སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
དགེ་རྒན་ཆེན་མོ་བདེ་མཆོག་གིས་མཚོ་སྔོན་ནང་བསྟན་སློབ་གླིང་དུ་དཔེ་ཁྲིད་གནང་།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-11-9 10:05:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


དགེ་རྒན་ཆེན་མོ་བདེ་མཆོག་གིས་མཚོ་སྔོན་ནང་བསྟན་སློབ་གླིང་དུ་དཔེ་ཁྲིད་གནང་།


ཡུལ་དངོས་ཀྱི་ཟུར་ཞིག

     མཚོ་སྔོན་ནང་བསྟན་སློབ་གླིང་གིས་གདན་ཞུས་པ་ལྟར། སྤྱི་ཟླ9བའི་ཚེས18ཉིན་ནས་བོད་ཀྱི་བརྡ་སྤྲོད་སྨྲ་བའི་དེད་དཔོན། དགེ་རྒན་ཆེན་མོ་བདེ་མཆོག་ལགས་ཀྱིས་སྐུ་ངལ་ལ་མ་འཛེམ་པར་སློབ་གླིང་གི་འགོ་ཁྲིད་དང་། ཡོངས་འཛིན། དགེ་སློབ་ཡོངས་ཀྱི་རེ་འདོད་ལྟར། དམ་པ་གོང་མ་རྣམས་ཀྱི་ཁྲིད་རྒྱུན་དང་། རང་གི་མི་ཚེ་དཔེ་ཀློག་ལ་སྟིམ་པའི་མྱོང་བས། ཉིན29དང་སློབ་ཐུན58ཀྱི་རིང་ལ་བརྡ་སྤྲོད་ཀྱི་དཔེ་ཁྲིད་གནང་སྟེ། གསུང་རབ་རྒྱ་མཚོར་འཇུག་པར་སྲོལ་རྒྱུན་སློབ་གསོའི་ཕན་བདེའི་གྲུ་གཟིངས་བསྐྲུན།


གླིང་གཙོ་གཞོན་པ་རིན་ཆེན་དོན་གྲུབ་ཀྱིས་གསུང་བཤད་གནང་བཞིན་པ།


སློབ་དོན་ཁྲུའུ་ཡི་འགན་ཁུར་བ་མགོན་པ་ཚེ་རིང་ལགས་ཀྱིས་མགོ་འཛིན་མཛད་བཞིན་པ།

     སྤྱི་ཟླ11པའི་ཚེས8ཉིན་གྱི་ཕྱི་དྲོར། ཐོག་མར་སྔར་སྦྱངས་བསླབ་བྱར་སྤྱི་བསྡོམ་གྱི་ཚུལ་དུ་འབྲི་རྒྱུགས་དང་། བར་དུ་དམ་པ་ཁོང་གི་ཤེས་རབ་ལས་བྱུང་བའི་ལྷག་བསམ་ལ་བཀའ་དྲིན་ཞུ་བའི་ཚོགས་འདུ། མཇུག་ཏུ་དམ་པ་ཁོང་གི་འཆད་ཁྲིད་ཅིག་བཅས་སྤེལ།


དགེ་རྒན་ལ་ཁ་བཏགས་འབུལ་བཞིན་པ།


བཀའ་དྲིན་ཞུ་རྟེན་འབུལ་བཞིན་པ།


སློབ་མར་ལེགས་སྐྱེས་འབུལ་བཞིན་པ།

     སྤྱི་ཟླ11པའི་ཚེས8ཉིན་གྱི་མཇུག་མཐའི་འཆད་ཁྲིད་ལས། དགེ་རྒན་ཆེན་མོ་བདེ་མཆོག་ལགས་ཀྱིས་ཞིང་ཆེན་ནང་བསྟན་སློབ་གླིང་ནི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་གི་ཐུགས་དགོངས་ལྟར་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་གནང་ནས་བཙུགས་པས། དགེ་སློབ་ཡོངས་ཀྱིས་པཎ་ཆེན་རིན་པོ་ཆེ་མཆོག་གི་མཛད་རྣམ་བསླབ་བྱ་ཡིད་ལ་བཟུང་ནས། སྐུ་ཉིད་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་བཟང་དར་སྤེལ་སྒོས་འདུལ་ཁྲིམས་སྲུང་ཞིང་བཅའ་ཁྲིམས་བརྩི་བ་དང་། རྒྱལ་ཁབ་སྲུང་ཞིང་འགྲོ་ལ་ཕན་པ། ཏང་གི་འགོ་ཁྲིད་ལ་སྲུང་སྐྱོབ་དང་། དཔལ་འབྱོར་གོང་འཕེལ། སྤྱི་ཚོགས་འཆམ་མཐུན། ཆོས་ལུགས་འགྲིག་མཐུན་བཅས་ཀྱི་ཐད་ལ་ཤུགས་བརྒྱབ་ནས། ནང་བསྟན་དར་སྤེལ་དང་སྤྱི་ཚོགས་གོང་འཕེལ་འགྲོ་བར་རང་ནུས་ཀྱི་བྱས་རྗེས་འཇོག་དགོས་པའི་བསླབ་བྱ་གནང་།
དགེ་རྒན་ཆེན་མོ་བདེ་མཆོག་ལགས་ཀྱི་མཚམས་སྦྱོར་ཉིང་བསྡུས། http://www.amdotibet.cn/html/rw/2018-11/20678.html


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...