སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཐོ་རིམ་ལས་རིགས་སློབ་གླིང་དང་སློབ་གྲྭས་འདི་ལོ་སློབ་མ་ཁྲི་100བསྡུ་ཁྱོན་ཆེ་རུ་གཏོང་རྒྱུ་ཡིན་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-3-11 14:22:00 རྩོམ་ཁུངས། ཤིན་ཧྭ་དྲ་བ། ཀློག་གྲངས།
     སྤྱི་ཚེས5ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པར་གྲོས་ཞིབ་བྱ་རྒྱུར་ཕུལ་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་མཐོ་རིམ་ལས་རིགས་སློབ་གླིང་དང་སློབ་གྲྭའི་རྒྱུགས་སྤྲོད་སློབ་བསྡུའི་ཐབས་ཤེས་སྒྱུར་བཅོས་དང་ལེགས་སུ་བཏང་ནས་ལོ་འདི་གའི་མཐོ་རིམ་སློབ་ཐོན་སློབ་མ་དང་། དམག་ཞབས་ཐིམ་པའི་དམག་མི། ལས་བྲལ་ལས་བཟོ། ཞིང་པ་ལས་མི་སོགས་མིང་ཐོ་བཀོད་དེ་ཡིག་རྒྱུགས་ནང་ཞུགས་རྒྱུར་སྐུལ་མ་བཏང་ནས་འདི་ལོ་སློབ་མ་ཁྲི100བསྡུ་ཁྱོན་ཆེ་རུ་གཏོང་རྒྱུ་ཡིན་པ་བཏོན་ཡོད།
     དེང་རབས་ལས་རིགས་སློབ་གསོ་འཕེལ་རྒྱས་མྱུར་པོ་གཏོང་རྒྱུ་དེས་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུར་ཕན་པ་ཡོད་པ་མ་ཟད། རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣ་དཀོན་པ་ཐག་གཅོད་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད།
     སྙན་སྒྲོན་ནང་མཐོ་རིམ་ལས་རིགས་སློབ་གླིང་དང་སློབ་གྲྭའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་ཁྱབ་ཁྱོན་ཆེ་རུ་གཏོང་བ་དང་ཁ་གསབ་ཚད་གཞི་མཐོ་རུ་གཏོང་དགོས་པ་དང་། སློབ་རྒྱུས་ལག་ཁྱེར་དང་ལས་རིགས་རྩལ་ནུས་རིམ་པའི་ལག་ཁྱེར་ཕན་ཚུན་སྦྲེལ་མཐུད་མགྱོགས་མྱུར་བྱེད་དགོས་པ། མཐོ་རིམ་ལས་རིགས་སློབ་གླིང་དང་སློབ་གྲྭའི་སློབ་གཉེར་སྒྲིག་གཞི་སྒྱུར་བཅོས་བྱས་ནས་སློབ་གཉེར་སྤུས་ཚད་མཐོ་རུ་གཏོང་དགོས་པ། ཀྲུང་དབྱང་ནོར་སྲིད་ཀྱིས་མཐོ་རིམ་ལས་རིགས་སློབ་གླིང་དང་སློབ་གྲྭར་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་དགོས་པ་མ་ཟད། ས་གནས་ནོར་སྲིད་ཀྱིས་ཀྱང་རྒྱབ་སྐྱོར་བྱ་ཤུགས་ཆེ་རུ་གཏོང་དགོས་པ། འབྲིང་རིམ་ལས་རིགས་སློབ་གསོའི་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་འཛུགས་དགོས་པ། ཁེ་ལས་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་རྒྱབ་སྐྱོར་བྱས་ནས་ལས་རིགས་སློབ་གསོ་དར་སྤེལ་གཏོང་དགོས་པ་བཅས་བཏོན་ཡོད།
     བསྡོམས་རྩིས་ལ་གཞིགས་ན། 2018ལོར་རྒྱལ་ཡོངས་སུ་ལས་རིགས་སློབ་གླིང་དང་སློབ་གྲྭ་ཁྲི1.17ཡོད་པ་དང་། ལོར་སློབ་མ་ཁྲི་928.24བསྡུས་པ། སློབ་གྲྭར་སྐྱོད་མུས་ཀྱི་སློབ་མ་ཁྲི་2685.54ཡོད་པ་བཅས་རེད། དེང་རབས་བཟོ་སྐྲུན་ལས་རིགས་དང་གསར་དར་ཐོན་ལས་ཁྲོད་གསར་ཞུགས་བྱས་པའི་ལས་མིའི་ཁྲོད་ཀྱི་70%ཡན་ལས་རིགས་སློབ་གླིང་དང་སློབ་གྲྭ་ནས་ཡོང་བ་ཤ་སྟག་ཡིན་པ་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...