སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཕུལ་བྱུང་དགེ་རྒན་ཚོས་གཟིགས་སྐྱོང་སྲིད་ཇུས་འདི་དག་ལོངས་སུ་སྤྱད་ཆོག
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-3-11 14:14:00 རྩོམ་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས།
ཕུལ་བྱུང་དགེ་རྒན་གྱིས་ཞིང་ཆེན་ནང་ཁུལ་གྱི་རྒྱལ་དབང་ཡུལ་སྐོར་ལྗོངས་ཁུལ(ས་ཚིགས)གྱི་སྤ་སེའི་རིན་གོང་ཕྱེད་ཀ་སྤྲད་ན་ཆོག་ལ་མི་ཚོགས་འདུ་ཡུལ་ནས་མྱུར་བགྲོད་ལམ(绿色通道)ལོངས་སྤྱོད་ཐད་ཀྱི་བརྡ་སྦྱོར།
     གྲོང་ཁྱེར(ཁུལ)སོ་སོའི་སློབ་གསོ་ཅུའུ་དང་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཡུལ་སྐོར་ཅུའུ། མཐོ་རིམ་སློབ་གླིང་། ལས་རིགས་ལག་རྩལ་སློབ་གླིང་། ཞིང་ཆེན་ཁོངས་གཏོགས་ཀྱི་སློབ་གྲྭ་ཆུང་འབྲིང་།(བྱིས་གཉོར་ཁང)རྒྱལ་དབང་ཡུལ་སྐོར་ལྗོངས་ཁུལ(ས་ཚིགས)རྣམས་ལ་ཞུ་རྒྱུ།
     《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་མི་དམངས་སྲིད་གཞུང་གི་དུས་རབས་གསར་པའི་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་ཐད་ཀྱི་ལག་བསྟར་བསམ་འཆར》(མཚོ་སྔོན་ནས་འགྲེམ་སྤེལ་བྱས་པ〔2018〕ཨང་རྟགས22)དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད་དང་། དགེ་རྒན་གྱི་གོ་གནས་ལྟ་སྐྱོང་མུ་མཐུད་དུ་མཐོ་རུ་གཏང་བ། དགེ་རྒན་ལ་གུས་བཀུར་བྱེད་པའི་སྤྱི་ཚོགས་ཀྱི་སྲོལ་བཟང་གསར་སྐྲུན་བྱེད་པ། དགེ་རྒན་ནི་མི་ཀུན་གྱིས་ཡིད་སྨོན་བྱེད་པའི་ལས་རིགས་སུ་འགྱུར་བར་ཧུར་བརྩོན་བྱ་ཆེད། ཞིབ་འཇུག་བྱས་པ་བརྒྱུད། ཕུལ་བྱུང་དགེ་རྒན་གྱིས་ཞིང་ཆེན་ནང་ཁུལ་གྱི་རྒྱལ་དབང་ཡུལ་སྐོར་ལྗོངས་ཁུལ(ས་ཚིགས)གྱི་རིན་གོང་ཕྱེད་ཀ་གཅོག་པ། དེ་མིན་གནམ་གྲུ་ཐང་དང་མེ་འཁོར་ས་ཚིགས་སོགས་ཀྱི་མི་ཚོགས་འདུ་ཡུལ་ནས་མྱུར་བགྲོད་ལམ་སོགས་ཀྱི་སྲིད་ཇུས་ལོངས་སུ་སྤྱད་ཆོག་པ་གཏན་འཁེལ་བྱས་པ་རེད། འབྲེལ་ཡོད་ལས་དོན་ཐད་ཀྱི་བརྡ་སྦྱོར་གཤམ་གསལ་ལྟར།
གཅིག གཟིགས་སྐྱོང་བྱ་ཡུལ།
     ཞིང་ཆེན་ནང་ཁུལ་གྱི་ཞིང་སྡེའི་སློབ་གྲྭ་ནས་ལོ20ཡན་ལ་སློབ་ཁྲིད་བྱེད་མྱོང་བའི་དགེ་རྒན་དང་སློབ་གྲྭ་ཆུང་འབྲིང་གི་རིམ་པ་ཆེས་མཐོ་བའི་དགེ་རྒན།ཞིང་ཆེན་རིམ་པ་ཡན་ནས་གཟེངས་བསྟོད་ཐོབ་མྱོང་བའི་ཕུལ་བྱུང་དགེ་རྒན།(ལས་འཁྱུར་ངལ་གསོ་བྱས་པའི་དགེ་རྒན)ཞིང་ཆེན་རིམ་པ་ཡན་གྱི་གཟེངས་བསྟོད་ཁྲོད་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་། ཀྲུང་དབྱང་པུའུ་ཨུ་དང་ཞིང་ཆེན་སློབ་གསོ་ཐིན་བཅས་ཀྱིས་གནང་བའི་གཟི་བརྗིད་དཔང་ཡིག་འདུ་བ་རེད།(གཟི་བརྗིད་མཚན་སྙན་ཐོབ་པའི་མིང་ཐོའི་ཟུར་བཀོད)
གཉིས། གཟིགས་སྐྱོང་སྲིད་ཇུས།
     ཞིང་ཆེན་ནང་ཁུལ་གྱི་རྒྱལ་དབང་ཡུལ་སྐོར་ལྗོངས་ཁུལ(ས་ཚིགས)གྱི་རིན་གོང་ཕྱེད་ཀ་གཅོག་པ། དེ་མིན་གནམ་གྲུ་ཐང་དང་མེ་འཁོར་ས་ཚིགས་སོགས་ཀྱི་མི་ཚོགས་འདུ་ཡུལ་ནས་མྱུར་བགྲོད་ལམ་སོགས་ཀྱི་སྲིད་ཇུས་ལོངས་སུ་སྤྱད་ཆོག
གསུམ། གཟིགས་སྐྱོང་དུས་ཚོད།
     2019ལོའི་ཟླ5ཚེས1ཉིན་ནས2020ལོའི་ཟླ12པའི་ཚེས31ཉིན་བར། དུས་ཚོད་བརྒལ་རྗེས་ཀྱི་གནས་ཚུལ་ལ་གཞིགས་ནས་སྲིད་ཇུས་ལེགས་སྒྲིག་བྱ་རྒྱུ།
བཞི། ལྗོངས་ཁུལ་དུ་བགྲོད་པའི་བྱེད་ཐབས།
     1.2019ལོའི་ཟླ5ཚེས1ཉིན་ནས་བཟུང་། སྒེར་གྱི་ཐོབ་ཐང་ལག་ཁྱེར་དང་དགེ་རྒན་གྱི་ཐོབ་ཐང་དཔང་ཡིག དེ་མིན་འབྲེལ་ཡོད་ཀྱི་གཟི་བརྗིད་དཔང་ཡིག་ཁྱེར་ནས་གོང་གི་གཟིགས་སྐྱོང་སྲིད་ཇུས་དེ་དག་ལོངས་སུ་སྤྱད་ཆོག་པ་རེད།
     2.2019ལོའི་ཟླ6ཚེས1ཉིན་ནས་བཟུང་། ཞིང་ཆེན་སློབ་གསོ་ཐིན་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན་བཅས་ཀྱིས“མཚོ་སྔོན་གྱི་ཕུལ་བྱུང་དགེ་རྒན་གྱི་གཟིགས་སྐྱོང་བྱང་བུ”གཅིག་གྱུར་སྒོས་སྒྲིག་བཟོ་བྱ་རྒྱུ། ཐོབ་ཐང་ལག་ཁྱེར་དང་གཟིགས་སྐྱོང་བྱང་བུ་ཁྱེར་ནས་འབྲེལ་ཡོད་ཀྱི་གཟིགས་སྐྱོང་སྲིད་ཇུས་ཉམས་སུ་མྱང་ཆོག
ལྔ། ལས་དོན་གཞན་པ།
     གྲོང་ཁྱེར(ཁུལ)སོ་སོའི་སློབ་གསོ་ཅུའུ་དང་མཐོ་རིམ་སློབ་གླིང་། ལས་རིགས་ལག་རྩལ་སློབ་གླིང་། ཞིང་ཆེན་ཁོངས་གཏོགས་ཀྱི་སློབ་གྲྭ་ཆུང་འབྲིང(བྱིས་གཉོར་ཁང)གིས་2019ལོའི་ཟླ3ཚེས29ཉིན་གྱི་སྔོན་ལ།《མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་དགེ་རྒན་གྱི་གཟིགས་སྐྱོང་བྱང་བུའི་མིང་ཐོ》ཡི་མ་ཡིག་གཅིག་དང་བསྐྱར་དཔར་གསུམ་ཡར་སྤྲོད་དགོས་པར་མ་ཟད། Excelསྤྱི་སྡོམ་རེའུ་མིག་བཟོས་ཏེ་གཟིགས་སྐྱོང་བྱང་བུ་གཤམ་སྤྲོད་བྱེད་པའི་ལས་དོན་ལེགས་པོར་བསྒྲུབ་དགོས། དཔྱད་ཞིབ་རྗེས་ཀྱི《མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་དགེ་རྒན་གྱི་གཟིགས་སྐྱོང་བྱང་བུའི་མིང་ཐོ》དེ་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱི་དྲ་ཚིགས་ནས་སྤྱི་བསྒྲགས་བྱས་ཏེ། སྤྱི་ཚོགས་ལས་རིགས་སོ་སོའི་ལྟ་སྐུལ་དང་ལེན་བྱ་དགོས།
     ལྗོངས་ཁུལ་གྱི་མཚོ་གྲུ་དང་ལྗོངས་སྐོར་རླངས་འཁོར་སོགས་ཀྱི་གླ་མི་སྒེར་ནས་སྟེར་དགོས། སྒོ་འཛིན་གཟིགས་སྐྱོང་ལོངས་སྤྱོད་བྱས་པའི་དགེ་རྒན་ཚོས་བསམ་ཡུལ་ལས་འདས་པའི་རྨས་སྐྱོན་འགན་བཅོལ་ཉོ་དགོས་ལ། ཉེན་སྲུང་འགན་བཅོལ་ཉོས་མེད་ཚེ་ལྗོངས་ཁུལ་གྱིས་འགན་འཁུར་མི་དགོས་པའི་གྲོས་ཆིངས་འཇོག་དགོས།
འབྲེལ་གཏུགས་མི་སྣ། ཀུའོ་ཞའོ་ལུང་།(郭啸龙)
འབྲེལ་གཏུགས་ཁ་པར། 0971-6310741

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...