སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྔ་བ་ཁུལ་གྱིས་འཛམ་གླིང་བརྩམས་ཆོས་གྲགས་ཅན་བོད་འགྱུར་དཔེ་ཚོགས་ཀྱི་འགྲེམ་སྤེལ་ཚོགས་འདུ་བསྡུས།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-7-11 11:02:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     སྤྱི་ཟླ7པའི་ཚེས9ཉིན། རྔ་བ་ཁུལ་གྱིས《འཛམ་གླིང་བརྩམས་ཆོས་གྲགས་ཅན་བོད་འགྱུར་དཔེ་ཚོགས》ཀྱི་འགྲེམ་སྤེལ་ཚོགས་འདུ་དང་སྒྲིག་སྒྱུར་རིག་གཞུང་འབྲེལ་འདྲིས་ཚོགས་འདུ་དེ་འབར་ཁམས་གྲོང་ཁྱེར་དུ་བསྡུས་ཤིང་། རྔ་བ་ཁུལ་ཨུ་དང་དྲིལ་སྒྲོག་པུའི་པུའུ་ཀྲང་དབྱང་ཞིང་། རྔ་བ་ཁུལ་དམངས་ཆེན་རྒྱུན་ཨུའི་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་རུའེ་གྲོས་ཚོགས་སུ་ཞུགས།

     རྒྱུས་ལོན་པ་ལྟར་ན། རྔ་བ་ཁུལ་བོད་ཡིག་སྒྲིག་སྒྱུར་ཅུའུ་དང་ཁུལ་སློབ་གསོ་ཅུའུ། སི་ཁྲོན་ལྕགས་ལོ་བོད་འགྱུར་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་ཟི་བཅས་ཀྱིས་ལོ་ངོ2རིང་འཛམ་གླིང་བརྩམས་ཆོས་གྲགས་ཅན18ལོ་ཙཱ་བྱས་པ་མ་ཟད། 《འདས་ལོག》དང《མོའོ་ཕའོ་སན་གྱི་སྒྲུང་ཐུང་ལེགས་བཏུས》། 《མི་སྣ་གྲགས་ཅན་གྱི་མཛད་རྣམ》སོགས་འཛམ་གླིང་བརྩམས་ཆོས་གྲགས་ཅན6དངོས་སུ་པར་བསྐྲུན་གནང་།
     གྲོས་ཚོགས་སུ། རྔ་བ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་འབར་ཁམས་སློབ་འབྲིང་། རྔ་བ་རྫོང་བོད་ཡིག་སློབ་འབྲིང་སོགས་སློབ་གྲྭ12ལ《འཛམ་གླིང་བརྩམས་ཆོས་གྲགས་ཅན་བོད་འགྱུར་དཔེ་ཚོགས》117སྐྱེས་སུ་ཕུལ།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...