སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ལྗོངས་ཀྱི་ཕུལ་བྱུང་དགེ་རྒན5ལ་མཱ་ཡུན་ཞིང་སྡེའི་དགེ་རྒན་བྱ་དགའ་ཐོབ་པ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-1-23 10:38:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


བོད་ལྗོངས་ཀྱི་ཕུལ་བྱུང་དགེ་རྒན5ལ་མཱ་ཡུན་ཞིང་སྡེའི་དགེ་རྒན་བྱ་དགའ་ཐོབ་པ།

     སྤྱི་ཟླ1པོའི་ཚེས21ཉིན་གྱི་དགོང་མོར། 2017ལོའི་མཱ་ཡུན་ཞིང་སྡེའི་དགེ་རྒན་བྱ་དགའི་ལོ་འཁོར་བྱ་དགའ་གནང་བའི་མཛད་སྒོ་དེ་ཧའེ་ནན་སན་ཡཱ་རུ་སྤེལ་ཞིང་། ཞིང་སྡེའི་དགེ་རྒན100ལ་སྒོར་ཁྲི10ཡི་མ་དངུལ་རོགས་སྐྱོར་དང་བསྟུད་མར་ལོ3གྱི་ཆེད་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཐོབ་པ་དང་། དེའི་ཁྲོད་བོད་ལྗོངས་ཀྱི་ཕུལ་བྱུང་དགེ་རྒན5ལའང་གཟེངས་རྟགས་འདི་ཐོབ་པ་རེད།
     བྱ་དགའ་གནང་བའི་མཛད་སྒོའི་སྟེང་། ཞིང་ལྗོངས་མང་པོའི་ཞིང་སྡེའི་དགེ་རྒན་གྱིས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གར《བཀྲ་ཤིས་བདེ་ལེགས》སོགས་དང་། བོད་ལྗོངས་ཀྱི་ཕུལ་བྱུང་དགེ་རྒན5ཡིས་ཡུལ་དངོས་གཟིགས་མོ་བ་རྣམས་ལ་བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གར་འཁྲབ་སྟོན་གནང་སྟེ་སྤྲོ་དགའི་དཔལ་ལ་རོལ།
     མཱ་ཡུན་ཞིང་སྡེའི་དགེ་རྒན་བྱ་དགའ་འདི་ཐོག་མའི་ནུབ་རྒྱུད་ཀྱི་ཞིང་ལྗོངས6ནས2016ལོའི་ཞིང་ཆེན13། དེ་ནས2017ལོའི་ཀང་ཨའོ་ཐའེ་ཕུད་པའི་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས31བཅས་ཀྱི་ཐད་ནས་བལྟས་ན། གོ་རྟོགས་ཆེན་པོ་སད་པའི་འོད་ཟེར་ཞིག་མཐོང་ཐུབ་ཅིང་། དེ་ནི་སྔར་ལས་བཀྲག་མདངས་རྒྱས་ལ་སྟོབས་ཤུགས་འཛོམས་པ་དང་། སྔར་ལས་དྲོད་ཁོལ་བསྐྱེད། དགེ་རྒན་བྱ་དགའ་འདི་ལོ་གསུམ་ལ་བདམས་པའི་དགེ་རྒན300ཆ་སྙོམས་ཀྱིས་ལོ37.5ཡིན་ལ། དཀའ་ཁག་ཆེ་བའི་གཞི་རིམ་དུ་ལོ་ངོ17ལ་དགེ་རྒན་གྱི་ལས་གཉེར་བསྒྲུབས། ཁོ་ཚོ་གནས་པའི་སློབ་གྲྭ་དེ་རྫོང་ཐོག་དང་ཆ་སྙོམས་བར་ཐག་སྤྱི་ལེ53ཡོད་པ་མ་ཟད50%ནི་རྒྱལ་ཁབ་རིམ་པའི་དབུལ་ཕོངས་རྫོང་ཡིན།
     2015ལོར། མཱ་ཡུན་སྤྱི་ཕན་ཐེབས་རྩ་ཚོགས་པས“མཱ་ཡུན་ཞིང་སྡེའི་དགེ་རྒན་འཆར་གཞི”བཏོན་ཏེ། ལོ་རེར་ཞིང་སྡེའི་དགེ་རྒན100ལ་སྤྱིའི་མ་དངུལ་སྒོར་ཁྲི1000ཡི་བྱ་དགའི་དངུལ་རོགས་སྐྱོར་དང་བསྟུད་མར་ལོ3གྱི་ཆེད་ལས་འཕེལ་རྒྱས་རྒྱབ་སྐྱོར་གནང་བ་ཡིན། དེའི་རྗེས། མཱ་ཡུན་སྤྱི་ཕན་ཐེབས་རྩ་ཚོགས་པས་སྔ་གཞུག་ཏུ“མཱ་ཡུན་ཞིང་སྡེའི་སློབ་གཙོ་འཆར་གཞི”དང“མཱ་ཡུན་ཞིང་སྡེའི་དགེ་འོས་སློབ་མའི་འཆར་གཞི”བཏོན་ཏེ། སོ་སོས་ལོ10ཡི་ནང་མ་དངུལ་སྒོར་དུང་ཕྱུར2བཏང་ནས་ཀྲུང་གོའི་ཕུལ་བྱུང་ཞིང་སྡེའི་སློབ་གཙོར་རྒྱབ་སྐྱོར་དང་། ལོ10ཡི་ནང་མ་དངུལ་མ་ཐ་ཡང་སྒོར་དུང་ཕྱུར3བཏང་ནས་ལོ་དེའི་ཕུལ་བྱུང་དགེ་འོས་མཐར་ཕྱིན་སློབ་མ་ལས་ཞིང་སྡེའི་དགེ་རྒན་ལེགས་འདེམ་སྒོས་མ་འོངས་པའི་ཞིང་སྡེའི་སློབ་གསོ་པ་སྐྱེད་སྲིང་བྱེད་པ་ཡིན།
     2017ལོའི་མཱ་ཡུན་ཞིང་སྡེའི་དགེ་རྒན་བྱ་དགའ་ཐོབ་པའི་བོད་ལྗོངས་ཀྱི་དགེ་རྒན་ལྔ་ནི། གཞིས་ཀ་རྩེ་རིན་སྤུངས་རྫོང་ཕུ་གསུམ་ཡུལ་ཚོའི་སློབ་ཆུང་གི་དགེ་རྒན་བསྟན་འཛིན་དཔའ་མོ་དང་། ཉིང་ཁྲི་གྲོང་ཁྱེར་སྤོ་མེས་རྫོང་གསུམ་འཛོམས་གྲོང་རྡལ་ལྟེ་གནས་སློབ་ཆུང་གི་སློབ་གཙོ་གཞོན་པ་དབྱང་ཚའེ་ཞཱ། ཆབ་མདོ་གྲོང་ཁྱེར་ཁ་རུབ་ས་ཁུལ་སྨན་མདའ་ཡུལ་ཚོ་ལྟེ་གནས་སློབ་ཆུང་གི་སློབ་གཙོ་སྟེ་དགེ་རྒན་ཕུན་ཚོགས་ཚེ་རིང་། ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་འཁོར་ཆེན་ཡུལ་ཚོ་ལྟེ་གནས་སློབ་ཆུང་གི་དགེ་རྒན་སྟེ་སློབ་གཙོ་རྡོ་རྗེ་རྒྱ་མཚོ། ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་སྟོབས་འབངས་ཡུལ་ཚོ་སློབ་ཆུང་གི་སློབ་གཙོ་སྟེ་དགེ་རྒན་དབྱི་ཚའེ་ཡུན་བཅས་ཡིན།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...