སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
《རི་བོ་ཉི་ཟླ》དུས་དེབ་ཀྱི་རྩོམ་བསྡུའི་བརྡ་སྦྱོར།
རྩོམ་པ་པོ། ལྕགས་མཚོ་ཐར། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-3-14 9:41:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     ལོ་ངོ་སུམ་ཅུ་ལྷག་གི་ལོ་རྒྱུས་ཡོད་པའི་རི་བོ་ཉི་ཟླ་དུས་དེབ་འདི་ལ་སྒྲུང་གཏམ་དང་སྙན་ངག ལྷུག་རྩོམ། དཔྱད་རྩོམ་བཅས་ཀྱི་རྩོམ་ཡིག་གིས་རྒྱབ་སྐྱོར་གནང་བའི་རེ་བ་ཆེ།
     རི་བོ་ཉི་ཟླ་དུས་དེབ་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཀློག་པ་པོ་རྣམས་ཀྱི་འདོད་བློ་སྐོང་བ་དང་། དུས་དེབ་ཀྱི་སྤུས་ཚད་ཕྱོགས་ཡོངས་ནས་ཇེ་ལེགས་སུ་གཏོང་ཆེད། རྩོམ་སྒྲིག་ཁང་གིས་སྤྱི་ཚོགས་ལས་རིགས་སོ་སོའི་རྩོམ་པ་པོ་རྣམས་ལ་དམིགས་ཏེ་བརྩམས་སྒྲུང་དང་སྙན་ངག ལྷུག་རྩོམ། དཔྱད་རྩོམ་སོགས་ཀྱི་ཚན་བྱང་རིགས་དུ་མ་དབྱེ་ཡོད་ལ་དཔར་གྲངས་ཇེ་མང་དང་། རྒྱུ་སྤུས་ཇེ་བཟང་། ལེ་ཚན་གསར་སྣོན། རྩོམ་ཡོན་ཇེ་མང་སོགས་ཕྱོགས་གང་ཐད་ནས་ཇེ་རྒྱས་ཇེ་ལེགས་དང་བསྐྱར་བཅོས་ཡང་བཅོས་བྱས་ནས་སྤེལ་རྒྱུ་ཡིན་ཞིང་། མུ་མཐུད་དུ་ལོ་རེའི་སྤྱི་ཟླ8པའི་ཟླ་མཇུག་གི་སྔོན་དུ་རྩོམ་རིག་ལ་བློ་མོས་ཡོད་པའི་སྨྱུག་ཐོགས་པ་དག་གིས་ལྗགས་རྩོམ་ཕངས་མེད་དུ་སྩོལ་བར་མཁྱེན།
     དེ་དང་འབྲེལ་ནས་དོ་སྣང་བྱེད་དགོས་པའི་གནད་དོན་འགའ་ཞུས་པ་གཤམ་ལྟར།
1.རྩོམ་པ་པོའི་མིང་དང་ལས་གནས། འབྲེལ་གཏུགས་ཁ་པར། སྡོད་གནས་སོགས་རྒྱ་བོད་ཤན་སྦྱར་གྱིས་ངོ་སྤྲོད་རགས་ཙམ་བགྱི་བར་གལ།
2.དཔྱད་རྩོམ་ལ་ནང་དོན་གནད་བསྡུས་དང་བརྡ་ཆད་གཙོ་བོ་སོགས་སྒྲིག་གཞི་ཁ་ཚང་ཞིག་ཡོད་དགོས།
3.འདི་གར་བསྐུར་བའི་རྩོམ་ཡིག་གི་ཁ་བྱང་རྒྱ་བོད་ཤན་སྦྱར་གྱིས་གསལ་བོར་འབྲི་དགོས།
4.གཞན་རྩོམ་བརྐུ་བཤུ་དང་པར་སྐྲུན་ཉིས་ཟློས་སོགས་པར་དབང་དང་འགལ་བའི་གནས་ཚུལ་བྱུང་ཚེ། རྩོམ་པ་པོས་འགན་འཁུར་དགོས།
5.《རི་བོ་ཉི་ཟླ》དུས་དེབ་ཏུ་བཀོད་པའི་རྩོམ་ཡིག་ལ་རྩོམ་གྱི་ཚད་གཞི་ལྟར་འོས་འཚམ་གྱི་རྩོམ་ཡོན་གནང་རྒྱུ་ཡིན།
འབྲེལ་གཏུགས་བྱེད་ཡུལ། གུང་ཧོ་རྫོང་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི《རི་བོ་ཉི་ཟླ》རྩོམ་སྒྲིག་ཁང་།(青海省共和县藏语办《日月山》编辑部)
གློག་རྡུལ་ཡིག་ཟམ། 2650157125@qq.com
འབྲེལ་གཏུག་ཁ་པར། 0974-8512338

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...