སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི"ལྗང་མྱུག་ཆུན་པོ་རུ་ཁག"ལ་བྱ་དགའ་ཨང་དང་པོ་ཐོབ།
རྩོམ་པ་པོ། ཟླ་བ་ཚེ་རིང་། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-4-28 11:29:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


མཚོ་སྔོན་ཞིང་ཆེན་ཆུང་འབྲིང་སློབ་མའི་འཕྲུལ་ཆས་མིའི་འགྲན་རྩོད་དང་ཚན་རྩལ་གསར་གཏོད་འགྲན་རྩོད་སྐབས་བརྒྱད་པ།


མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་སློབ་མས་ཇུས་འགོད་བྱས་པའི་བརྩམས་ཆོས་ལ་སློབ་འབྲིང་ཚན་སྐོར་ལས་བྱ་དགའ་ཨང་དང་པོ་ཐོབ།


བྱ་དགའ་ཐོབ་པའི་དགེ་སློབ་རྣམ་པ།

     སྤྱི་ཟླ4ཚེས20ནས་ཚེས22ཉིན། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གིས་གཙོ་སྒྲུབ་མཛད་པའི་ཆུང་འབྲིང་སློབ་མའི་འཕྲུལ་ཆས་མིའི་འགྲན་རྩོད་དང་ཚན་རྩལ་གསར་གཏོད་འགྲན་རྩོད་སྐབས་བརྒྱད་པ་དེ་གནའ་མཁར་ཟི་ལིང་ནས་སྤེལ་ཞིང་། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་སློབ་མས་ཇུས་འགོད་བྱས་པའི་བརྩམས་ཆོས་ལ་སློབ་འབྲིང་ཚན་སྐོར་ལས་བྱ་དགའ་ཨང་དང་པོ་ཐོབ་ལ། དགེ་རྒན་ནམ་མཁའི་སྙིང་བོ་ལ་ཕུལ་བྱུང་མཛུབ་ཁྲིད་དགེ་རྒན་གྱི་མཚན་སྙན་ཐོབ།
     ཐེངས་འདིའི་འགྲན་བསྡུར་དེ་ཇུས་འགོད་གསར་གཏོད་འགྲན་བསྡུར་དང་། Firstsལས་དོན་འགྲན་བསྡུར། Firstsཚན་རྩལ་འགྲན་བསྡུར། དགེ་རྒན་གྱི་ནུས་རྩལ་འགྲན་བསྡུར་སོགས་འགྲན་བསྡུར་རྣམ་གྲངས6ཏུ་ཕྱེས་ཡོད་པ་དང་། ཞིང་ཆེན་ཡོངས་ནས་རུ་ཁག160ལྷག་འགྲན་བསྡུར་ལ་ཞུགས་ཤིང་། དེ་དག་སློབ་ཆུང་ཚན་སྐོར་དང་སློབ་འབྲིང་ཚན་སྐོར་གཉིས་སུ་བགོས་ནས་ཛ་དྲག་ཆེ་བའི་འགྲན་བསྡུར་བྱས།
     འགྲན་བསྡུར་འདི་ནི་ཏང་གི་ཚོགས་ཆེན་བཅུ་དགུ་བའི"རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་དང་འཐབ་ཇུས་ཚན་རྩལ་ནུས་ཤུགས་ཆེ་རུ་བསྐྱེད་པའི"འབྲེལ་ཡོད་དམིགས་འབེན་གྱི་རེ་འདུན་ལྟར། ཆུང་འབྲིང་སློབ་མའི་སྤྱི་ཚོགས་ཀྱི་འགན་འཁྲིའི་འདུ་ཤེས་དང་། གསར་གཏོད་ཀྱི་སྙིང་སྟོབས་དང་ལག་ལེན་གྱི་ནུས་པ་སྐྱེད་སྲིང་བྱེད་པ་དང་། འགྲན་བསྡུར་དེ་ཚོགས་འདུའི་ཨུ་ཡོན་ལྷན་ཚོགས་ཀྱི་བཀོད་སྒྲིག་འོག་སྤེལ་ཅིང་། རང་རེའི་སློབ་གྲྭའི་སློབ་མའི་གྲུབ་པའི"ལྗང་མྱུག་ཆུན་པོ་རུ་ཁག"དེ་དགེ་རྒན་ནམ་མཁའི་སྙིང་བོའི་མཛུབ་ཁྲིད་འོག"ཟས་རིགས་བདེ་འཇགས"བརྗོད་གཞིར་བཟུང་ཞིང་། "ཟས་རིགས་བདེ་འཇགས་དང་མིའི་རིགས་ཀྱི་བདེ་ཐང་འཕེལ་རྒྱས"ཀྱི་ངོས་ནས་རང་གི་བསམ་པའི་རྟོག་འཆར་ཡངས་པོ་ཕྱེས་ཤིང་མཐུན་སྒྲིལ་རོགས་རེས་ཀྱི་སྙིང་སྟོབས་འདོན་སྤེལ་བྱས་ནས་ཁ་བྱང་ལ"སྔོ་ཚལ་བདེ་འཇགས་ཞིབ་བཤེར་ལྟེ་གནས"ཞེས་པ་སློབ་འབྲིང་ཚན་སྐོར་གྱི་གསར་གཏོད་འགྲན་བསྡུར་ཁྲོད་བྱ་ཨང་དང་པོ་ཐོབ་པ་དང་དཔྱད་འདེམ་ཨུ་ཡོན་ལྷན་ཚོགས་ཀྱིས་བསྔགས་བརྗོད་མི་དམན་པ་ཐོབ་པར་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་ཚབ་བྱས་ནས་རྒྱལ་ཁབ་རིམ་པའི་གསར་གཏོད་འགྲན་བསྡུར་ལ་ཞུགས་ཐུབ་པ་བྱུང་བས་སློབ་གྲྭའི་མཚན་སྙན་གྱི་བ་དན་དགུང་དུ་བཏེགས།
     ཐེངས་འདིའི་འགྲན་བསྡུར་ནི་ན་ཆུང་གཞོན་ནུ་རྣམས་ཀྱིས་བསླབ་དེབ་ལས་བསླབས་པའི་བསླབ་ཚན་མང་པོའི་ཤེས་བྱ་ལག་ལེན་དུ་བཀོད་པ་དང་། ཁོ་ཚོར་བསླབ་ཚན་ལག་རྩལ་ལ་སློབ་སྦྱོང་བྱེད་པར་སྤྲོ་བས་བརྟས་ཤིང་། ད་དུང་ཁོ་ཚོའི་གསར་གཏོད་འདུ་ཤེས་དང་ལག་འགུལ་ནུས་པ། ཐུན་མོང་སྙིང་སྟོབས་སྐྱེད་སྲིང་བྱེད་པར་ནུས་པ་མི་དམན་པ་ཐོན་ལ། སློབ་གྲྭའི་ཚན་རྩལ་སློབ་གསོའི་བྱ་འགུལ་སྐུལ་འདེད་གཏོང་བར་ཡང་ནུས་པ་བླ་ལྷག་ཐོན་པ་དང་སྦྲགས། རང་རེའི་སློབ་གྲྭའི་ཚན་རྩལ་གསར་གཏོད་རྣམ་པའི་ཤེས་ལྡན་མི་སྣའི་དཔུང་ཁག་བཙུགས་པར་སྐྱེད་སྲིང་དང་བོད་ཁུལ་གྱི་རྩེར་སོན་སློབ་གྲྭ་བསྒྲུབ་པར་རྨང་གཞི་བརྟན་པོར་བཏིངས་ཡོད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...