སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བྲག་དཀར་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གིས་དབྱུག་རྩེད་སྤོ་ལོའི་རུ་ཁག་གསར་འཛུགས་ཀྱི་མཛད་སྒོ་སྤེལ་བ།
རྩོམ་པ་པོ། དཀོན་མཆོག་ཚེ་རིང་། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-4-2 9:13:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


བྲག་དཀར་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གིས་དབྱུག་རྩེད་སྤོ་ལོའི་རུ་ཁག་གསར་འཛུགས་ཀྱི་མཛད་སྒོ་སྤེལ་བ།


མཛད་སྒོའི་སྟེང་གི་རིག་རྩལ་འཁྲབ་སྟོན།

     སྤྱི་ཟླ3པའི་ཚེས30ཉིན་གྱི་ཕྱི་དྲོར། བྲག་དཀར་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གིས་དབྱུག་རྩེད་སྤོ་ལོ་རུ་ཁག་གསར་འཛུགས་ཀྱི་མཛད་སྒོ་སློབ་རའི་ལུས་རྩལ་ར་བ་ནས་གཟབ་རྒྱས་ངང་སྤེལ། མཛད་སྒོའི་སྟེང་དུ་ཁོ་རེ་ཡ་ལྷོ་མ་ནས་ཡིན་པའི་མཚོ་ལྷོ་ཁུལ་དབྱུག་རྩེད་སྤོ་ལོ་རུ་ཁག་གི་དགེ་རྒན་གཙོ་བོ་ཐེན་ཅི་ཁྲང་དང་མཚོ་ལྷོ་ཁུལ་དབྱུག་རྩེད་སྤོ་ལོ་མཐུན་ཚོགས་ཀྱི་ཚོགས་གཙོ། གསེར་ཆེན་རྫོང་མི་རིགས་སློབ་འབྲིང་དབྱུག་རྩེད་སྤོ་ལོ་རུ་ཁག་གི་རུ་གཙོ། བྲག་དཀར་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གི་འབྲེལ་ཡོད་འགོ་ཁྲིད་དང་དགེ་སློབ་ཡོངས་མཉམ་དུ་ཞུགས།


རེ་བ་དང་ཡིད་ཆེས་ཀྱིས་ཕྱུག་པའི་སློབ་གྲྭའི་དབྱུག་རྩལ་སྤོ་ལོའི་རུ་དཔུང་། 


དབྱུག་རྩེད་སྤོ་ལོ་འཁྲབ་སྟོན་གནང་བཞིན་པ།

     མཛད་སྒོའི་གོ་རིམ་ལྟར་དུ་འགོ་ཁྲིད་དག་གིས་དབྱུག་རྩེད་སྤོ་ལོའི་ལུས་རྩལ་གྱི་ཡོན་ཏན་དང་དར་སྤེལ་བྱེད་པའི་དགོས་པ། ན་ཆུང་གཞོན་ནུ་སྐྱེད་སྲིང་ཐད་ཀྱི་དགོས་ངེས་རང་བཞིན་སོགས་རེ་རེ་བཞིན་དུ་གཏམ་བཤད་གལ་ཆེན་གནང་བ་དང་། དེར་མཐུད་ནས་མཚོ་ལྷོ་ཁུལ་དབྱུག་རྩེད་སྤོ་ལོ་མཐུན་ཚོགས་ཀྱི་དགེ་རྒན་རྣམས་ཀྱིས་དབྱུག་རྩེད་སྤོ་ལོའི་རྩེད་སྟངས་ཐད་ནས་འཁྲབ་སྟོན་གཟུགས་འབུལ་བྱས་ལ། ཞོར་དུ་བྲག་དཀར་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གི་སློབ་གྲོགས་ཚོས་ཀྱང་གྱ་ནོམ་པའི་རིག་རྩལ་འཁྲབ་སྟོན་གྱི་རྩེད་མོ་སྣ་ཚོགས་ཤིག་རྒྱ་ཆེ་བའི་དགེ་སློབ་ཡོངས་ཀྱི་གཟིགས་མོར་ཕུལ།


སློབ་གྲྭའི་འགོ་ཁྲིད་ཀྱིས་དབྱུག་རྩལ་སྤོ་ལོའི་དགེ་རྒན་རྣམས་ལ་སེམས་མཚོན་ལེགས་སྐྱེས་འབུལ་བ།



འགོ་ཁྲིད་དང་རྩལ་འཁྲིད་དགེ་རྒན།


དབྱུག་རྩེད་སྤོ་ལོ་རུ་ཁག་གི་མཉམ་པར།

     མཇུག་མཐར་མཛད་སྒོའི་འགྲོ་ལུགས་ལྟར་དུ། བྲག་དཀར་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གི་སློབ་གཙོ་རིག་འཛིན་རྡོ་རྗེས་དངོས་སུ་དབྱུག་རྩེད་སྤོ་ལོ་འཕངས་ནས། བྲག་དཀར་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གིས་དབྱུག་རྩེད་སྤོ་ལོ་རུ་ཁག་དངོས་སུ་དབུ་ཚུགས་པ་དང་ལུས་རྩལ་རྣམ་གྲངས་འདིའི་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པའི་བཀྲ་ཤིས་རྟེན་འབྲེལ་མཚོན་པར་བྱས་ཏེ་ཐེངས་འདིའི་མཛད་སྒོ་བདེ་ལེགས་ངང་མཇུག་བསྡུས་སོ།།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...