སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་སྔོན་ཞིང་ཆེན་གྱིས་བོད་ཀྱི་རྩོམ་རིག་གསར་རྩོམ་དང་ལོ་ཙཱའི་གསོ་སྦྱོང་བསྡུས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-1-22 10:29:00 རྩོམ་ཁུངས། མཚོ་ལྷོ་བོད་ཡིག་སྨྱན་བྱད། ཀློག་གྲངས།


ཚོགས་རའི་ཡུལ་དངོས།


དགེ་རྒན་ཆེན་མོ་སངས་རྒྱས་ཀྱིས་འཆད་ཁྲིད་གནང་བཞིན་པ།

    གོམ་གང་མདུན་སྤོས་སྒོས་རང་ཞིང་གི་གྲངས་ཉུང་མི་རིགས་ཀྱི་ཕ་སྐད་རྩོམ་རིག་གསར་རྩོམ་དང་ལོ་ཙཱའི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། ཁྱོན་ཡོངས་ནས་མཚོ་སྔོན་གྱི་ཕ་སྐད་རྩོམ་རིག་གསར་རྩོམ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག ཉེ་སྔོན། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་དང་མཚོ་སྔོན་ཞིང་ཆེན་མི་རིགས་རྩོམ་རིག་ལོ་ཙཱ་མཐུན་ཚོགས།《སྦྲང་ཆར》རྩོམ་སྒྲིག་ཁང་དང《མཚོ་སྔོན་པོ》རྩོམ་རིག་ཟླ་དེབ་རྩོམ་སྒྲིག་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི་མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་བོད་ཡིག་རྩོམ་རིག་གསར་རྩོམ་དང་ལོ་ཙཱའི་གསོ་སྦྱོང་འཛིན་གྲྭ་ཟི་ལིང་དུ་བསྡུས།


དགེ་རྒན་ཆེན་མོ་མཚོ་སྐྱེས་ཀྱིས་འཆད་ཁྲིད་གནང་བཞིན་པ།


དགེ་རྒན་ཆེན་མོ་བདུད་ལྷ་རྒྱལ་གྱིས་འཆད་ཁྲིད་གནང་བཞིན་པ།


དགེ་རྒན་ཆེན་མོ་གཞོན་པ་དོན་གྲུབ་ཚེ་རིང་གིས་འཆད་ཁྲིད་གནང་བཞིན་པ།

     མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཁོངས་མི་དང་ཀྲུའུ་ཞི་གཞོན་པའམ་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་མེ་སྒྲོན་གྱིས་གཏམ་བཤད་གནང་།《སྦྲང་ཆར》རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་རྟ་མགྲིན་སྐྱབས་དང་མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ《སྦྲང་ཆར》རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་གཞོན་པ་བཀྲ་ཤིས་དོན་གྲུབ་ཚོགས་འདུར་ཞུགས། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ་མཚོ་སྔོན་ཞིང་ཆེན་མི་རིགས་རིག་གནས་ལོ་ཙཱ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལུང་རིན་ཆེན་གྱིས་ཚོགས་འདུར་མགོ་འཛིན་བྱས།


《མི་རིགས་རྩོམ་རིག》རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་ཧྲི་ཡེས་ཉིན་གྱིས་འཆད་ཁྲིད་གནང་བཞིན་པ།


རྩོམ་པ་པོ་གྲགས་ཅན་ཚེ་དབང་ནོར་བུས་འཆད་ཁྲིད་གནང་བཞིན་པ།


རྩོམ་པ་པོ་ཡེས་ཀྲོའོ་ཡིས་འཆད་ཁྲིད་གནང་བཞིན་པ།

     ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ཉིན6ལ་བསྡུས་ཤིང་། ཞིང་ཆེན་ནང་ཁུལ་གྱི་ས་ཆ་སོ་སོ་ནས་ཡོང་བའི་གྲངས་ཉུང་མི་རིགས་ཀྱི་རྩོམ་པ་པོ་དང་ལོ་ཙཱ་པ་མི40ལྷག་གསབ་སྦྱོང་ལ་ཞུགས།《མི་རིགས་རྩོམ་རིག》རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་ཧྲི་ཡེས་ཉིན་དང《བོད་ལྗོངས་རྩོམ་རིག》རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་ཚེ་དབང་ནོར་བུ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སངས་རྒྱས། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དོན་གྲུབ་ཚེ་རིང་། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བདུད་ལྷ་རྒྱལ། བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་དོན་གྲུབ་ཚེ་རིང་སོགས་ཀྱིས་བོད་ཀྱི་རྩོམ་རིག་གསར་རྩོམ་དང་རྩོམ་རིག་ལོ་ཙཱའི་ཐད་ནས་འཆད་ཁྲིད་གནང་།


འཆད་ཁྲིད་ལ་ནན་ཏན་གྱིས་ཉན་བཞིན་པ།


སྒྲུང་གཏམ་ཚན་ཁག་གིས་བགྲོ་གླེང་བྱེད་བཞིན་པ།


རྩོམ་པ་པོ་དང་ལོ་ཙཱ་བ་ལྷན་རྒྱས་ཀྱི་མཉམ་པར།

     ཐེངས་འདིར་གསོ་སྦྱོང་ལ་ཕེབས་པའི་དགེ་རྒན་སོ་སོས་དུས་རབས་གསར་བའི་ཀྲུང་གོ་གྲངས་ཉུང་མི་རིགས་ཀྱི་རྩོམ་པ་པོས་མི་རིགས་རྩོམ་རིག་ཐད་བཞག་པའི་བྱས་རྗེས་དང་དེ་ལས་བྱུང་བའི་གསར་རྩོམ་གྱི་བརྒྱུད་རིམ་ངོ་སྤྲོད་དང་། ས་གནས་རང་བཞིན་གྱི་གསར་རྩོམ་བྱེད་སྟངས། དུས་རབས་གསར་བའི་སྙན་རྩོམ་འབྲི་སྟངས། དེང་རབས་བོད་ཀྱི་ལྷུག་རྩོམ་འབྲི་ཐབས། རྩོམ་རིག་ལོ་ཙཱ་སོགས་ཀྱི་ཐད་ནས་རང་ཉིད་ཀྱི་བགྲང་བྱ་མང་པོའི་རྩོམ་འབྲིའི་ཉམས་མྱོང་དང་དཔེ་ཁྲིད་ཀྱི་ཉམས་མྱོང་དང་སྦྲགས་ནས་བོད་ཀྱི་རྩོམ་རིག་གསར་རྩོམ་དང་རྩོམ་རིག་ལོ་ཙཱའི་ཐད་ད་དུང་མི་འདང་ས་དང་། རྩོམ་རིག་གསར་རྩོམ་དང་ལོ་ཙཱའི་ཁ་གཏོད་ཡུལ་དང་། སློབ་སྦྱོང་བྱ་ཡུལ། དེ་མིན་གསར་རྩོམ་གྱི་འགན་འཁྲི་དང་དཔེ་གཟིགས་ཀྱི་དགེ་མཚན། རྩོམ་རིག་གི་འཕེལ་རྒྱས། དུས་སྐབས་རེ་རེར་བྱུང་བའི་རྩོམ་པ་པོའི་དཔུང་སྡེ་དང་དེ་དག་གི་རྩོམ་གཤིས་དང་བསམ་བློའི་འཁྱེར་སོ་སོགས་དཔེ་དང་དཔེ་ཅན་ངོ་འཕྲོད་པར་བྱས་ཏེ་འཆད་ཁྲིད་གནང་བ་བརྒྱུད། རྩོམ་རིག་གསར་རྩོམ་བྱེད་པའི་རྩོམ་པ་པོ་དང་ལོ་ཙཱ་བར་མ་འོངས་པར་རང་ཉིད་ཀྱི་རྩོམ་རིག་གསར་རྩོམ་ཐད་དགེ་མཚན་མི་དམན་པའི་ཁ་ཕྱོགས་གསལ་བོ་ཞིག་བསྟན་པ་མ་ཟད། གསར་རྩོམ་དང་རྩོམ་རིག་ལོ་ཙཱའི་རྨང་གཞི་ཇེ་བརྟན་དང་། གསར་རྩོམ་གྱི་ཟབ་ཚད་ཇེ་མཐོར་གཏོང་བ་བཅས་སུ་ཕན་སྐྱེད་མི་ཉུང་བ་ཐོབ་ཅིང་། གསོ་སྦྱོང་ཁྲོད་ད་དུང་སྒྲུང་གཏམ་དང་། སྙན་ངག ལྷུག་རྩོམ་བཅས་ཚན་ཁག་བགར་ནས་རྩོམ་པ་པོ་སོ་སོས་གསར་རྩོམ་ཐད་ཀྱི་ཉམས་མྱོང་བརྗེ་རེས་བྱས་ཤིང་། རང་ཉིད་ཀྱི་ལྟ་བ་གསོང་བོར་བརྗོད་པར་བརྟེན་གསར་རྩོམ་གྱི་ལམ་ཁ་སྔར་ལས་རྒྱ་སྐྱེད་པར་ཕན་འབྲས་ངེས་ཅན་ཐོབ་པ་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...