སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ཀྱི་གཏམ་དཔེ་འགྲན་སྡུར་སྐབས་དང་པོའི་གསལ་བརྡ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-8-17 10:45:00 རྩོམ་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས།
     བོད་ཀྱི་གཏམ་དཔེ་ནི་ལུས་སྲོག་རྒྱན་གསུམ་གྱིས་གྲུབ་པའི་ཚིག་སྦྱོར་ཐུན་མོང་མ་ཡིན་པ་ཞིག་ཡིན་ཏེ། དེ་ནི་གོ་སླ་ཞིང་ཉན་བདེ་བ། དོན་འདུས་ཤིང་གནད་ཕིགས་པ། བརྗོད་བདེ་ཞིང་ཚིག་སྙན་པ་ཞིག་ཡིན་ལ། གཏམ་བཤད་སྐབས་བརྗོད་བྱའི་དོན་གནད་ཅིག་ལ་དེར་བསྟུན་གྱི་གཏམ་དཔེ་སྣ་ཚོགས་ཕྲེང་བར་བརྒྱུས་ནས་གསལ་བོར་སྟོན་པ་ཞིག་ཡིན་པས་བོད་ཀྱི་སྤྱི་ཚོགས་འཚོ་བའི་ཁྲོད་ནུས་པ་གལ་ཆེན་ཐོན་གྱིན་ཡོད་ཅིང་། བོད་མི་དམངས་ཀྱི་དུས་ཡུན་རིང་བོའི་ཐོན་སྐྱེད་འཚོ་བའི་ཁྲོད་དོན་གྱི་གནས་ལུགས་གཞིར་བཟུང་ནས་ཐུན་མོང་དུ་གསར་རྩོམ་བྱས་ཏེ་མི་རབས་ནས་མི་རབས་སུ་ངག་བརྒྱུད་བྱས་ཏེ་ཡོང་བའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན།
     བོད་ཀྱི་ཐུན་མོང་མ་ཡིན་པའི་དམངས་ཁྲོད་རིག་གནས་རྩ་ཆེན་འདི་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་གཏང་ཆེད། མཚོ་སྔོན་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་མི་རིགས་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས། རྨ་ལྷོ་ཁུལ་རྩེ་ཁོག་རྗོང་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་སྒོས་བོད་ཀྱི་གཏམ་དཔེ་འགྲན་སྡུར་སྐབས་དང་པོ་དེ་སྤྱི་ཟླ8ཚེས23ཉིན་རྨ་ལྷོ་རྩེ་ཁོག་ནས་བསྡུ་འཆར་ཡོད་པ་དང་། ཐེངས་འདིའི་འགྲན་སྡུར་ནས་བོད་དམངས་ཁྲོད་ཀྱི་གཏམ་དཔེ་བཤད་མཁན་ཁག་ཅིག་གདན་ཞུ་བྱས་ནས་འགྲན་སྡུར་བྱ་རྒྱུ་ཡིན།
     ཐེངས་འདིའི་གདན་ཞུའི་འགྲན་སྡུར་ལ་རྨ་ལྷོ་འགྲན་ཞུགས་རུ་ཁག་དང་མཚོ་ལྷོ་འགྲན་ཞུགས་རུ་ཁག མཚོ་ནུབ་འགྲན་ཞུགས་རུ་ཁག མཚོ་བྱང་འགྲན་ཞུགས་རུ་ཁག མགོ་ལོག་འགྲན་ཞུགས་རུ་ཁག ཀན་ལྷོ་འགྲན་ཞུགས་རུ་ཁག་བཅས་གདན་ཞུ་བྱས་ཡོད།
     བྱ་དགའི་ཨང་རིམ་ལ་ཨང་དང་པོ་གཅིག་དང་ཨང་གཉིས་པ་གཉིས། ཨང་གསུམ་པ་གསུམ། ཕུལ་བྱུང་བྱ་དགའ8བཅས་ཡོད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...