སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མང་རྫོང《མང་ཆུ》རྩོམ་རིག་ལོ་དེབ་ཀྱི་རྩོམ་བསྡུའི་བརྡ་ཐོ།
རྩོམ་པ་པོ། 《མང་ཆུ》ལོ་དེབ་རྩོམ་སྒྲིག་ཁང་། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-4-13 10:37:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
རྒྱ་ཆེ་བའི་རྩོམ་པ་པོ་རྣམ་པ།
     《མང་ཆུ》རྩོམ་རིག་ལོ་དེབ་ནི། མཚོ་ལྷོ་ཁུལ་མང་རྫོང་མི་དམངས་སྲིད་གཞུང་གི་རྒྱབ་སྐྱོར་འོག མང་རྫོང་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གིས་རྩོམ་སྒྲིག་འགྲེམ་སྤེལ་བྱེད་བཞིན་པའི་སྣ་འཛོམས་རྩོམ་རིག་སྒྱུ་རྩལ་གྱི་ལོ་དེབ་ཅིག་ཡིན་པ་དང་། ནང་དོན་ལ་སྒྲུང་གཏམ་དང་སྙན་ངག ལྷུག་རྩོམ། དཔྱད་རྩོམ། བསྒྱུར་རྩོམ། རི་མོ། ཡིག་གཟུགས། པར་རིས་སྒྱུ་རྩལ་སོགས་སྣ་མང་བཀོད་དེ་དུས་དེབ་ཀྱི་ཁྱད་ཆོས་ཡོངས་སུ་འཛོམས་པར་བྱས་ཡོད།
     འདིར་སྤྱིའི་འདོན་ཐེངས་བཞི་བའི་རྩོམ་བསྡུ་བྱ་བ་དངོས་སུ་འགོ་བརྩམས་པ་ཡིན་པས། ཁྱེད་རྒྱ་ཆེའི་རྩོམ་རིག་གསར་རྩོམ་ལ་དགའ་མོས་ཡོད་པ་རྣམས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་འོག མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན། དམངས་ཚིས་འཕེལ་རྒྱས་ལ་སོགས་བརྗོད་བྱར་བཟུང་ནས་དུས་རབས་དང་མཐུན་ཞིང་སྤྱི་ཚོགས་ཀྱི་གནས་བབ་མཚོན་པའི་བརྩམས་ཆོས་སྣ་ཚོགས་ངེད་རྩོམ་སྒྲིག་ཁང་ལ་དུས་ལྟར་བསྐུར་བར་སྙིང་ཐག་པ་ནས་དགའ་བསུ་ཞུ།
     གཅིག ལོ་དེབ་འདི་ལ་ཚད་ལྡན་གྱི་རྩོམ་ཡོན་སྟེར་གྱིན་ཡོད་པས། རྩོམ་ཡིག་གི་དག་ཆ་དང་ནང་དོན་ལ་རྩོམ་པ་པོ་རང་རང་གིས་དོ་སྣང་བྱེད་དགོས་པ་མ་ཟད།  དུས་དེབ་དང་ཚགས་པར་གཞན་ལ་མ་བཀོད་པའི་བརྩམས་ཆོས་གསར་བ་ཡིན་དགོས་ལ། གཞན་རྩོམ་བརྐུ་འཁྱེར་སོགས་ཀྱི་འགན་རྩོམ་པ་པོ་རང་གིས་འཁུར་དགོས། 
     གཉིས། རྩོམ་ཡིག་གི་འདེམ་སྒྲུག་ལ་དྲང་བདེན་ཡོང་ཆེད་དང་རྩོམ་ཡིག་གི་མ་ཕྱི་ཉར་ཚགས་བྱེད་བདེ་བའི་ཆེད་དུ། ལོ་དེབ་འདིར་བསྐུར་བྱའི་རྩོམ་ཡིག་ཚང་མ་ཧི་གཟུགས་ཀྱིས་གཏག་དགོས་ཤིང་wordརྣམ་པས་ཐད་ཀར་ལོ་དེབ་ཀྱི་གློག་རྡུལ་ཡིག་སྒམ་དུ་བསྐུར་བ་ལས། རྩོམ་སྒྲིག་པ་སྒེར་ལ་མི་བསྐུར་བར་མཁྱེན།  
     གསུམ། རྩོམ་ཡོན་དང་དུས་དེབ་བསྐུར་བདེ་བའི་ཆེད་དུ། རྩོམ་ཡིག་གི་མཇུག་ཏུ་རྩོམ་པ་པོའི་དངོས་མིང་དང་སྡོད་གནས། འབྲེལ་གཏུག་ཁ་པར། སྦྲག་སྲིད་ཨང་གྲངས་སོགས་གསལ་བོར་འབྲི་རོགས།
     བཞི། རྩོམ་བསྡུའི་དུས་ཚོད། ཟླ4བའི་ཚེས13ཉིན་ནས་ཟླ7པའི་ཚེས1བར་ཡིན། 
     གློག་རྡུལ་ཡིག་སྒམ། gnmqnk@163.com
     འབྲེལ་གཏུག་ཁ་པར། 0974-8502275
མང་རྫོང་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་།
《མང་ཆུ》ལོ་དེབ་རྩོམ་སྒྲིག་ཁང་།
2018ལོའི་ཟླ4བའི་ཚེས13ཉིན།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...