སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཡོངས་འཛིན་གྱིས་སྐབས་སྒྲུབ་ལས་བྱེད་མི་སྣ་བསྡུ་བའི་སྤྱི་བསྒྲགས།
རྩོམ་པ་པོ། མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-3-29 11:31:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་ཆ་འཕྲིན་ལག་རྩལ་དང་བོད་ཡིག་གྲངས་མཛོད་རྩོམ་སྒྲིག་གི་ལས་བྱེད་མི་སྣ་བསྡུ་བའི་སྤྱི་བསྒྲགས།
      ཡོངས་འཛིན་འཚོལ་བཤེར་དེ2016ལོའི་ཟླ8པའི་ཚེས22ཉིན་དངོས་སུ་ཤར་གཏོང་བྱས་ནས། མིག་སྔར་གསར་འགྱུར་དང་དྲ་ངོས། བརྙན་རིས། གླུ་དབྱངས། པར་རིས། རིག་མཛོད། ཡིག་ཚང་། དྲིས་ལན་བཅས་སྡེ་ཚན་ཆེན་པོ་བརྒྱད་དུ་གྲུབ་ཅིང་། གྲངས་མཛོད་ཐད་ལོ་རྒྱུས་དང་རྩོམ་རིག ཆོས་ལུགས། གསོ་རིག སློབ་གསོ་དང་ཚིག་མཛོད་སོགས་ཡིག་ཆ་རིགས་སྣ་ཚོགས་གཏག་འཇུག་བྱས་དང་བྱེད་བཞིན་ཡོད། ཡིན་ཡང་གྲངས་མཛོད་ཀྱི་འཛུགས་སྐྲུན་ནི་ཡུན་ནས་ཡུན་དུ་རྒྱ་བསྐྱེད་དགོས་པའི་ལས་གཞི་ཆེན་པོ་ཞིག་ཡིན། དེ་བས་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་ཡོངས་འཛིན་འཚོལ་བཤེར་མུ་མཐུད་དུ་ཇེ་རྒྱས་ཇེ་ལེགས་སུ་གཏོང་བའི་ཆེད། སྤྱི་ཚོགས་ཡོངས་སུ་འདྲ་མཉམ་སྒོས་ཆ་འཕྲིན་ལག་རྩལ་དང་བོད་ཡིག་གྲངས་མཛོད་ཀྱི་རྒྱུ་ཆ་རྩོམ་སྒྲིག་ཐད་ཀྱི་མི་སྣ་འཇོན་ཐང་ཅན་མི10བསྡུ་རྒྱུ་ཡིན་པས། འབྲེལ་ཡོད་ཀྱི་གནས་ཚུལ་གཤམ་དུ་གསལ་བོར་བཀོད་ཡོད་པ་སྟེ།
གཅིག རྒྱུགས་ཞུགས་མི་སྣའི་ཐོབ་ཐང་དང་ཆ་རྐྱེན།
1. ཆབ་སྲིད་ཀྱི་བྱང་ཚད་དང་བྱ་བའི་སྤྱོད་སྟངས། ལས་རིགས་ཀྱི་ཀུན་སྤྱོད་སོགས་ལེགས་པོ་ཡིན་དགོས།
2. རྩ་འཛུགས་ཀྱི་བཀོད་སྒྲིག་དང་ལེན་བྱེད་ཅིང་། སྒྲིག་ཁྲིམས་བརྩི་སྲུང་བྱེད་པ་དང་། བྱ་བའི་ལས་འགན་ནན་ཏན་གྱིས་ལག་བསྟར་ཐུབ་དགོས།
3. ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞི(དངོས་གཞི་ཁོངས་སུ་འདུས)ཡན་གྱི་བོད་ཀྱི་སྐད་བརྡ་དང་རྩོམ་རིག་ཆེད་ལས་དང་། ཡང་ན་རྩིས་འཁོར་ཆེད་ལས་ཡིན་དགོས།
4. རྩིས་འཁོར་ཆེད་ལས་ཀྱི་མི་སྣརjavaཡི་བྱ་རིམ་སྒྲིག་བཟོའི་ལག་རྩལ་འབྱོང་བོ་ཡོད་དགོས་པ་དང་། བོད་ཀྱི་སྐད་བརྡ་དང་རྩོམ་རིག་ཆེད་ལས་ཀྱི་མི་སྣར་རྩོམ་སྒྲིག་གི་འཇོན་ནུས་ལྡན་ཞིང་ཧི་གཟུགས་གཏག་འཇུག་ལ་བྱང་དགོས།
5. ལོ་ཚོད་ནི་ལོ30ཡི་མན་ཡིན་དགོས།
གཉིས། རྩ་འཛུགས་དང་འགོ་ཁྲིད།
     ཐེངས་འདིའི་སྐབས་སྒྲུབ་ལས་བྱེད་མི་སྣ་བསྡུ་བའི་འབྲེལ་ཡོད་བྱ་བ་ཡོངས་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་རྩ་འཛུགས་འོག་སྤེལ་བ་ཡིན།
གསུམ། མི་སྣ་བསྡུ་བའི་རྩ་དོན།
     ཡོངས་བསྒྲགས་དང་། འདྲ་མཉམ། དྲང་གཞག  ལེགས་འདེམ་གྱི་རྩ་དོན་ལྟར་དཔྱད་ཞིབ་དང་ཁ་རྒྱུགས་ལེན་རྒྱུ་ཡིན།
བཞི། རྒྱུགས་ཞུགས་ཀྱི་གོ་རིམ་དང་བྱེད་ཐབས།
(གཅིག) མིང་ཐོ་འགོད་པའི་དུས་ཚོད།
     2018ལོའི་ཟླ3པའི་ཚེས29ཉིན་ནས2018ལོའི་ཟླ4པའི་ཚེས6ཉིན་བར།
(གཉིས) རྒྱུགས་ཞུགས་ཀྱི་བླང་བྱ།
     རྒྱུགས་ཞུགས་མི་སྣས་རང་ཉིད་ཀྱི་གནས་ཚུལ་རགས་བསྡུས་དང་། མཐར་ཕྱིན་འཛིན་ཡིག  ཐོབ་ཐང་ལག་འཁྱེར་བཅས་ཀྱི་མ་ཡིག་དང་དཔར་ཡིག་གཅིག་རེ་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་སུ་སྤྲོད་དགོས།
(གསུམ) རྒྱུགས་ལེན་ཐབས།
     མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་རྒྱུགས་ཞུགས་མི་སྣར་ཁ་རྒྱུགས་དང་ལག་ལེན་དངོས་འཇུག་གི་གོ་རིམ་བརྒྱུད་ནས་འབྲེལ་ཡོད་ཤེས་བྱ་དང་འཇོན་ནུས་ལ་གཞིགས་ཏེ་མི་སྣ་བསྡུ་རྒྱུ་ཡིན།
ལྔ། མི་སྣ་བཀོལ་སྤྱོད་ཀྱི་བྱེད་ཐབས་དང་ཕོགས་ཐོབ།
     (གཅིག) རྒྱུགས་ཞུགས་མི་སྣས་ཁ་རྒྱུགས་འཕྲོད་རྗེས་འབྲེལ་ཡོད་ཀྱི་གཏན་འབེབས་ལྟར་ངལ་རྩོལ་གྱི་གན་རྒྱ་འཇོག་དགོས། ངལ་རྩོལ་གྱི་གན་རྒྱའི་དུས་ཡུན་ལོ་གཅིག་ཡིན་པ་དང་། དེའི་ཁྲོད་ཚོད་ལྟའི་དུས་ཡུན་ཟླ་གཅིག་ཡིན། ཚོད་ལྟའི་དུས་ཡུན་ནང་བྱ་བ་སྒྲུབ་པའི་འཇོན་ནུས་ཞན་ན་གན་རྒྱ་ཕྱིར་འཐེན་བྱ་རྒྱུ་ཡིན། བྱ་བ་ལེགས་འགྲུབ་བྱུང་བའི་གནས་ཚུལ་དང་མི་སྒེར་གྱི་སྤྱོད་སྟངས་བཟང་ན་མུ་མཐུད་དུ་ངལ་རྩོལ་གན་རྒྱ་བཞག་ཆོག
     (གཉིས) ཕོགས་ཐོབ་ནི་སྐབས་སྒྲུབ་ལས་བྱེད་མི་སྣའི་ཚད་གཞི་ལྟར་སྟེར་རྒྱུ་ཡིན་ལ། ཉིན་རེའི་ཞོགས་པ་དང་ཉིན་གུང་གི་ཟ་མ་ཡོད་པ་དང་། འདུག་གནས་འདོན་སྤྲོད་མི་བྱ།
འབྲེལ་གཏུག་བྱ་ཡུལ།
     འབྲེལ་གཏུག་མི་སྣ། བདེ་ཆེན་མཚོ།
     ཁ་པར་ཨང་གྲངས། 0974 - 8522228
     ལས་ཁུངས་ཀྱི་སྡོད་གནས། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་མཁར་བྱང་གཞིས་གསར་གྱི་རིག་གནས་སྨྱན་སྦྱོར་ལྟེ་གནས་ཀྱི་སུམ་ཐོག
མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས།
2018ལོའི་ཟླ3པའི་ཚེས29ཉིན།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...