སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
2018ལོའི་མཚོ་སྔོན་གྱིས་སྤྱི་ཚོགས་ལ་ཁ་ཕྱོགས་པའི་དགེ་རྒན་གྱི་ཐོབ་ཐང་འཛིན་ཡིག་ལེན་པའི་སྤྱི་བསྒྲགས།
རྩོམ་པ་པོ། ལྷ་ཆེན་རྒྱལ་གྱིས་བསྒྱུར། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-3-26 9:58:00 རྩོམ་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས།
ཀྲུང་གོང་སློབ་ཁྲིད་ཀྱི་བློ་འདྲིའི་ཁ་པར། 18597153010
2018ལོའི་མཚོ་སྔོན་གྱི་དགེ་རྒན་ཐོབ་ཐང་འཛིན་རྒྱུགས་ལེན་པའི་ཚོགས་པ། 154910631
གཅིག གཞི་རྩའི་ཆ་རྐྱེན།
     གཤམ་གསལ་གྱི་ངོས་འཛིན་ཁྱབ་ཁོངས་ཁྲོད་ཀྱི་གཅིག་ཡིན་པའི་ལུས་ཕུངས་བདེ་ཐང་དང་རྒྱལ་ཁབ་རྩ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་ལས་འཁྱུར་ངལ་གསོ་ལས་བརྒལ་མེད་པའི་ཀྲུང་གོ་སྤྱི་དམངས་ཀྱིས་གཤམ་གྱི་ཆ་རྐྱེན་དང་མཐུན་ན། བྱིས་གཉོར་ཁང་དང་སློབ་ཆུང་། དམའ་འབྲིང་།  མཐོ་འབྲིང་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་དགེ་རྒན་གྱི་ཐོབ་ཐང་འཛིན་ཡིག་ལ་རེ་ཞུ་བྱས་ཆོག
གཉིས། ངོས་འཛིན་ཁྱབ་ཁོངས།
1.མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཐོ་ཡིན་དགོས།
2. མི་དོན་འབྲེལ་བ་མཚོ་སྔོན་ཞིང་ཆེན་ཡིན་དགོས།(མི་བཀོལ་ལས་ཁུངས་དང་ལོ་གཅིག་ཡན་གྱི་ངལ་རྩོལ་གན་རྒྱ་འཇོག་དགོས་ལ་མི་བཀོལ་ལས་ཁུངས་ཀྱིས་སྤྱི་ཚོགས་ཉེན་སྲུང་སྤྲོད་དགོས།)
3.  མཚོ་སྔོན་ཞིང་ཆེན་གྱི་གནས་སྡོད་འཛིན་ཡིག་དགོས་ལ་དུས་ཚོད་བརྒལ་མེད་པའི་འཛིན་ཡིག་ཡིན་དགོས། 
4. མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭའི་ལོ་འདིའི་མཐར་ཕྱིན་སློབ་མ་ཡིན་དགོས།
གསུམ། ངོས་འཛིན་མི་སྣ།
1.སློབ་གསོ་པུའུ་རྒྱུགས་ལེན་ལྟེ་གནས་ཀྱི《སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཐོབ་ཐང་འཛིན་ཡིག་ལ་རྒྱུགས་བླངས་ཆོག་པའི་ཚད་མཐུན་བདེན་དཔང་ཡི་གེ》བླངས་ཡོད་པའི་རེ་ཞུ་མི་སྣ་ཡིན་དགོས(གཏན་འཁེལ་བྱས་པའི་དུས་ཚོད་ནང)། གཤམ་ནས(རྒྱལ་ཁབ་རྒྱུགས་ལེན་མི་སྣ་ཞེས་བསྡུ་རྒྱུ་ཡིན།)
2.མཚོ་སྔོན་ཞིང་ཆེན་རྒྱུགས་ལེན་ལྟེ་གནས་ཀྱིས་གནང་བའི《མཚོ་སྔོན་ཞིང་ཆེན་གྱི་དགེ་རྒན་གྱི་ཐོབ་ཐང་འཛིན་ཡིག་ལ་རེ་ཞུ་བྱེད་པའི་མི་སྣའི་སློབ་གསོ་རིག་པ་དང་སེམས་ཁམས་རིག་པའ་ི་རྒྱུགས་ལེན་ཚད་མཐུན་དཔང་ཡིག》བླངས་ཡོད་པའི་རེ་ཞུ་མི་སྣ་ཡིན་དགོས(གཏན་འཁེལ་བྱས་པའི་དུས་ཚོད་ནང)། གཤམ་ནས(ཞིང་ཆེན་རྒྱུགས་ལེན་མི་སྣ་ཞེས་བསྡུ་རྒྱུ་ཡིན། )
3.2016ལོའི་སྔོན་ལ(2016ལོ་མི་འདུ)སློབ་གྲྭར་ཞུགས་པའི་ཉིན་ཧྲིལ་བོ་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དགེ་འོས་རིགས་ཀྱི་ཆེད་ལས་མཐར་ཕྱིན་སློབ་མ་ཡིན་དགོས། གཤམ་ནས(དགེ་འོས་རིགས་ཀྱི་མཐར་ཕྱིན་སློབ་མ་ཞེས་བསྡུ་རྒྱུ་ཡིན། )
བཞི། ཆ་རྐྱེན།
1.རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་དགེ་རྒན་གྱི་ལས་རིགས་ཀུན་སྤྱོད་ལ་བརྩི་སྲུང་བྱེད་མཁན།
2.《དགེ་རྒན་བཅའ་ཁྲིམས》ཀྱིས་གཏན་འཁེལ་བྱས་པའི་ཚད་མཐུན་བསླབ་གནས་ལྡན་དགོས།
(1)བྱིས་གཉོར་ཁང་གི་དགེ་རྒན་གྱི་ཐོབ་ཐང་འཛིན་ཡིག་ལེན་མཁན་ལ་བྱིས་གཉོར་དགེ་འོས་སློབ་གྲྭའི་མཐར་ཕྱིན་འཛིན་ཡིག་དང་ཡང་ན་དེའི་ཡན་གྱི་བསླབ་གནས་ལྡན་དགོས།
(2)སློབ་ཆུང་གི་དགེ་རྒན་གྱི་ཐོབ་ཐང་འཛིན་ཡིག་ལེན་མཁན་ལ་འབྲིང་རིམ་དགེ་འོས་སློབ་གྲྭའི་མཐར་ཕྱིན་འཛིན་ཡིག་དང་ཡང་ན་དེའི་ཡན་གྱི་བསླབ་གནས་ལྡན་དགོས།
(3)རིམ་པ་དང་པོའི་སློབ་འབྲིང་གི་དགེ་རྒན་དང་རིམ་པ་དང་པོའི་ལས་རིགས་སློབ་གྲྭའི་རིག་གནས། ཆེད་ལས་སློབ་ཚན་དགེ་རྒན་གྱི་ཐོབ་ཐང་འཛིན་ཡིག་ལེན་མཁན་ལ་མཐོ་རིམ་དགེ་འོས་ཆེད་སྦྱོང་སློབ་གྲྭ་དང་གཞན་པའི་ཆེད་སྦྱོང་མཐར་ཕྱིན་འཛིན་ཡིག་གམ་ཡང་ན་དེའི་ཡན་གྱི་བསླབ་གནས་ལྡན་དགོས།
(4)མཐོ་རིམ་སློབ་འབྲིང་གི་དགེ་རྒན་ཐོབ་ཐང་འཛིན་ཡིག་དང་འབྲིང་རིམ་ཆེད་ལས་སློབ་གྲྭ། ལག་རྩལ་སློབ་གྲྭ། ལས་རིགས་མཐོ་འབྲིང་རིག་གནས་བསླབ་ཚན། ཆེད་ལས་བསླབ་ཚན་གྱི་དགེ་རྒན་གྱི་ཐོབ་ཐང་འཛིན་ཡིག་ལེན་ན་མཐོ་རིམ་དགེ་འོས་སློབ་གླིང་གི་དངོས་གཞི་དང་ཡང་ན་གཞན་པའི་སློབ་ཆེན་གྱི་དངོས་གཞིའི་མཐར་ཕྱིན་འཛིན་ཡིག་གམ་དེའི་ཡན་གྱི་བསླབ་གནས་ལྡན་དགོས།
3.སློབ་ཁྲིད་བྱ་བའི་དགོས་ངེས་ཀྱི་གཞི་རྩའི་ཀུན་སྤྱོད་དང་ནུས་པ་ལྡན་དགོས།
4.སྤྱི་སྐད་ཀྱི་ཆུ་ཚད་རྒྱལ་ཁབ་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གིས་གནང་བའི《སྤྱི་སྐད་ཆུ་ཚད་ཀྱི་རྒྱུགས་གཞིའི་ཚད་རིམ》ལ་སླེབས་དགོས། ཕ་སྐད(རྒྱ་སྐད་མིན་པ)རེ་ཞུ་མི་སྣར་རིམ་པ་གསུམ་པའི་ཚད་རིམ་དང་པོའི(三级甲等)ཡན་གྱི་ཚད་གཞི་ལ་སླེབས་དགོས། རེ་ཞུ་མི་སྣ་གཞན་པ་རིམ་པ་གཉིས་པའི་ཚད་རིམ་གཉིས་པའི(二级乙等)ཡན་གྱི་ཚད་གཞི་ལ་སླེབས་དགོས། སྐད་ཡིག་བསླབ་ཚན་དང་བྱིས་གཉོར་དགེ་རྒན་གྱི་ཐོབ་ཐང་འཛིན་ཡིག་རིགས་ལ་རེ་ཞུ་བྱེད་མཁན་རིམ་པ་གཉིས་པའི་ཚད་རིམ་དང་པོའི(二级甲等)ཡན་གྱི་ཚད་གཞི་ལ་སླེབས་དགོས།
5.དགེ་འོས་རིགས་ཀྱི་མཐར་ཕྱིན་སློབ་མ་རྒྱུགས་ལ་ཞུགས་མི་དགོས་པར་གཏན་འཁེལ་བྱས་ཡོད་པ་དང་སྦྱང་བྱའི་ཆེད་ལས་འཚམས་པའི་བསླབ་ཚན་གྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཐོབ་ཐང་འཛིན་ཡིག་ལ་ཐད་ཀར་དུ་རེ་ཞུ་བྱས་ཆོག་ལ།  གཞན་པའི་བསླབ་ཚན་དགེ་རྒན་གྱི་ཐོབ་ཐང་འཛིན་ཡིག་ལེན་པའི་རྒྱལ་ཡོངས་ཀྱི་གཅིག་གྱུར་རྒྱུགས་ལ་ཞུགས་ཆོག
ལྔ། ངོས་འཛིན་ལས་ཁུངས།
1.  གྲོང་ཁྱེར་དང་ཁུལ་སོ་སོའི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་མཐོ་འབྲིང་དང་འབྲིང་རིམ་ལས་རིགས་སློབ་གྲྭའི(དངོས་སྦྱོང་མཛུབ་སྟོན་འདུ)དགེ་རྒན་གྱི་ཐོབ་ཐང་འཛིན་ཡིག་ཁས་ལེན་པའི་ལས་ཁུངས།
2.རྫོང་དང་ས་ཁུལ་སོ་སོའི་སྲིད་འཛིན་སྡེ་ཁག་གིས་བྱིས་གཉོར་ཁང་དང་སློབ་ཆུང་། དམའ་འབྲིང་དགེ་རྒན་གྱི་ཐོབ་ཐང་འཛིན་ཡིག་ཁས་ལེན་པའི་ལས་ཁུངས།
དྲུག མིང་ཐོ་འགོད་པའི་དུས་ཚོད་དང་གོ་རིམ།
     མཚོ་སྔོན་ནས་དགེ་རྒན་གྱི་ཐོབ་ཐང་འཛིན་ཡིག་རེ་ཞུ་བྱེད་པའི་མི་སྣས་ངེས་པར་དུ་དྲ་ཐོག་ནས་མིང་ཐོ་འགོད་དགོས།  མིང་ཐོ་འགོད་སའི་དྲ་ཚུགས་ནི་ཀྲུང་གོ་དགེ་རྒན་གྱི་ཐོབ་ཐང་འཛིན་ཡིག་དྲ་བ(http//www.jszg.edu.cn) ཡིན།
     དཔྱིད་དུས་ཀྱི་དྲ་ཐོག་ནས་མིང་ཐོ་འགོད་ཚད། ཟླ4བའི་ཚེས11ཉིན་ནས་ཟླ4བའི་ཚེས19ཉིན་བར་ཡིན། ཁྲིམས་ལུགས་ཀྱིས་གཏན་འཁེལ་བྱས་པའི་བྱ་བའི་ཉིན་མོ་ཡིན། 2018ལོའི་རྒྱལ་ཁབ་རྒྱུགས་ལེན་ཚད་མཐུན་མི་སྣས་མིང་ཐོ་འགོད་ཚད་ཟླ6པའི་ཚེས21ཉིན་ནས་ཟླ6པའི་ཚེས29ཉིན་བར་ཡིན། ཁྲིམས་ལུགས་ཀྱིས་གཏན་འཁེལ་བྱས་པའི་བྱ་བའི་ཉིན་མོ་ཡིན།
     སྟོན་དུས་ཀྱི་དྲ་ཐོག་ནས་མིང་ཐོ་འགོད་ཚད། ཟླ9བའི་ཚེས19ཉིན་ནས་ཟླ9བའི་ཚེས27ཉིན་བར་ཡིན། ཁྲིམས་ལུགས་ཀྱིས་གཏན་འཁེལ་བྱས་པའི་བྱ་བའི་ཉིན་མོ་ཡིན།
བདུན། ལས་ཁུངས་སོ་སོའི《དགེ་རྒན་གྱི་ཐོབ་ཐང་འཛིན་ཡིག》བློ་འདྲི་བྱེད་སའི་ཁ་པར།
ཞིང་ཆེན་དགེ་རྒན་གྱི་ཐོབ་ཐང་འཛིན་ཡིག་ངོས་འཛིན་ལྟེ་གནས། 0971-6312533
ཟི་ལིང་གྲོང་ཁྱེར་སློབ་གསོ་ཅུའུ། 0971-4393017
མཚོ་ཤར་གྲོང་ཁྱེར་སློབ་གསོ་ཅུའུ།0972-8611713
མཚོ་བྱང་ཁུལ་སློབ་གསོ་ཅུའུ། 0970-8642694
མཚོ་ནུབ་ཁུལ་སློབ་གསོ་ཅུའུ།0977-8222150
མཚོ་ལྷོ་ཁུལ་སློབ་གསོ་ཅུའུ། 0974-8510523
རྨ་ལྷོ་ཁུལ་སློབ་གསོ་ཅུའུ། 0973-8726908
ཡུལ་ཤུལ་ཁུལ་སློབ་གསོ་ཅུའུ། 0976-8826865
མགོ་ལོག་ཁུལ་སློབ་གསོ་ཅུའུ།0975-8383595

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...