སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
《མང་རྫོང་སློབ་གསོའི་ལྟ་སྐུལ》(རྒྱ་ཡིག་དེབ)གྱི་འགྲེམ་སྤེལ་མཛད་སྒོ་སྤེལ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-5-11 9:15:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


《མང་རྫོང་སློབ་གསོའི་ལྟ་སྐུལ》(རྒྱ་ཡིག་དེབ)གྱི་འགྲེམ་སྤེལ་མཛད་སྒོ་སྤེལ།


རྫོང་དཔོན་གཞོན་པ་བློ་མཐུན་འབྲུག་འབུམ་རྒྱལ་གྱིས་མཛད་སྒོའི་སྟེང་གཏམ་བཤད་གལ་ཆེན་གནང་།


མང་རྫོང་སློབ་གསོ་ལྟ་སྐུལ་ཁང་གི་འགོ་བ་བློ་མཐུན་ཚུམ་བྷོས་མདོ་འཛིན་མཛད།


རྫོང་ཨུའི་རྒྱུན་ཨུའམ་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་བློ་མཐུན་འབྲུག་རྒྱལ་གྱིས་རྩོམ་སྒྲིག་པ་རྣམས་ལ་རྩོམ་སྒྲིག་གི་གདན་ཞུའི་དཔང་ཡིག་གནང་།


《མང་རྫོང་སློབ་གསོའི་ལྟ་སྐུལ》(རྒྱ་ཡིག་དེབ)གྱི་འགྲེམ་སྤེལ་མཛད་སྒོ་སྤེལ།


《མང་རྫོང་སློབ་གསོའི་ལྟ་སྐུལ》(རྒྱ་ཡིག་དེབ)།

     སྤྱི་ཟླ5བའི་ཚེས9ཉིན་གྱི་སྔ་དྲོ། མཚོ་ལྷོ་ཁུལ་མང་རྫོང་སྲིད་གཞུང་སློབ་གསོ་ལྟ་སྐུལ་ཁང་གིས་སྲིད་འཛིན་ཐོག་ཁང་བཅོ་ལྔ་བའི་ནུབ་ཕྱོགས་གྲོས་ཚོགས་ཁང་ནས《མང་རྫོང་སློབ་གསོའི་ལྟ་སྐུལ》(རྒྱ་ཡིག་དེབ)གྱི་འགྲེམ་སྤེལ་མཛད་སྒོ་སྤེལ། ཚོགས་ཐོག་ཏུ་རྫོང་སྲིད་གཞུང་གི་འབྲེལ་ཡོད་འགོ་ཁྲིད་དང་། ཡུལ་གྲོང་སོ་སོའི་གཙོ་འགན་པ། རྫོང་རིམ་པའི་འབྲེལ་ཡོད་འགོ་ཁྲིད་དང་སློབ་གྲྭ་ཆུང་འབྲིང་གི་སློབ་གཙོ། རྫོང་མཁར་བྱིས་སྐྱོང་གླིང་གི་གླིང་གཙོ། དུས་དེབ་ཀྱི་རྩོམ་སྒྲིག་པ་དང་རྩོམ་པ་པོའི་འཐུས་ཚབ་སོགས་མི30ལྷག་ཞུགས་ཡོད།
     རྫོང་ཨུའི་རྒྱུན་ཨུའམ་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་བློ་མཐུན་འབྲུག་འབུམ་རྒྱལ་གྱིས་མཛད་སྒོའི་སྟེང་གཏམ་བཤད་གལ་ཆེན་གནང་བ་སྟེ། ཁོང་ན་རེ། 《མང་རྫོང་སློབ་གསོའི་ལྟ་སྐུལ》(རྒྱ་ཡིག་དེབ)ནི་རྩོམ་པ་པོ་རྣམས་ཀྱི་སྒྱུ་རྩལ་གསར་རྩོམ་དང་མཐོང་ཡངས་ཀྱི་མིག་རྒྱང་། རྩ་མང་གི་བསམ་ཕྱོགས་དང་རྣོ་མྱུར་གྱི་ཡི་གེ་སོགས་ཀྱིས་མང་རྫོང་གི་སློབ་གསོ་ཕྱིར་མངོན་དུ་བཅུག་པ་དང་། འཕེལ་རྒྱས་ཀྱི་གྲུབ་འབྲས་གླུ་རུ་ལེན་པ། སློབ་གསོའི་ལས་དོན་ལ་དགའ་བའི་སྣང་བརྙན་འབུར་དུ་བཏོད་པ། དུས་རབས་ཀྱི་ཁྱད་ཆོས་མངོན་ཕྱུང་བ་སོགས་ཉེ་བའི་ལོ་འདི་དག་གི་ནང་མང་རྫོང་ལ་མེད་དུ་མི་རུང་བའི་སློབ་གསོའི་འབྲས་ལེགས་ཤིག་ཡིན། རེ་བ་ཡིན་ན། རྫོང་སྲིད་གཞུང་སློབ་གསོ་ལྟ་སྐུལ་ཁང་གིས་འདི་ཉིད་གོ་སྐབས་ཤིག་ཏུ་བརྩིས་ནས། མཐུན་སྒྲིལ་གྱི་སྒོ་ནས་རྫོང་ཡོངས་ཀྱི་རྒྱ་ཆེའི་རྩོམ་པ་པོ་དང་སློབ་གསོའི་མི་སྣ་རྣམས་སྐུལ་སློང་གང་ལེགས་བྱས་ནས་གསར་རྩོམ་གྱི་འདུན་པ་སྤེལ་བ་དང་། བརྩམས་ཆོས་མང་དུ་འདོན་པ། བརྩམས་ཆོས་གང་ལེགས་འདོན་པ་སོགས་བྱས་ནས་མང་རྫོང་གི་སློབ་གསོར་ཕྱག་རྗེས་འཇོག་དགོས་ཟེར།
     ཚོགས་ཐོག་ཏུ། 《མང་རྫོང་སློབ་གསོའི་ལྟ་སྐུལ》(རྒྱ་ཡིག་དེབ)གྱི་གཙོ་སྒྲིག་པ་བློ་མཐུན་ཡོས་ཀྲིན་གྱིས་དུས་དེབ་འདི་སྤེལ་བའི་དགོས་པ་དང་དམིགས་ཡུལ། རྒྱབ་ཤོག་ཇུས་འགོད་དང་ལེ་ཚན་རྩོམ་སྒྲིག་སོགས་ཀྱི་ཕྱོགས་ལ་ཕྲ་ཞིབ་ཀྱིས་ངོ་སྤྲོད་བྱས་པ་སྟེ། 《མང་རྫོང་སློབ་གསོའི་ལྟ་སྐུལ》(རྒྱ་ཡིག་དེབ)ལ་གཙོ་བོ་སློབ་གསོའི་ཆབ་སྲིད་མཛུབ་སྟོན་དང་། སློབ་ཁྲིད་ཀྱི་བདག་དོམ་དཔེ་རྣམ། སློབ་གསོའི་ལག་ལེན་སྟེགས་བུ། སློབ་གསོའི་མཛེས་རྩོམ་དོ་ར། སློབ་གསོ་མཁས་པའི་ལེགས་བཤད། སློབ་མའི་བརྩམས་ཆོས་དྲག་འདེམས་སོགས་ཡོད་པ་དང་། དེ་དག་ལ་བསྐུར་བའི་རྩོམ་ཡིག་ལ་རྩོམ་ཡོན་ཡོད་པ་སོགས་ངོ་སྤྲོད་གནང་།
     དེ་མིན། རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་ནམ་དུས་དེབ་ཀྱི་གདན་ཞུས་རྩོམ་སྒྲིག་པ་ལིག་ལེ་ཆོན་གྱིས་རྩོམ་པ་པོའི་ཚབ་བྱས་ནས་རྣམ་འགྱུར་མཚོན་པའི་གཏམ་བཤད་གལ་ཆེན་གནང་བ་དང་། རྫོང་ཨུའི་རྒྱུན་ཨུའམ་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་བློ་མཐུན་འབྲུག་རྒྱལ་གྱིས་རྫོང་མི་དམངས་སྲིད་གཞུང་གི་ཚབ་མཛད་དེ་དུས་དེབ་ཀྱི་རྩོམ་སྒྲིག་པ་རྣམས་ལ་རྩོམ་སྒྲིག་གི་གདན་ཞུའི་དཔང་ཡིག་གནང་ལ། རྫོང་ཨུའི་རྒྱུན་ཨུའམ་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་བློ་མཐུན་འབྲུག་རྒྱལ་དང་ཆེད་ཞུའི་རྩོམ་སྒྲིག་པ་བློ་མཐུན་ཞུས་ཧྲའོ་ཧེ་རྣམ་གཉིས་ཀྱིས་མཛད་སྒོའི་ཡོལ་བ་ཕྱེ།
     《མང་རྫོང་སློབ་གསོའི་ལྟ་སྐུལ》(བོད་རྒྱ་ཡིག་རིགས་གཉིས)བདེ་བླག་ངང་འགྲེམ་སྤེལ་བྱེད་ཐུབ་པ་བྱུང་བ་འདིས། མང་རྫོང་གི་དགེ་སློབ་ཚོའི་རིག་གཞུང་སྤེལ་རེས་དང་སློབ་ཁྲིད་ཞིབ་འཇུག མང་རྫོང་གི་སློབ་གསོ་དྲིལ་སྒྲོག སློབ་གསོ་དང་སློབ་ཁྲིད་ཀྱི་རྒྱུ་སྤུས་མུ་མཐུད་དུ་མཐོར་འདེགས་ཡོང་བ་སོགས་ཀྱི་ཕྱོགས་ལ་དགེ་མཚན་དང་དོན་སྙིང་ཆེན་པོ་ཡོད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...