སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པས་སྐོར་བྲོ་གསར་བ་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་བ།
རྩོམ་པ་པོ། རྡོ་རྗེ་འཇིགས་བྱེད། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-3-30 9:47:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པས་སྐོར་བྲོ་གསར་བ་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་བ།


སྐོར་བྲོ་གསར་བ་སྒྲིག་ཁྲིད་པ་རྒན་བནྡེ་ཚེ་རིང་།


མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པས་སྐོར་བྲོ་གསར་བ་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་བ།

     སློབ་གྲྭ་ནི་སྣ་མང་ཤེས་བྱའི་གཏེར་མཛོད་ལྟ་བུ་ཞིག་ཡིན་པ་སྨོས་མ་དགོས་པ་བཞིན་དུ། སློབ་གྲྭའི་གླིང་དུ་དཔེ་དེབ་དང་འབྲེལ་བའི་ཤེས་བྱར་བློ་སྦྱོང་བྱེད་པ་ལས་གཞན་ད་དུང་རི་མོ་དང་གླུ་གཞས། ཞབས་བྲོ། ལུས་རྩལ་སོགས་ཀྱི་ཤེས་བྱ་ལའང་དང་དོད་ཆེར་བྱེད་བཞིན་ཡོད། དེ་དག་གིས་སློབ་དེབ་དང་འབྲེལ་བའི་ཤེས་བྱར་སློབ་སྦྱོང་ལ་རམ་འདེགས་ངེས་ཅན་ཞིག་བྱེད་ཐུབ་སྟེ། སློབ་མའི་སློབ་སྦྱོང་གི་གནོན་ཤུགས་སེལ་ཐུབ་པ་དང་བདེ་ཐང་གི་ལུས་ཁམས་ཤིག་གསོ་སྐྱོང་བྱེད་པའི་རྨད་བྱུང་གི་ཐབས་ལམ་ཞིག་ཡིན། གཞན་སློབ་རའི་ཉིན་གཅིག་གི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་སྟེ་སློབ་གསེང་གི་ལུས་སྦྱོང་ནི་སློབ་མ་རྣམས་ཀྱི་ཨ་ཐང་ཆད་པའི་ལུས་སེམས་གཉིས་ཀྱི་ངལ་གསོ་ཐེངས་ཤིག་ཡིན་པར་མ་ཟད། ཚན་རིག་དང་མཐུན་པའི་བདེ་ཐང་གི་ལུས་རྩལ་སྦྱོང་བརྡར་གལ་ཆེན་ཞིག་ཡིན། དེ་བས་སློབ་གྲྭ་སོ་སོས་སློབ་གསེང་ལུས་སྦྱོང་ཉིན་རྒྱུན་གྱི་བཀོད་སྒྲིག་རེའུ་མིག་ཏུ་བཞག་ཡོད།
     དེ་བཞིན་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པའང་དེ་ལས་མ་འདས་ཤིང་། གཟའ་རེའི་གཟའ་ཟླ་བ་དང་ལྷག་པ། པ་སངས་གསུམ་ལ་སློབ་མ་རྣམས་ལུས་རྩལ་སྦྱོང་བ་དང་། གཟའ་རེའི་གཟའ་མིག་དམར་དང་ཕུར་བུ། སྤེན་པ་བཅས་ལ་སྐོར་བྲོ་འཁྲབ་ནས་སློབ་གསེང་ལུས་སྦྱོང་གི་སྔར་གྱི་ཆིག་རྐྱང་གི་རྣམ་པ་བསྒྱུར་ཞིང་སྣ་མང་ཕུན་སུམ་ཚོགས་པར་བཏང་ནས་སློབ་མ་རྣམས་ཀྱི་སྤྲོ་བ་བཀུག་པར་མ་ཟད། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ལེགས་པོ་བྱེད་པར་ཡང་ནུས་པ་མི་དམན་པ་ཐོན་བཞིན་ཡོད།
     དེ་ཡང་སློབ་གྲྭའི་ལུས་སྦྱོང་རྣམ་གྲངས་སྣ་མང་ཅན་དང་འཐུས་ཚང་ཅན། དེང་རབས་ཅན། སྤྲོ་སྣང་ཅན་གྱི་ཕྱོགས་སུ་བསྒྱུར་བཅོས་དང་འཕེལ་རྒྱས་སུ་གཏོང་ཆེད། མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པའི་གུང་གཞོན་ཚོགས་པའི་ཚོགས་གཙོ་གཞོན་པ། ས་ཁམས་དགེ་རྒན་བནྡེ་ཚེ་རིང་གིས་ཟླ་བ1ལྷག་གི་དཀའ་བ་བརྒྱ་དང་ངལ་བ་སྟོང་གི་ཁྲོད་ནས་བསླབ་ཕྱིའི་དུས་ཚོད་བེད་སྤྱད་དེ་རོལ་དབྱངས་འཚོལ་སྡུད་དང་སྒྲིག་སྦྱོར་བྱས་པ་བརྒྱུད། དེར་མཐུན་གྱི་སྐོར་བྲོ་གསར་བ་ཚན་པ8གསར་དུ་བསྒྲིགས་ཏེ་སློབ་མའི་འཐུས་ཚབ་པ་རྣམས་ལ་ཁྲིད་པས། སྤྱི་ཟླ3པའི་ཚེས28ཉིན་ཡོངས་སུ་ལེགས་གྲུབ་བྱུང་སྟེ། སློབ་གྲྭའི་དགེ་སློབ་ཡོངས་ལ་སྐོར་བྲོ་གསར་བ་འཁྲབ་སྟོན་བྱས་ཤིང་། དགེ་སློབ་ཡོངས་ཀྱིས་དགའ་བསུ་མི་དམན་པ་འཐོབ་ཅིང་སློབ་གྲྭའི་འགོ་ཁྲིད་དག་གིས་བསྟོད་བསྔགས་མེ་ཏོག་གི་ཕྲེང་བ་གཏོར།
     ཐེངས་འདིའི་སྐོར་བྲོ་གསར་བ་འཁྲབ་སྟོན་གྱི་བྱེད་སྒོ་བརྒྱུད་སློབ་གྲྭའི་དཔྱིད་མགོའི་ཁོར་ཡུག་ཀུན་ཏུ་རྣམ་པ་གསར་བ་ཞིག་གིས་ཡོངས་སུ་ཁྱབ་པར་བྱས་ཤིང་སློབ་མ་རྣམས་ཀྱི་སློབ་གསེང་གི་འཚོ་བ་སྔར་བས་ཕུན་སུམ་ཚོགས་པར་གཏང་བར་བོགས་ཆེན་པོ་ཐོན། འདི་དང་འདི་ལྟའི་བྱ་འགུལ་ལས་རང་རེའི་སློབ་གྲྭས་དེང་རབས་ཅན་གྱི་སློབ་གསོའི་འཕེལ་རྒྱས་ཀྱི་ལམ་བུ་སྙེག་པའི་ལམ་ཕྱོགས་དང་གྲུབ་འབྲས་ཀྱང་ངང་གིས་མཚོན་ནོ།།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...