སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གངས་རྒྱན་མེ་ཏོག་རྟགས་མའི་སློབ་ཆེན་སློབ་མའི་སྙན་ངག་གྱེར་འདོན་དང་རྩོམ་སྒྲིག་བྱ་དགའི་གྲ་སྒྲིག་ཚོགས་འདུ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-8-20 11:28:00 རྩོམ་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས།

     སྤྱི་ཟླ8པའི་ཚེས15ཉིན། གངས་རྒྱན་མེ་ཏོག་རྟགས་མའི་རྒྱལ་ཡོངས་བོད་ཀྱི་སློབ་ཆེན་སློབ་མའི་གསར་རྩོམ་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་གསུམ་པ་དང་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་སྐབས་ལྔ་བའི་གྲ་སྒྲིག་ཚོགས་འདུ་ཟི་ལིང་གྲོང་ཁྱེར་གྱི་གཙུག་ལག་ཕྲེང་བ་དཔེ་ཀློག་བསྟི་གནས་སུ་བསྡུས།
     ཐེངས་འདིའི་ཚོགས་འདུར་མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། གངས་རྒྱན་མེ་ཏོག་རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་ཀླུ་འབུམ་རྒྱལ་གྱིས་མགོ་འཛིན་མཛད་པ་དང་། ཚོགས་འདུའི་སྟེང་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དཔའ་རྩེ་དང་། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྨེ་རུ་ཡུལ་ལྷ་ཐར། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་མཚོ་སྐྱེས་དོན་གྲུབ་ཚེ་རིང་། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཨ་རྡོར། མཚོ་སྔོན་མི་རིགས་སློབ་གཞི་རྩོམ་སྒྱུར་ལྟེ་གནས་སྐད་ཡིག་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ། ལྗོངས་ཞིང་ལྔའི་སྐད་ཡིག་རྩོམ་སྒྲིག་ལས་ཚན་གྱི་རྒྱུན་ལས་གཙོ་སྒྲིག་པ་གཞོན་པ་ཚེ་འབར། མཚོ་སྔོན་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཐའེ་ཀྲང་གཞོན་པ་བྱམས་པ་བཀྲ་ཤིས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱི་སྙན་སྒྲོན་པ། བོད་ཀྱི་སྙན་ངག་པ་འབྲོང་། མཚོ་སྔོན་གངས་རྒྱན་ན་ཆུང་ཚགས་པར་ཁང་གི་རྩོམ་སྒྲིག་པ། བོད་ཀྱི་སྙན་ངག་པ་གེ་སར། རྩོམ་རིག་དཔྱད་བརྗོད་པ་ཕུན་ཚོགས་རྒྱལ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱི་མདོ་འཛིན་པ། བོད་ཀྱི་སྙན་ངག་པ་རུས་པ། དེ་མིན་ད་དུང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་མ་དང་སྨྱན་བྱད་ལས་ཁུངས་ཀྱི་གསར་འགོད་པ་སོགས་ཁྱོན་བསྡོམས་མི་ཉི་ཤུ་ལྷག་ཐེངས་འདིའི་ཚོགས་འདུར་ཞུགས།
     རྩོམ་རིག་བྱ་དགའི་གོ་རིམ་ཚད་ལྡན་དང་དྲང་བདེན་གྱི་རང་བཞིན་སོགས་ལ་དམིགས་ནས། གངས་རྒྱན་མེ་ཏོག་རྩོམ་སྒྲིག་ཁང་གིས་ཆེད་དུ་བོད་ཁམས་ཡོངས་ལ་ཁ་ཕྱོགས་ཏེ་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ལ་བློ་དཀར་ཞིང་རྩོམ་རིག་གཞུང་ལུགས་ལ་མཁྱེན་དཔྱོད་ཡངས་པ་དང་། ལྷག་ཏུ་བོད་ཀྱི་དེང་རབས་རྩོམ་རིག་གི་གསར་རྩོམ་དང་དཔྱད་བརྗོད་ཐད་གྲུབ་འབྲས་ངེས་ཅན་བླངས་ཡོད་པའི་རྩོམ་པ་པོའམ་དཔྱད་བརྗོད་པ་ལྔ་གདན་འདྲེན་བྱས་པ་དང་། གདམ་བྱའི་བརྩམས་ཆོས་ཀྱི་ཁྱབ་ཁོངས2015ལོ་ནས2017ལོའི་བར་གྱི་ལོ་གསུམ་རིང་གི《གངས་རྒྱན་མེ་ཏོག》དེབ་གྲངས་བཅུ་གཉིས་སྟེང་སྤེལ་ཟིན་པའི་བརྩམས་ཆོས་ཀྱི་ཁྲོད་དུ་སྙན་ངག་དཔྱད་བརྗོད(ཕྲན་དཔྱད)གཅིག་དང་སྙན་ངག་རིང་མོ་གཅིག རང་མོས་དང་ཚིགས་བཅད། ལྷུག་རྩོམ་སྙན་ངག་སོགས་གང་རུང་ལས་བརྩམས་ཆོས་ཀྱི་གྲངས་ཀ་བསྡོམས་པས་ལྔ་འདེམ་རྒྱུ་བྱས་པ་དང་།  ཟླ8པའི་ཚེས15ཉིན་དཔྱད་འདེམས་པ་དང་གདན་ཞུའི་སྐུ་མགྲོན་རྣམས་ཟི་ལིང་ནས་གཞི་གཅིག་ལ་འཛོམས་ཏེ་མཐའ་མཇུག་གི་བརྡར་ཤ་བཅད་པ་དང་། གངས་རྒྱན་མེ་ཏོག་རྟགས་མའི་རྒྱལ་ཡོངས་བོད་ཀྱི་སློབ་ཆེན་སློབ་མའི་གསར་རྩོམ་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་གསུམ་པ་དང་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་སྐབས་ལྔ་བ་དང་འབྲེལ་ནས་བོད་ཀྱི་རྩོམ་རིག་སྤྱིའི་མཁའ་དབུགས་དང་གནས་བབ་ལ་བགྲོ་གླེང་བྱས།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...