སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ས་ཁུལ་གྱི་སློབ་མ་དེ་རིང་མཐོ་རྒྱུགས་སུ་ཞུགས་པ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-6-7 15:24:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


སློབ་མ་རྣམས་མཐོ་རྒྱུགས་སུ་ཞུགས་པ།(སྟོབས་ལྡན་རྡོ་རྗེས་པར་བླངས)


མཐོ་རྒྱུགས་ལེན་དུ་འགྲོ་བ།(སྟོབས་ལྡན་རྡོ་རྗེས་པར་བླངས)


མཐོ་རྒྱུགས་ལེན་དུ་འགྲོ་བ།(སྟོབས་ལྡན་རྡོ་རྗེས་པར་བླངས)


མཐོ་རྒྱུགས་སུ་ཞུགས་པའི་རྣམ་པ།(སྟོབས་ལྡན་རྡོ་རྗེས་པར་བླངས)


ཆར་བའི་ཁྲོད་ཀྱི་འགྲིམ་འགྲུལ་ཉེན་རྟོག་པ།(སྟོབས་ལྡན་རྡོ་རྗེས་པར་བླངས)


གསེར་ཆེན་རྫོང་གི་མཐོ་རྒྱུགས་བྱམས་གཅེས་རླངས་འཁོར།(སྟོབས་ལྡན་རྡོ་རྗེས་པར་བླངས)

     སྤྱི་ཟླ6པའི་ཚེས7ཉིན། མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གི་སློབ་མ993མཐོ་རྒྱུགས་ར་བར་ཆས་ཏེ2018ལོའི་མཐོ་རྒྱུགས་སུ་ཞུགས་ཤིང་། དེ་ལས་རྒྱའི་སྐད་ཀྱི་རིག་ཚན་སློབ་མ204དང་བོད་སྐད་ཀྱི་རིག་ཚན་སློབ་མ183། རྒྱའི་སྐད་ཀྱི་རང་བྱུང་ཚན་རིག་སྐོར་གྱི་སློབ་མ410། བོད་སྐད་ཀྱི་རང་བྱུང་ཚན་རིག་སློབ་མ196ཡོད། བསྡོམས་པས་རྒྱུགས་ར34སྟེ། དེ་ལས་རྒྱའི་སྐད་ཀྱི་རང་བྱུང་ཚན་རིག་རྒྱུགས་ར14དང་བོད་སྐད་ཀྱི་རང་བྱུང་ཚན་རིག་རྒྱུགས་ར7། རྒྱའི་སྐད་ཀྱི་རིག་ཚན་རྒྱུགས་ར7། བོད་སྐད་ཀྱི་རིག་ཚན་རྒྱུགས་ར6བཅས་བཙུགས།
     རྒྱུས་ལོན་པ་ལྟར་ན། ད་ལོར་མཚོ་ལྷོ་ཁུལ་གྱི་བསྡོམས་པས་སློབ་མ3813གྱིས་མཐོ་རྒྱུགས་ལ་་མིང་ཐོ་བཀོད་ཅིང་། མིང་ཐོ་བཀོད་པའི་སྤྱིའི་མི་གྲངས་དེ2017ལོ་དང་བསྡུར་ན་མི302ཀྱིས་མང་དུ་ཕྱིན། དེ་ལས་རིག་ཚན་སྐོར་གྱི་སློབ་མ1758དང་རང་བྱུང་ཚན་རིག་སྐོར་གྱི་སློབ་མ2055ཡོད། བསྡོམས་པས་མཚོ་ལྷོ་ཁུལ་གྱི་རྒྱུགས་ལེན་ས་ཚིགས5དང་། ཚད་གཞི་ཅན་རྒྱུགས་ར128དང་གྲབས་སྤྱོད་རྒྱུགས་ར7བཅས་བཙུགས།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...