སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མང་རྫོང་གི་སློབ་མ100ལྷག་ལ་སློབ་སྒྲུབ་རོགས་དངུལ་གྱི་བྱ་དགའ་ཐོབ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-1-10 11:31:00 རྩོམ་ཁུངས། ཀོས་ནན་སྲིད་དོན། ཀློག་གྲངས།

     སྤྱི་ཟླ1པོའི་ཚེས8ཉིན། མང་རྫོང་གི་ཁ་གཏད་རོགས་སྐྱོར་ལས་ཁུངས་ཀྱིས་སློབ་སྒྲུབ་རོགས་དངུལ་སྟེར་བའི་མཛད་སྒོ་བསྡུས། རྫོང་ཨུའི་རྒྱུན་ཨུའམ་རྫོང་དཔོན་གཞོན་པ་འབྲུག་འབུམ་རྒྱལ་དང་། རྫོང་ཨུའི་རྒྱུན་ཨུའམ་རྫོང་དཔོན་གཞོན་པ་ཝུའུ་ཧའོ། རྫོང་སློབ་གསོ་ཅུའི་འགན་འཁུར་བ་དང་ཁུལ་མི་རིགས་མཐོ་འབྲིང་གསུམ་པ། རྫོང་མི་རིགས་སློབ་འབྲིང་། རྫོང་སློབ་འབྲིང་བཅས་སློབ་མ་སོགས་མཛད་སྒོའི་སྟེང་ཞུགས།

     མཛད་སྒོའི་སྟེང་། རྒྱུགས་འབྲས་ཕུལ་བྱུང་ཅན་དང་ཀུན་སྤྱོད་ལེགས་པའི་དམའ་གསུམ་སློབ་མ50དང་མཐོ་འབྲིང་སློབ་མ50བཅས་ལ་མི་རེེེར་རོགས་དངུལ་སྒོར500དང་སྒོར100བྱིན། རྫོང་ཨུའི་རྒྱུན་ཨུའམ་རྫོང་དཔོན་གཞོན་པ་ཝུའུ་ཧའོ་ཡིས་སློབ་སྒྲུབ་རོགས་དངུལ་གྱི་གཞི་རྩའི་གནས་ཚུལ་ངོ་སྤྲོད་བྱས་པ་དང་རྫོང་ཨུའི་རྒྱུན་ཨུ་འམ་རྫོང་དཔོན་གཞོན་པ་འབྲུག་འབུམ་རྒྱལ་གྱིས་མཛད་སྒོའི་གཏམ་བཤད་གལ་ཆེན་གནང་བ་དང་བྱ་དགའ་ཐོབ་པའི་སློབ་མར་སྐུལ་མ་བཏང་སྟེ། སློབ་སྦྱོང་ལ་གྲུབ་འབྲས་ལེགས་པོ་བླངས་ནས་རྗེས་ཕྱོགས་སྤྱི་ཚོགས་དང་ཕ་ཡུལ་འཛུགས་སྐྲུན་བྱེད་དགོས་པའི་ཕྱོགས་ནས་ཁ་ཏ་སློབ་གསོ་གནང་།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...