སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
སློབ་གྲྭའི་ཉེ་འཁོར་དུ་ཁ་ཚ་ནར་མོ་བཙོང་མི་ཆོག་པའི་བརྡ་ཁྱབ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-3-21 11:33:00 རྩོམ་ཁུངས། མཚོ་ལྷོའི་བོད་ཡིག་སྨྱན་གསར། ཀློག་གྲངས།
     སྤྱི་ཟླ3པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཁ་ཚ་ནར་མོ་རྒྱུན་དུ་ཟས་ན་ལུས་པོ་བདེ་ཐང་ལ་གནོད་པས། ཞིང་ཆེན་ཡོངས་ཀྱི་སློབ་གྲྭའི་ཉེ་འཁོར་རྨིད200ཡི་ནང་སར་ཁ་ཚ་ནར་མོ་བཙོང་མི་ཆོག་ཅེས་ཐག་གིས་བཅད་དེ་སྤྱི་བསྒྲགས་བྱས།
མཚོ་སྔོན་ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུའི་བརྡ་ཁྱབ།
2019ལོའི་ཨང10པ།
     མཚོ་སྔོན་ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་སློབ་གྲྭ་དང་ཉེ་འཁོར་དུ་ཁ་ཚ་ནར་མོ་བཙོང་མི་ཆོག་པའི་བརྡ་ཁྱབ།
     ཁ་ཚ་ནར་མོ་ལ་ཕྱེ་རྒྱུས་ཆེ་བ་དང་ཤ་རྒྱུས་རྫུས་མ་སོགས་ཀྱང་ཟེར་ལ། དེ་ནི་སྣུམ་ཆེན་དང་། ཚྭ་མང་། སྦྱོར་ཆེའི་མྱུར་བཟའི་སྟབས་བདེའི་ཟས་རིགས་ཡིན་ལ། རྒྱུན་དུ་ཟས་ན་ལུས་པོ་བདེ་ཐང་ལ་གནོད། ཉེ་བའི་ལོ་འགའི་ཞིབ་བརྟག་བྱས་པའི་འབྲས་བུར་གཞིགས་ན། གཙོ་བོ་ཚད་ལས་འདས་པའི་རུལ་འགོག་རྫས་དང་། མདོག་རྒྱུ། འབུ་ཕྲ་ཚོམ་བུའི་སྤྱི་ཚད་ཚད་ཐིག་ལས་བརྒལ་བའི་གནད་དོན་འདུག  དེ་བས་རང་ཞིང་ཆེན་གྱི་ན་ཆུང་གཞོན་ནུ་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཁག་ཐེག་བྱ་ཆེད། མཚོ་སྔོན་ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཐག་བཅད་དེ་བརྡ་ཁྱབ་སྤེལ་བའི་ཉིན་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་དང་ཉེ་འཁོར་གྱི་རྨིད200ཡི་ནང་སར། ཁ་ཚ་ནར་མོ་བཙོང་མི་ཆོག  ཆེད་དུ་བརྡ་ཁྱབ་འདི་བཏང་བ་ཡིན།
     ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་འཛད་སྤྱོད་པར་བློ་སྐུལ་བྱ་རྒྱུ་ནི། གལ་ཏེ་སློབ་གྲྭ་དང་ཉེ་འཁོར་གྱི་རྨི200ནང་། ཁ་ཚ་ནར་མོ་འཚོང་བའི་གནས་ཚུལ་ཡོད་ཚེ། ཁ་པར12315དང་ཡང་ན12331ལ་ཞུ་གཏུག་བྱས་ཆོག
མཚོ་སྔོན་ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ།
2019ལོའི་ཟླ3པའི་ཚེས18ཉིན།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...