སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཐོ་རྒྱུགས་ལ་མིང་ཐོ་འགོད་མ་ཐུབ་པའི་སློབ་མ་རྣམས་ལ་བཏང་བའི་བརྡ་ཐོ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-3-11 14:07:00 རྩོམ་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས།
     མཚོ་སྔོན་ཞིང་ཆེན་གྱིས2019ལོའི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་བསྡུའི་རྒྱུགས་ལེན་བྱ་བའི་དུས་རིམ་གཉིས་ཀྱི་མིང་ཐོ་འགོད་པའི་བྱ་བ་ཟླ་དང་པོའི་ཟླ་མཇུག་གི་སྔོན་ལ་བདེ་བླག་ངང་ལེགས་འགྲུབ་བྱས་པ་རེད།
     ཉེ་སྔོན། རྒྱུགས་ཞུགས་སློབ་མ་སྐོར་ཞིག་གིས་རྒྱུན་ལྡན་གྱི་མིང་ཐོ་འགོད་པའི་དུས་ཚོད་ཀྱི་གོ་སྐབས་ཤོར་ནས། རིམ་པ་སོ་སོའི་སློབ་བསྡུའི་གཞུང་སྒྲུབ་ཁང་ལ་མིང་ཐོ་འགོད་པའི་རེ་ཞུ་ཞུས་པ་རེད། གོང་གི་རྒྱུགས་ཞུགས་སློབ་མ་ཚོའི་མིང་ཐོ་འགོད་པའི་གནད་དོན་ཐག་གཅོད་དང་སློབ་མའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱ་ཆེད། ཞིབ་འཇུག་བྱས་པ་བརྒྱུད།2019ལོའི་མཐོ་རྒྱུགས་ཀྱི་མིང་ཐོ་གསབ་འགོད(补报)བྱ་བར་བཀོད་སྒྲིག་བྱ་རྒྱུ་གཏན་འཁེལ་བྱས་པའི་འབྲེལ་ཡོད་ལས་དོན་ཐད་ཀྱི་བརྡ་སྦྱོར་གཤམ་གསལ་ལྟར།
གཅིག མིང་ཐོ་གསབ་འགོད་དུས་ཚོད།
     2019ལོའི་ཟླ3ཚེས11ཉིན་ནས་ཚེས15ཉིན་བར། དུས་ཡོལ་ཚེ་མིང་ཐོ་འགོད་མི་ཆོག
གཉིས། མིང་ཐོ་གསབ་འགོད་བྱེད་པའི་གོ་རིམ།
     མིང་ཐོ་གསབ་འགོད་ཀྱི་རྒྱུགས་ཞུགས་སློབ་མ་དག་གིས་ངེས་པར་དུ་གོང་གི་དུས་ཚོད་ལྟར། རང་གི་ཐོབ་ཐང་ལག་ཁྱེར་དང་ཁྱིམ་ཐོ་ཁྱེར་ནས་རང་ས་གནས(རྫོང་། ས་ཁུལ)ཀྱི་སློབ་བསྡུའི་གཞུང་སྒྲུབ་ཁང་དུ་སོང་ནས་མིང་ཐོ་འགོད་དགོས་པར་མ་ཟད། སློབ་མའི་ཨང་རྟགས་དང་ཐོ་འགོད་གསང་གྲངས་ལག་ཏུ་འབྱོར་རྗེས།མཚོ་སྔོན་ཞིང་ཆེན་སློབ་གསོ་རྒྱུགས་ལེན་དྲ་བའི2019ལོའི་མཐོ་རྒྱུགས་ཀྱི་མིང་ཐོ་འགོད་སའི་མ་ལག(httpgkbm.qhjyks.com)རང་གིས་ཐོ་འགོད་བྱས་ཏེ། མིང་ཐོ་འགོད་པའི་ཆ་འཕྲིན་དག་བཅོས་དང་འཐུས་ཚང་དུ་གཏང་དགོས་ལ། ཟླ3ཚེས15ཉིན་གྱི་སྔོན་ལ་རྒྱུགས་ལེན་ས་ཁུལ་གྱི་སློབ་བསྡུ་གཞུང་སྒྲུབ་ཁང་དུ་སོང་ནས་མཐོ་རྒྱུགས་ལ་མིང་ཐོ་བཀོད་པའི་ཆ་འཕྲིན་ངོས་འཛིན་བྱེད་པའི་བྱ་བ་ལེགས་འགྲུབ་བྱ་དགོས།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...