སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གསེར་ཆེན་རྫོང་མི་རིགས་སློབ་འབྲིང2019ལོའི་གཅིག་གྱུར་རྩོམ་སྒྲིག་སློབ་དེབ་དྲ་ལམ་གསོ་སྦྱོང་སྤེལ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-3-25 10:59:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
          ཇི་སྐད་དུ།    གཞུང་ལུགས་དག་ལ་བྱང་བྱས་ཀྱང་།།
                          ཉམས་སུ་ལེན་པར་མི་བྱེད་ན།།
                          ལག་ན་སྒྲོན་མེ་ཡོད་ཀྱང་ནི།།
                          ལོང་བས་ལམ་ནི་མཐོང་མི་འགྱུར།།
     དགེ་རྒན་གྱི་དཔུང་སྡེ་མཐོར་འདེགས་དང་སློབ་ཁྲིད་ཀྱི་རྨང་གཞི་ཇེ་བརྟན། སྒོས་སུ་ཚན་རིག་དང་མཐུན་ཞིང་དུས་རབས་ཀྱི་རྗེས་ཆོད་པའི་སློབ་ཁྲིད་ཀྱི་བྱ་གཞག་ལེགས་འགྲུབ་བྱེད་པ་དང་། བསླབ་བྱའི་ནང་དོན་མཐའ་དག་སློབ་མའི་ཁོང་དུ་ཆུད་པར་བྱ་བ་དམིགས་སུ་བཟུང་ནས་དགེ་རྒན་གྱི་སློབ་ཁྲིད་རྣམ་པ་བཅོས་བསྒྱུར་རམ་སློབ་ཁྲིད་ཀྱི་ཐབས་ལམ་གསོ་སྐྱོང་བྱས་ཏེ་ཡང་དག་པའི་སློབ་ཁྲིད་ཀྱི་བྱེད་སྟངས་གཅིག་གྱུར་སྒོས་ཐག་གཅོད་བྱེད་དགོས་པ་ནི་ཤིན་ཏུ་གལ་འགངས་ཆེ་བ་ཞིག་ཡིན་སྟབས། 2019ལོའི་ཟླ3པའི་ཚེས20ཉིན་ནས་ཚེས22བར་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་སློབ་སྟོན་ཁང་གིས་བཀོད་སྒྲིག་ལྟར་ཀུན་སྤྱོད་སློབ་གསོ་སློབ་ཁྲིད་བྱེད་པའི་དགེ་རྒན12དང་། ལོ་རྒྱུས་སློབ་ཁྲིད་བྱེད་པའི་དགེ་རྒན12། རྒྱ་ཡིག་སློབ་ཁྲིད་བྱེད་པའི་དགེ་རྒན20བཅས་བསྡོམས་པའི་དགེ་རྒན44ལྷག་སློབ་གྲྭའི་ཕབ་གཏོང་ཁང་ནས་ཉིན་གསུམ་རིང་གི་གཅིག་གྱུར་རྩོམ་སྒྲིག་སློབ་དེབ་ཀྱི་དྲ་ལམ་གསོ་སྦྱོང་ལ་ཞུགས་པ་རེད།
     གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གིས་ཐེངས་འདིའི་གཅིག་གྱུར་རྩོམ་སྒྲིག་སློབ་དེབ་ཀྱི་གསོ་སྦྱོང་བྱ་བར་ཕྱོགས་ཡོངས་ནས་མཐོང་ཆེན་དང་ནན་ཏན་སྒོས་སློབ་སྦྱོང་བྱེད་བཞིན་ཡོད་ལ། ཁྱད་པར་དུ་ཐེངས་འདིའི་གསོ་སྦྱོང་ལ་ཞུགས་པའི་དགེ་རྒན་དག་ལ་རེ་བ་ནན་མོ་བཏོན་ཏེ་གཅིག་གྱུར་རྩོམ་སྒྲིག་སློབ་དེབ་ཀྱི་དྲ་ལམ་གསོ་སྦྱོང་གི་ནང་དོན་ལ་རྒྱུས་ལོན་དང་འོས་འགན་ལེགས་འགྲུབ་བྱེད་དགོས་པ་མ་ཟད། ཐེངས་འདིའི་གསོ་སྦྱོང་གི་ཤེས་བྱ་དང་ཐབས་ལམ་དག་སློབ་ཁྲིད་དངོས་ཀྱི་ཁྲོད་དུ་ལག་བསྟར་བྱེད་ཐུབ་པར་བྱ་དགོས། སློབ་གྲྭའི་སློབ་སྤྱི་གཞོན་པ་ཚེ་གཟུངས་ལགས་ཀྱིས་དངོས་སུ་གསོ་སྦྱོང་དུ་ཞུགས་པའི་གནས་ཚུལ་ལ་རྒྱུས་ལོན་དང་གསོ་སྦྱོང་གི་དམིགས་ཡུལ་འགྲུབ་པར་མཐུན་རྐྱེན་གང་ནུས་སྦྱར་བ་རེད། གསོ་སྦྱོང་ལ་ཞུགས་པའི་དགེ་རྒན་དག་གིས་ཀྱང་གཅིག་ནས་ནན་ཏན་སྒོས་དྲ་ལམ་གསོ་སྦྱོང་གི་ནང་དོན་ལ་སློབ་སྦྱོང་བྱེད་པ་དང་གཉིས་ནས་ཆེད་མཁས་པའི་འཆད་ཁྲིད་ཀྱི་ནང་དོན་དག་ལ་རྒྱུས་ལོན་བྱེད་པ། གསུམ་ནས་དགེ་རྒན་རང་ཉིད་ཀྱིས་མ་རྟོགས་པ་ཕན་ཚུན་ལ་དྲིས་ཏེ་གསོ་སྦྱོང་གི་རེ་འདུན་དུས་ལྟར་ཡོངས་འགྲུབ་བྱེད་བཞིན་ཡོད་པ་རེད།
     ཐེངས་འདིའི་གཅིག་གྱུར་རྩོམ་སྒྲིག་སློབ་དེབ་ཀྱི་དྲ་ལམ་གསོ་སྦྱོང་ལས་ཆེད་མཁས་པས་སློབ་དེབ་ཀྱི་སྒྲིག་རིམ་དང་ནང་དོན། སློབ་ཁྲིད་ཀྱི་དམིགས་འབེན། སློབ་དེབ་རྩོམ་སྒྲིག་གི་ཁྱད་ཆོས། སློབ་དེབ་ཇུས་འགོད་ཀྱི་རི་མོ། སློབ་དེབ་བཅོས་བསྒྱུར་གྱི་དགེ་མཚན་སོགས་ཕྲ་ཞིང་ཞིབ་པོའི་སྒོ་ནས་དགེ་རྒན་དག་ལ་གསོ་སྦྱོང་བྱས་པ་ཡིན་ལ། སྔོན་ཐོན་སློབ་ཁྲིད་ཀྱི་རེ་འདུན་དང་ཡང་དག་པའི་སློབ་གསོའི་ཉམས་མྱོང་གིས་གསོ་སྦྱོང་ལ་ཞུགས་པའི་དགེ་རྒན་དག་གི་ཡིད་ལ་བརྗེད་དཀའ་བའི་བག་ཆགས་ཟབ་མོ་བཞག་ཡོད་པ་རེད། དེ་དང་ཆབས་ཅིག་ཏུ་སློབ་གསོའི་འཐབ་ཕྱོགས་དང་པོ་རུ་རང་ནུས་གང་ཡོད་སྒོས་ཏང་གི་མི་རིགས་སློབ་གསོའི་ལས་དོན་ལ་འབད་པ་བླ་ལྷག་བསྐྱེད་བཞིན་པའི་དགེ་རྒན་དག་གིས་སློབ་ཁྲིད་བྱེད་པའི་ཐད་ལ་སྔ་ན་མེད་པའི་རམ་འདེགས་དང་ཐབས་ལམ་སྣ་མང་ཞིག་མཁོ་འདོན་བྱས་པ་རེད།
     ཐེངས་འདིའི་གཅིག་གྱུར་རྩོམ་སྒྲིག་སློབ་དེབ་ཀྱི་དྲ་ལམ་གསོ་སྦྱོང་བྱས་པ་བརྒྱུད་དེ་དགེ་རྒན་དག་གིས་ཕུན་སུམ་ཚོགས་པའི་ནང་དོན་དང་ཁྲིད་ཐབས་བཅོས་བསྒྱུར་གྱི་བྱེད་སྟངས་སོགས་ལ་རྒྱུས་ལོན་ཡང་དག་ཅིག་བྱས་ཟིན་པ་ཡིན་ལ། སློབ་དེབ་གསར་བ་གསོ་སྦྱོང་བྱས་པའི་སྔོན་ཐོན་གྱི་ལམ་ལུགས་དང་སྣ་མང་རང་བཞིན་གྱི་སློབ་ཁྲིད་བྱེད་ཐབས་ལ་མུ་མཐུད་དུ་སློབ་སྦྱོང་དང་འབད་པ་རྒྱུན་འཁྱོངས་བྱེད་དགོས་པའི་ངེས་ཤེས་སྐྱེས་སུ་བཅུག་པ་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...