སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྒྱལ་སྤྱིའི་ཞང་ཞུང་རིག་གནས་དཔྱད་གླེང་ཚོགས་འདུ་ལྷ་སར་འཚོགས་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-6-20 9:22:00 རྩོམ་ཁུངས། ཀྲུང་དབྱངརླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། ཀློག་གྲངས།

     སྤྱི་ཟླ6པའི་ཚེས16ཉིན་ནས་བཟུང་ཉིན3རིང་། བོད་ལྗོངས་ལྷ་ས་དང་མངའ་རིས་གཉིས་ཀྱིས་མཉམ་དུ་སྒྲུབ་པའི་ཞང་ཞུང་རིག་གནས་རྒྱལ་སྤྱིའི་རིག་གཞུང་དཔྱད་གླེང་ཚོགས་འདུ་སྐབས་དང་པོ་དེ་ལྷ་སའི་གནས་མཆོག་ལྷ་ཡུལ་གླིང་ལྔའི་གསོལ་མགྲོན་ཁང་ཆེན་མོ་རུ་དངོས་སུ་འཚོགས་ཤིང་། ཀྲུང་གོའི་འབྲེལ་ཡོད་ཞིབ་འཇུག་པ་དང་། ཨ་རི། ཧྥ་རན་སི། དབྱི་ཐ་ལི། ཁ་ན་ཏ་སོགས་རྒྱལ་ཁབ་ནས་ཕེབས་པའི་ཞིབ་འཇུག་མང་པོ་ཐེངས་འདིའི་ཚོགས་འདུར་ཞུགས།

     ཐེངས་འདིའི་ཚོགས་འདུ་རུ། བོད་རིག་པའི་ཞིབ་འཇུག་པ་རྣམས་ཀྱིས་ཞང་ཞུང་རིག་གནས་དང་། རྒྱལ་རབས་ལོ་རྒྱུས། གནའ་རྫས་རྟོག་ཞིབ་སོགས་ཐད་ནས་དཔྱད་གཏམ་སྒྲོག་སྦྱངས་གནང་ཡོད་པ་དང་། ཞང་ཞུང་རིག་གནས་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་རིག་གནས་ཀྱི་གལ་ཆེའི་གྲུབ་ཆ་ཞིག་ཡིན་པ་མ་ཟད། དེས་བོད་ཡོངས་ཀྱི་ཤེས་རིག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ཅིང་། ཞང་ཞུང་རིག་གནས་ལ་མུ་མཐུད་ཞིབ་འཇུག་གཏིང་ཟབ་བྱེད་པའི་དགོས་པ་ཡོད་པ་བསྟན་འདུག


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...