དགའ་གྲགས་ཅན་སྟེ། སྐབས་གཉིས་པའི་མའོ་ཏུན་རྩོམ་རིག་མི་གསར་བྱ་དགའ་རེག་ཏེ། རང་ཞིང་གི་རྩོམ་པ་པོའི་སྡེ་རུ་མའོ་ཏུན་རྩོམ་རིག་མི་གསར་བྱ་དགའི་གཟི་བརྗིད་མཚན་སྙན་འདི་ཐོབ་མཁན་ཐོག་མ་རུ་གྱུར།

     ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་གཞོན་པ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཅིན་པིན་ཧྭ་དང་།ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ།ཀྲུང་ཧྭ་རྩོམ་རིག་ཐེབས་རྩ་ཚོགས་པའི་ལས་འཛིན་འགོ་གཙོ་ཧྭི་ཅན་མིན།ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་གོད་ཧོང་པའོ། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་དྲ་རྒྱ་རྩོམ་རིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཆི་རུང་། ཀྲུང་གོའི་རྩོམ་པ་པོའི་དཔེ་སྐྲུན་སྡེ་ཚོགས་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་པའོ་ཅན་དང། སྐུ་ཞབས་མའོ་ཏུན་གྱི་ཚ་བོ་ཆེ་བ་ཧྲིན་བེ་ཉིན་སོགས་བྱ་དགའ་སྟེར་བའི་མཛད་སྒོར་ཞུགས། མིང་གྲགས་ཆེ་བའི་རྩོམ་པ་པོ་ཧྭི་ཅན་མིན་གྱིས་བྱ་དགའི་མཛད་སྒོར་ཤིས་ཚིག་ཕུལ་ཞིང་། ཁོས་མའོ་ཏུན་རྩོམ་རིག་མི་གསར་བྱ་དགའ་བཙུགས་པ་འདིས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་དར་སྤེལ་དང་།དེང་རབས་ཀྱི་ཀྲུང་གོའི་རྩོམ་རིག་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོའི་རྩོམ་རིག་ལས་དོན་ལ་གྲུབ་འབྲས་གསར་བ་ལོན་རྒྱུ་དེ་ཡིན་ལ། བྱ་དགའ་སྟེར་ཡུལ་ཡང་རྩོམ་རིག་གསར་རྩོམ་དང་རྩོམ་རིག་དཔྱད་བརྗོད་ཁྲོད་གྲུབ་འབྲས་གཟེངས་སུ་ཐོན་པའི་ཕུལ་བྱུང་ན་གཞོན་རྩོམ་པ་པོ་དང་དཔྱད་བརྗོད་པ་ཡིན་པའི་བསམ་པ་བསྟན།

     ལོ་ངོ་མང་པོའི་རིང་ལ་ཚའོ་ཡུག་ཡུང་གིས་རྩོམ་རིག་གསར་རྩོམ་ཕྱོགས་ལ་རང་ཉིད་ཀྱི་དུས་ཚོད་ཡོད་ཚད་ཕུལ་ཞིང་། ལྷག་པར་དུ་སྙན་ངག་གསར་རྩོམ་ནི་རང་ཉིད་ཀྱི་ལས་རྐང་ལས་ཞོར་གྱི་ལས་རིགས་གལ་ཆེན་དུ་བཞག་ནས། རྒྱལ་ནང་གི་དུས་དེབ་གང་ཆེ་གང་གྲགས་ཡོད་ཚད་དུ་གསར་རྩོམ་དུ་མ་བཀོད་དེ་གཡུར་ཟའི་གྲུབ་འབྲས་བླངས། ཁོ་བོ་ནི་རྒྱའི་སྐད་ཡིག་གི་ལམ་ནས་གསར་རྩོམ་བྱེད་པའི་བོད་རིགས་རྩོམ་པ་པོ་ཞིག་ཡིན་ལ། ཁོའི་རྒྱའི་སྐད་ཡིག་གི་གསར་རྩོམ་ཆུ་ཚད་ནི་རང་ག་བ་ཞིག་མིན་པ་ནང་ལོག་སོགས་ཀྱི་རྩོམ་པ་པོའི་སྡེ་རུའང་ཁས་ལེན་བྱེད་བཞིན་ཡོད། ཁོའི་གསར་རྩོམ་བྱས་པའི་ཆེད་དེབ་ལ《དུས་ཚོད་ཁྲ་ཁྲ》དང《བས་མཐའི་རོལ་དབྱངས》།《ས་མཐོའི་རླུང》སོགས་ཡོད། ཁོའི་སྙན་ངག་ཕྱོགས་བསྒྲིགས་ནི་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་དང་ཀྲུང་ཧྭ་རྩོམ་རིག་ཐེབས་རྩ་ཚོགས་པའི་དུས་རབས་ཉེར་གཅིག་པའི་རྩོམ་རིག་ཕྱོགས་བསྒྲིགས་ཀྱི་དཔེ་ཚོགས་སུ་བདམས་ཡོད། སྔ་གཞུག་ཏུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་སྐབས་བཅུ་བའི་ཁྲོད་རྟ་མཆོག་བྱ་དགའ་དང་མི་རིགས་རྩོམ་རིག་བྱ་དགའ། མཚོ་སྔོན་པོའི་རྩོམ་རིག་བྱ་དགའ། དེང་རབས་ན་གཞོན་གྱི་ཕུལ་བྱུང་སྙན་ངག་པ་བཅུ་ཡི་མཚན་སྙན་སོགས་ཞིང་ཆེན་དང་རྒྱལ་ཁབ་རིམ་པའི་གཟི་བརྗིད་མཚན་སྙན་མང་པོ་གསོལ་མྱོང་།

 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...