སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ནུབ་ཁུལ་གྱིས་ལས་བྱེད་པའི་བོད་ཡིག་གསོ་སྦྱོང་འཛིན་གྲྭ་བསྡུས།
རྩོམ་པ་པོ། བོང་སྟག་རི་ལུ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-11-6 9:30:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


གདན་ཞུའི་དགེ་རྒན་སྲུང་མ་ཡིས་སློབ་ཁྲིད་བྱེད་ཀྱིན་པ།


མཚོ་ནུབ་ཁུལ་གྱིས་ལས་བྱེད་པའི་བོད་ཡིག་གསོ་སྦྱོང་འཛིན་གྲྭ་བསྡུས།

     ཉེ་ཆར། མཚོ་ནུབ་ཁུལ་རྩ་འཛུགས་པུའུ་དང་ཏང་གི་སློབ་གྲྭ་གཉིས་ཀྱིས་གཙོ་སྒྲུབ་བྱས་པའི་མཚོ་ནུབ་ཁུལ་གྱི་ལས་བྱེད་པའི་བོད་ཡིག་གསོ་སྦྱོང་འཛིན་གྲྭ་དེ་མཚོ་ནུབ་ཁུལ་ཏང་གི་སློབ་གྲྭ་རུ་བསྡུས།
     ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ལ་མཚོ་ནུབ་ཀྱི་ས་ཁུལ་བརྒྱད་དང་ཁུལ་ཁོངས་གཏོགས་ལས་ཁུངས་ཀྱི་བོད་རིགས་དང་། རྒྱ་རིགས། སོག་རིགས་སོགས་ཀྱི་སློབ་མ་བཞི་བཅུ་ཙམ་ཞུགས་ཡོད་ལ། གསོ་སྦྱོང་གི་དུས་ཡུན་ཟླ་བ2ཙམ་ཡིན།
     གསོ་སྦྱོང་འཛིན་གྲྭ་འདིའི་རྨང་གཞིའི་ཤེས་བྱ་མཐོར་འདེགས་སུ་གཏོང་ཆེད། བོད་རྒྱ་སྐད་གཉིས་ལ་བྱང་ཆ་ལྡན་པའི་དགེ་རྒན་གདན་ཞུ་བྱས་ཡོད་ལ། ཐེངས་འདིའི་ཁྲིད་གཞི་གཙོ་བོ་ནི《ལས་བྱེད་པའི་ཨ་མདོའི་ཁ་སྐད་ལག་ལེན་སློབ་དེབ》གཞིར་བྱས་ཏེ། བོད་ཡིག་དགེ་རྒན་གྱིས་ཐོག་མར་བོད་སྐད་ཀྱི་ཐོག་མའི་རྒྱུན་བཀོལ་ཁ་བརྡ་དང་། ཀ་ཁའི་འབྲི་ཀློག་བཅས་བོད་ཡིག་གི་རྨང་གཞིའི་ཤེས་བྱ་དག་ཁྲིད་ཀྱིན་ཡོད་ལ། དེ་ནས་བོད་ཡིག་ལ་དགའ་བའི་འདུ་ཤེས་སྐྱེད་སྲིང་བྱེད་ཆེད་དུ། སློབ་མ་དག་ལ་བོད་ཡིག་གི་གར་ཆུང་གི་རྣམ་པ་དང་། གླུ་དབྱངས་ཀྱི་རྣམ་པའི་ཁྲོད་ནས་བོད་ཡིག་ལ་སློབ་སྦྱོང་བྱེད་དུ་བཅུག་པས། སློབ་ཁྲིད་ཀྱི་བྱེད་ཐབས་ཡག་པོ་དེས་སློབ་མ་དག་གིས་བོད་ཡིག་སྦྱངས་འདོད་ཀྱི་འདུན་པ་ཡང་སྔར་ལས་ཇེ་ཟབ་ཏུ་བཏང་ཡོད།
     འདི་ལྟ་བུའི་བོད་ཡིག་གསོ་སྦྱོང་འཛིན་གྲྭ་སྤེལ་བ་འདིས། གཅིག་ན་གཞི་རིམ་དུ་སྡོད་པའི་ལས་བྱེད་དག་གིས་མང་ཚོགས་ལ་འབྲེལ་འདྲིས་བྱེད་བདེ་བ་དང་། གཉིས་ནས་ཏང་གི་སྲིད་ཇུས་གཞི་རིམ་དུ་སྐྱེལ་བར་སྟབས་བདེ་གང་ལེགས་བསྐྲུན་ཡོད་པར་མ་ཟད། གསུམ་ནས་མི་རིགས་ཕན་ཚུན་བར་སློབ་སྦྱོང་བྱེད་པ་དང་མཐུན་སྒྲིལ་བྱེད་པའི་ཕྱོགས་ནས་རྨང་གཞི་བརྟན་མོ་ཞིག་བཏང་ཡོད་ལ། མཚོ་ནུབ་ཁུལ་རྩ་འཛུགས་པུའུ་དང་ཏང་གི་སློབ་གྲྭ་གཉིས་ཀྱིས་གསོ་སྦྱོང་འཛིན་གྲྭ་འདི་ལོ་རེར་ཐེངས་རེ་སྤེལ་བ་རྒྱུན་འཁྱོངས་བྱེད་བཞིན་ཡོད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...