སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་བྱང་ཁུལ་སྤྱི་བདེ་ཅུའུ་ཡིས་ཉེན་དོན་རམ་འདེགས་མི་སྣ50བསྡུ་བའི་བརྡ་སྦྱོར།
རྩོམ་པ་པོ། མཚོ་བྱང་ཁུལ་སྤྱི་བདེ་ཅུའུ་ཆབ་སྲིད་པུའུ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-10-12 9:51:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     《མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཉེན་དོན་རམ་འདེགས་མི་སྣའི་དོ་དམ་བྱེད་ཐབས》དང《མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཉེན་དོན་རམ་འདེགས་མི་སྣའི་བཀོལ་སྤྱོད་དོ་དམ་བྱེད་ཐབས(ཚོད་ལྟ)》། ཞིང་ཆེན་སྤྱི་བདེ་ཐིན་དང་ཞིང་ཆེན་སྒྲིག་ཁོངས་གཞུང་སྒྲུབ་ཁང་།ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱི《ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཉེན་དོན་རམ་འདེགས་མི་སྣའི་གྲོན་དངུལ་དང་ཆེས་དམའ་བའི་ཟླ་ཕོགས་ཚད་གཞི་གཤམ་སྤྲོད་ཐད་ཀྱི་བརྡ་སྦྱོར》སོགས་ཀྱི་ཡིག་ཆའི་དགོངས་དོན་གཞིར་བཟུང་སྟེ། མཚོ་བྱང་ཁུལ་སྤྱི་བདེ་ཅུའུ་ཡིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ཏེ་ཉེན་དོན་རམ་འདེགས་མི་སྣ་བསྡུ་བའི་བརྡ་སྦྱོར་སྤྱི་བསྒྲགས་བྱས་པ་རེད།
གཅིག ལས་བསྡུའི་མི་གྲངས།
     མཚོ་བྱང་ཁུལ་སྤྱི་བདེ་ཅུའུ་ཡིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ཏེ་སྒྲིག་ཁོངས་སུ་མི་གཏོགས་པའི(不占编制)ཉེན་དོན་རམ་འདེགས་མི་སྣ50བསྡུ་བཞིན་ཡོད། དེའི་ཁྲོད་ཞི་དཔོན་རམ་འདེགས་ཉེན་རྟོག་པ19(ཕོ་མོ་མི་དབྱེ)དང་། ཞབས་ཞུ་རམ་འདེགས་ཉེན་རྟོག་པ30(ཕོ་མོ་མི་དབྱེ)། རླངས་འཁོར་ཁ་ལོ་པ1(ཕོ་མོ་མི་དབྱེ)བཅས་བསྡུ་བཞིན་ཡོད།
གཉིས། ལས་བསྡུའི་གོ་རིམ།
     ལས་བསྡུ་སྤྱི་བསྒྲགས་བྱ་བ་མིང་ཐོ་འགོད་པ་དང་ཐོབ་ཐང་ཞིབ་བཤེར།ཡིག་རྒྱུགས། ལུས་མཚག་ཚད་བཤེར། ཁ་རྒྱུགས། ལུས་ཕུང་བརྟག་དཔྱད། ཆབ་སྲིད་ཞིབ་བཤེར། སྤྱི་བསྒྲགས།ལས་བསྡུ་སོགས་ཀྱི་གོ་རིམ་ལྟར་སྤེལ་རྒྱུ་རེད།
གསུམ། ལས་བསྡུའི་ཁྱབ་ཁོངས།
     སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ལས་བསྡུ་སྤྱི་བསྒྲགས་བྱེད་པ།
བཞི། ཆ་རྐྱེན།
     1.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བརྩི་སྲུང་བྱེད་པ་དང་།ཆབ་སྲིད་ཀྱི་བྱ་སྤྱོད་ཅུང་ལེགས་པོ་ལྡན་དགོས།
     2.མཚོ་བྱང་ཁུལ་གྱི་ཁྱིམ་ཐོ་ལྡན་དགོས།(ཁྱིམ་ཐོ་གནས་སྤོ་བྱེད་མཚམས2018ལོའི་ཟླ6པའི་ཚེས30ཉིན།)
     3.ལོ18ནས35བར་ཡིན་དགོས།(1982ལོའི་ཟླ10པའི་ཚེས7ཉིན་ནས2000ལོའི་ཟླ10པའི་ཚེས7ཉིན།)རླངས་འཁོར་ཁ་ལོ་པའི་ལོ་ཚད་ལོ40མན་ཡིན་དགོས། (1977ལོའི་ཟླ10པའི་ཚེས7ནས2000ལོའི10པའི་ཚེས7ཉིན།)
     4.ཆེད་སྦྱོང་ཡན་གྱི་བསླབ་གནས་ལྡན་དགོས་ལ།ཆེད་ལས་ལ་ཚད་བཀག་མེད།(དམག་ཁོངས་ལས་ཕྱིར་བུད་པའི་དམག་མི་དང་ཁ་ལོ་པའི་བསླབ་གནས་མཐོ་འབྲིང་ཡན་ལྡན་དགོས།ཁ་ལོ་པའི་འཛིན་ཡིག A1ཡིན་དགོས་པ་དང་རླངས་འཁོར་སྐོར་ཡུན་ལོ3གྱི་ཡན་ཡིན་དགོས། )
ལྔ། མིང་ཐོ་འགོད་པ་དང་ཐོབ་ཐང་ཞིབ་བཤེར་བྱེད་པ།
     དྲ་ཐོག་ནས་མིང་ཐོ་འགོད་པའི་དུས་ཚོད། 2018ལོའི་ཟླ10པའི་ཚེས15ཉིན་གྱི་དུས་ཚོད9ནས་ཟླ10པའི་ཚེས17ཉིན་གྱི་དུས་ཚོད18བར་རེད།
     ཞིབ་བཤེར་དུས་ཚོད།2018ལོའི་ཟླ10པའི་ཚེས15ཉིན་གྱི་དུས་ཚོད9ནས་ཟླ10པའི་ཚེས17ཉིན་གྱི་དུས་ཚོད18བར་རེད།
     རྒྱུགས་ཞུགས་པ་དག་གིས་ཞིབ་ཏུ་རྒྱུས་ལོན་བྱེད་ན་མཚོ་བྱང་མི་དོན་རྒྱུགས་ལེན་ཆ་འཕྲིན་དྲ་བ(http://hbrskszx.org)བརྒྱུད་ནས་རྒྱུས་ལོན་བྱ་རོགས།
     འབྲེག་གཏུགས་ཁ་པར།  མཚོ་བྱང་ཁུལ་སྤྱི་བདེ་ཅུའུ་ཆབ་སྲིད་པུའུ། 0970-8642310

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...