སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ནུབ་ཁུལ་གྱིས་རིག་རྩལ་རྐང་འཛིན་པ་དང་རྩོམ་སྒྲིག་པ་གསར་འགོད་པའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས།
རྩོམ་པ་པོ། བསོད་རྡོ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-12-3 11:05:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


མཚོ་ནུབ་ཁུལ་གྱིས་རིག་རྩལ་རྐང་འཛིན་པ་དང་རྩོམ་སྒྲིག་པ་གསར་འགོད་པའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས།

     ཉེ་ཆར། ཞི་ཅིན་ཕིང་གིས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་རྒྱལ་ཡོངས་དང་མཚོ་སྔོན་ཞིང་ཆེན་གྱི་དྲིལ་སྒྲོག་བསམ་བློ་བྱ་བའི་གྲོས་ཚོགས་ཀྱི་དགོངས་པ་བཅས་ལ་ཕྱོགས་ཡོངས་ནས་སློབ་སྦྱོང་དོན་འཁྱོལ་བྱེད་པ་དང་། ལྷག་པར་དུ་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་ཅུ་ལོན་པའི་ཁྲོད་ཏང་གི་རིག་རྩལ་ལས་རིགས་དང་གསར་འགྱུར་དྲིལ་སྒྲོག་དུས་དེབ་རྩོམ་སྒྲིག་བཅས་ཀྱིས་སྤྱི་ཚོགས་འཛུགས་སྐྲུན་ལ་བཏོན་པའི་ནུས་པར་ཕྱི་མིག་དང་སྤྱི་བསྡོམས་ལས་ད་དུང་རང་འགུལ་སྒོས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྲུན་བྱེད་པར་གླེང་ཕྱོགས་ཀྱི་མཁའ་དབུགས་ལེགས་པོ་ཞིག་བཞེངས་སྐྲུན་བྱེད་ཆེད། མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱིས་གཙོ་འགན་ཁུར་ཞིང་མཚོ་སྔོན་མི་རིགས་སློབ་ཆེན་གྱིས་ལས་འགན་བྱས་པའི་མཚོ་ནུབ་ཁུལ་གྱི་རིག་རྩལ་རྐང་འཛིན་པ་དང་རྩོམ་སྒྲིག་པ་གསར་འགོད་པའི་གསོ་སྦྱོང་འཛིན་གྲྭ་གནའ་མཁར་ཟི་ལིང་དུ་བདེ་བླག་ངང་བསྒྲུབས།


དགེ་རྒན་གྱིས་སློབ་ཁྲིད་བྱེད་བཞིན་པ།


ཡུལ་དངོས་སློབ་ཁྲིད་ལ་ཉན་བཞིན་པའི་ཚུལ།

     དུས་ཡུན་ཉིན་བདུན་ཡིན་པའི་གསོ་སྦྱོང་འཛིན་གྲྭར་མཚོ་ནུབ་ཁུལ་གྱི་ས་གནས་བརྒྱད་ཀྱི་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་དུས་དེབ་དང་ཚགས་པར་ཁང་ལས་གཞན། ད་དུང་གཞི་རིམ་གྱི་རིག་རྩལ་ལས་ཐོག་པ་དང་རྩོམ་རིག་ལ་དགའ་བའི་མི་སྣ་སོགས་རིགས་སོ་སོའི་མི་རིགས་ཀྱི་རིག་རྩལ་རྐང་འཛིན་པ་ལྔ་བཅུ་ལྷག་ཞུགས་ཏེ་སློབ་སྦྱོང་དང་བརྗེ་རེས་བྱས།


དགེ་རྒན་གྱིས་སློབ་ཁྲིད་བྱེད་བཞིན་པ།


ཡུལ་དངོས་སློབ་ཁྲིད་ལ་ཉན་བཞིན་པའི་ཚུལ།

     གསོ་སྦྱོང་ནང་དོན་ལ་ཤེས་བྱའི་བདག་དབང་བཅའ་ཁྲིམས་དང་རྩོམ་རིག་བདག་དབང་བཅའ་ཁྲིམས། གསར་འགྱུར་རྩོམ་འབྲི། རྩོམ་སྒྲིག་ཚད་ལྡན་དུ་གཏོང་ཐབས་དང་དྲིལ་སྒྲོག་ལས་བྱེད་པའི་བསམ་བློའི་བྱང་ཚད་མཐོར་འདེགས། སྨྱན་བྱད་གསར་བའི་འཕེལ་རྒྱས་སྐོར་གྱི་གནས་བབ་སྤྱི་བཤད་དང་རྩོམ་རིག་གསར་རྩོམ་སོགས་ཡོད་ལ། མཚོ་སྔོན་ཏང་གི་སློབ་གྲྭ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་ཞིང་ཆེན་རིག་རྩལ་ལས་རིགས་དང་གསར་འགྱུར་ལས་རིགས་ཁག་གི་ཆེད་ལས་དགེ་རྒན་དག་གིས་གཞུང་ལུགས་དང་མྱོང་བ་ཟུང་འབྲེལ་སྒོས་སློབ་ཁྲིད་གནང་བར་སློབ་མ་རྣམས་ལ་ཉམས་མྱོང་དང་གཞུང་ལུགས་ཀྱི་ཡོང་འབབ་མི་ཉུང་བ་ཐོབ།


དགེ་རྒན་གྱིས་སློབ་ཁྲིད་བྱེད་བཞིན་པ།


ཡུལ་དངོས་སློབ་ཁྲིད་ལ་ཉན་བཞིན་པའི་ཚུལ།

     རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ནི་ཉེ་བའི་ལོ་འགའི་ཚུན་ལ་མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་གསོ་སྦྱོང་འཛིན་གྲྭ་ཡོད་ཚད་ཁྲོད་སྤྱི་ཚོགས་དང་ཆེས་ཐག་ཉེ་བ་དང་རིག་གནས་དང་ཆེས་ཐག་ཉེ་བ། མི་རིགས་དང་ཆེས་ཐག་བར་མ་ཟད། ད་དུང་དོན་དངོས་དང་ཉེ་བར་བཅར་ཞིང་འཚོ་བ་དང་ཉེ་བར་བཅར་བའི་གསོ་སྦྱོང་ནང་དོན་ཕུན་སུམ་ཚོགས་པ་ཞིག་ཡིན་ལ། རྒྱ་བོད་སོག་གསུམ་སོགས་ཀྱི་མི་རིགས་སྣ་མང་འདུས་པའི་ནང་དོན་སྣ་མང་འཛོམས་པའི་གསོ་སྦྱོང་འཛིན་གྲྭ་ཐོག་མའང་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...