སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ཡིག་ཡིག་གཟུགས་འབྲི་སྦྱོང་གོས་གདན་གསར་བཟོ་མཛད་པའི་འགྲེམ་སྟོན་མཛད་སྒོ་བསྡུས།
རྩོམ་པ་པོ། དཀོན་མཆོག་ཚེ་རིང་། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-1-8 10:02:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


བྲག་དཀར་རྫོང་སྦྲག་སྲིད་ཁང་གི་འགོ་གཙོ་ཏུའུ་ལགས་ཀྱིས་དྲ་ལམ་ཚོང་འབྲེལ་ངོ་སྤྲོད་བྱེད་པ།


ཁ་བཏགས་དཀར་པོ་སྤྱི་གཉེར་ཁང་གི་ལས་བཟོ་བས་ཚོང་རྫས་ངོ་སྤྲོད་བྱེད་པ།


ཡིག་གཟུགས་གོས་གདན་གྱི་བློ་འདོན་པ་ཁོ་ལེ་ཡིས་གསུང་བཤད་གནང་བཞིན་པ།


ཡིག་གཟུགས་གོས་གདན་གྱི་བློ་འདོན་པ་ཁོ་ལེ་ཡིས་ཕྱག་བྲིས་གནང་བཞིན་པ།


སྙན་ངག་པ་ལྷ་སྡེ་ཉི་མ་ཚེ་རིང་གིས་གཏམ་བཤད་གནང་བཞིན་པ།


བོད་ཡིག་ཁྲིད་དཔྱོད་ཁང་གི་འགོ་གཙོ་རྟ་མགྲིན་རྒྱལ་གྱིས་གསུང་བཤད་གནང་བཞིན་པ།


ཡིག་གཟུགས་གོས་གདན་གསར་བཟོ་གནང་མཁན་རྣམ་ཐར་འབུམ་ལ་ཁ་བཏགས་འབུལ་བཞིན་པ།

     སྤྱི་ཟླ1པོའི་ཚེས5ཉིན། བྲག་དཀར་རྫོང་ཁ་བཏགས་དཀར་པོ་བོད་ཀྱི་རིག་གནས་ཚད་ལྡན་སྤྱི་གཉེར་ཁང་གི་རིག་གནས་ཐོན་རྫས་གསར་བ་སྟེ། བོད་ཡིག་ཡིག་གཟུགས་འབྲི་སྦྱོང་གོས་གདན་གསར་བཟོ་མཛད་པའི་འགྲེམ་སྟོན་མཛད་སྒོ་དེ་བྲག་དཀར་རྫོང་གི་བྲག་དཀར་རྒྱལ་སྤྱིའི་ཐོག་ཁང་ཆེན་མོ་རུ་གཟབ་རྒྱས་ངང་འཚོགས།
     བོད་ཡིག་ཡིག་གཟུགས་གོས་གདན་འདི་ནི་བྲག་དཀར་རྫོང་མི་རིགས་བཅའ་སྡོད་ཆ་ཚང་སློབ་ཆུང་གི་དགེ་རྒན་གནམ་ཐར་འབུམ་གྱིས་དགེ་རྒན་གྱི་བྱ་བ་གཉེར་ནས་མི་ལོ་ཉི་ཤུའི་རིང་གི་ཉམས་མྱོང་གཞིར་གཟུང་ནས་བོད་ཀྱི་ཡིག་གཟུགས་འབྲི་སྦྱོང་གོ་རིམ་ཁྲོད་ལག་ལེན་དང་ཞིབ་འཇུག་བྱས་མཐར་མི་རིགས་གཞན་གྱི་དར་རྒྱས་དང་འགྲོགས་ནས་རང་རེའི་རྣམས་ལ་སྤོབས་པ་ཆེར་བསྐྱེད་སྒོས་སྔར་ཡོད་དར་སྤེལ་དང་། མ་འོངས་གསར་གཏོད་ཀྱི་ལམ་ལ་ཞུགས་ནས། དེང་རབས་ལག་རྩལ་གཙོར་བཟུང་སྟེ་ཁོར་ཡུག་སྲུང་སྐྱོབ་དང་ཤོག་སྨྱུག་སྣག་གསུམ་གྲོན་ཆུང་བྱེད་པའི་ནུས་པ་ཡོད་པའི་དུས་རབས་དང་མཐུན་པའི་བོད་ཡིག་སློབ་ཆས་གསར་བ་འདི་གསར་བཟོ་བྱས་པ་རེད། 
     རེབ་འདིའི་མཛད་སྒོའི་སྟེང་དུ་རང་རྫོང་གི་སློབ་གྲྭ་ཆུང་འབྲིང་གཙོའི་ལས་རིགས་སོ་སོ་ནས་ཐོན་པའི་ཡིག་གཟུགས་ལ་དགའ་མོས་ཡོད་མཁན་གྱི་དགེ་རྒན་དང་རྩོམ་པ་པོ། ཚོང་གཉེར་བ་སོགས་ཞུགས་ནས་རང་རང་གི་བོད་ཡིག་ཡིག་གཟུགས་གོས་གདན་གྱི་ཇུས་འགོད་དང་རྒྱུ་སྤུས། བཀོལ་སྤྱོད་སོགས་ཀྱི་ཐད་ལ་རང་རང་གི་བསམ་ཚུལ་དང་རེ་བ་བཏོན་པ་མ་ཟད། གཞན་མ་འོངས་པ་ན་བོད་ཡིག་ཡིག་གཟུགས་འབྲི་སྦྱོང་གི་ཐད་ལ་ཚང་མས་དོ་ཁུར་དང་ཤུགས་སྣོན་བྱ་དགོས་པའི་བགྲོ་གླེང་མཛད།
     གཞན་ཡང་ཟླ1པོའི་ཚེས5ཉིན་གྱི་སྔ་དྲོ་དགེ་རྒན་གནམ་ཐར་འབུམ་གྱིས་ཇུས་འགོད་དང་གསར་བཟོ་བྱས་པའི་བོད་ཡིག་ཡིག་གཟུགས་གོས་གདན་ལེགས་འགྲུབ་དང་འགྲེམ་སྤེལ་གནང་སྦྱིན་གྱི་མཛད་སྒོ་དེ་ཞིན་ཧེ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གི་ཏང་ཡོན་བྱ་འགུལ་ཁང་དུ་སྤེལ་ལ། སློབ་གྲྭའི་སློབ་སྟོན་ཁང་གི་ཀྲུའུ་རིན་ཧྥན་ཧྲང་ཅོན་དང་བོད་ཡིག་ཁྲིད་དཔྱོད་ཁང་གི་འགོ་གཙོ་རྟ་མགྲིན་རྒྱལ་སོགས་བོད་ཡིག་དགེ་རྒན་བཞི་བཅུ་ལྷག་ཞུགས་ནས་དགེ་རྒན་ཁོང་ལ་བཀྲ་ཤིས་རྟེན་འབྲེལ་ཞུས་པ་དང་། ཚོགས་ཐོག་ཏུ་དགེ་རྒན་རྣམ་ཐར་འབུམ་གྱིས་རང་ཉིད་ཀྱིས་གསར་བཟོ་གནང་བའི་བོད་ཡིག་ཡིག་གཟུགས་གོས་གདན་འདི་འདྲ་ཞིག་གསར་བཟོ་གནང་བའི་བསམ་བློའི་དམིགས་འདུན་དང་ཁྱད་ཆོས་ངོ་སྤྲོད། མ་འོངས་པའི་བོད་ཡིག་ཡིག་གཟུགས་འཕེལ་རྒྱས་ཐད་ཀྱི་བསམ་གཞིགས་སོགས་ཀྱི་ཐད་ནས་གསུང་བཤད་གལ་ཆེན་གནང་ལ། ཚོགས་ཞུགས་བོད་ཡིག་དགེ་རྒན་རེ་རེས་བོད་ཡིག་ཡིག་གཟུགས་གོས་གདན་གྱི་དགེ་མཚན་དང་ཕན་ཡོན་སོགས་ཀྱི་ཐད་ལ་ཚང་མས་ལྷན་གཅིག་ཏུ་བསམ་ཚུལ་བརྗེ་རེས་གནང་སྟེ། བཀྲ་ཤིས་ཁ་གཡང་གི་རྟེན་འབྲེལ་དང་བཅས་བྱ་འགུལ་མཇུག་བསྡུས་སོ།།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...