སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
《ཁོར་ཡུག་སྲུང་སྐྱོབ》རྩོམ་སྒྲིག་ཁང་གི་རྩོམ་བསྡུ་བརྡ་ཐོ།
རྩོམ་པ་པོ། ཁོར་ཡུག་སྲུང་སྐྱོབ》རྩོམ་སྒྲིག་ཁང་། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-3-29 9:17:00 རྩོམ་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ། ཀློག་གྲངས།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་བསྟན་དོན། ང་ཚོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དང་། སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་པ། ལྗང་མདོག་འཕེལ་རྒྱས་གཏོང་སྟངས་དང་མི་དམངས་ཀྱི་འཚོ་བ་རོལ་སྟངས་ལེགས་པོ་ཆགས་པར་བྱས་ཏེ། ང་ཚོའི་རླབས་ཆེན་གྱི་མེས་རྒྱལ་དེ་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་པ་དང་། མི་དམངས་མང་ཚོགས་ལ་ནམ་མཁའ་སྔོ་ཞིང་བསངས་པ་དང་། རི་བོ་སྔར་ལས་སྔོ་ཞིང་ལྗང་མདོག་ལྡན་པ། ཆུ་བོ་སྔར་ལས་དྭངས་ཤིང་གཙང་བའི་ཁོར་ཡུག་ཏུ་འཚོ་བ་རོལ་བར་འཇུག་དགོས་པའི་བསམ་བློའི་དགོངས་དོན་དང་མཐུན་པའི་སྒོ་ནས། བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུ་འགོར་བའི་རིང་འདིར་བོད་ཁུལ་གྱི་ས་ཆ་དང་ལས་ཁུངས། སློབ་གྲྭ་དང་དགོན་སྡེ། གཞི་རིམ་སོགས་སུ་གཞུང་སྒེར་གཉིས་ཀས་བསྒྲུབ་པའི་སྒེར་གཉེར་དུས་དེབ་ཆར་རྗེས་ཀྱི་ཤ་མོ་བཞིན་བགྲང་གིས་མི་ལངས་པ་ཡོད་ནའང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་ཆེད་གཞུང་སྒེར་གཉིས་ཀྱིས་བསྒྲུབ་པའི་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་དུས་དེབ་ཅིག་ད་སྔ་བར་དུ་རྒྱ་ཆེ་མི་དམངས་མང་ཚོགས་ཀྱི་ཁྲོད་དུ་མཐོང་རྒྱུ་མེད་པ་ལ་དམིགས་ནས། ཀླུ་ཆུ་རྫོང་རྫས་ཚ་དར་རྒྱས་སྐུལ་སྤེལ་ཚོགས་པས་གཙོ་སྒྲུབ་དང་མདོ་དབུས་མཐོ་སྒང་ཁོར་སྲུང་གླིང་གིས་འགན་སྒྲུབ་གནང་སྟེ《ཁོར་ཡུག་སྲུང་སྐྱོབ》ལོ་དེབ་ཅིག་འདོན་རྩིས་ཡོད་པས། མདོ་དབུས་ཁམས་གསུམ་གྱི་ལས་རིགས་སོ་སོའི་སྟེང་གི་ཤེས་ལྡན་པ་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་གཞག་ལ་སེམས་ཁུར་དང་སྟོབས་ཤུགས་འབུལ་མཁན་གྱི་ཤེས་ཡོན་པ་དག་གིས་རང་ཉིད་ཀྱི་ཁོར་སྲུང་གི་བྱ་བའི་ཉམས་མྱོང་གཞིར་བཟུང་ནས་བྲིས་པའི་ཕྱི་སྣོད་ཀྱི་ཁོར་ཡུག་སྲུང་སྐྱོབ་སྐོར་དང་།ནང་བཅུད་ཀྱི་ཁོར་ཡུག་སྲུང་སྐྱོབ་སྐོར། གསང་བ་སེམས་ཀྱི་ཁོར་ཡུག་སྲུང་སྐྱོབ་སྐོར་བཅས་ཀྱི་དཔྱད་རྩོམ་དང་ཟིན་བྲིས། བརྟག་དཔྱད་སྙན་ཞུ། ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་དུས་ཆེན། ཁོར་སྲུང་བའི་མི་སྣ་གྲགས་ཆེན་ལ་བཅར་འདྲི་བྱས་པའི་སྐོར་གྱི་ཟིན་ཐོ། ཁོར་སྲུང་སྐོར་གྱི་སྲོལ་རྒྱུན་ལེགས་བཤད། རི་ཆུ་ནགས་གསུམ་སྐོར་གྱི་ས་རྒྱུས་ཤེས་བྱ། ཁོར་སྲུང་སྡེ་ཁག་དང་། ཁོར་སྲུང་དང་བླངས་པ་མཚམས་སྦྱོར། ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ཁྲིམས་སྲོལ་སོགས་ཡོད་ཚེ་འདི་གའི་རྩོམ་སྒྲིག་ཁང་དུ་རྒྱབ་སྐྱོར་གྱི་ཚུལ་དུ་བསྐུར་རོགས་གནང་དང་། ང་ཚོའི་རྩོམ་སྒྲིག་ཁང་གིས་རྩོམ་སྒྲིག་ཁ་ཕྱོགས་ཀྱི་གནས་བབ་དང་མཐུན་ན་དུས་དེབ་ཏུ་ངེས་པར་འགོད་པ་མ་ཟད། དཔར་སྐྲུན་བྱས་ཟིན་པའི་ལོ་དེབ་དུས་ལྟར་ཕྱག་ཏུ་བསྐུར་ངེས་ཡིན།
     རྩོམ་ཡིག་བསྐུར་བའི་དུས་སུ་ཉམས་འཇོག་བྱེད་དགོས་པའི་རེ་བ་འགའ་ཡོད་པ་གཤམ་གསལ་ལྟར།
     གཅིག རྩོམ་པ་པོའི་དངོས་མིང་དང་ས་གནས།  ཁ་པར་ཨང་གྲངས། རྩོམ་གྱི་ཁ་བྱང་སོགས་བོད་རྒྱ་གཉིས་ཀྱིས་ལམ་ནས་བྲིས་ཏེ་སྐུར་དགོས།
     གཉིས། ཡིག་གཟུགས་ངེས་པར་དུ་ཧི་གཟུགས་ཡིན་དགོས་ཤིང་། ལུང་འདྲེན་དང་ལུང་ཚིག་གང་ནས་དྲངས་པར་གསལ་བོར་ཡིན་དགོས་ཤིང་། དཔྱད་རྩོམ་འབྲི་སྟངས་ཀྱི་ཆ་རྐྱེན་དང་མཐུན་པ། བརྐུས་འབྲི་སོགས་ཀྱི་སྣང་ཚུལ་བྱུང་སྟེ་རྩོད་གཞིར་གྱུར་ན་ངེད་རྩོམ་སྒྲིག་ཁང་གིས་འགན་མི་ཁུར།
     གསུམ། རྩོམ་ཡིག་གི་དག་ཆ་དང་ཚིག་སྦྱོར། ནང་དོན་ལ་རྩོམ་པ་པོ་རང་ཉིད་ཀྱིས་འགན་ཁུར་དགོས།
     བཞི། ཏང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྲིད་ཇུས་དགོངས་དོན་དང་མཐུན་པར་བྱེད་དགོས།
     ལྔ། རྩོམ་ཡིག་བསྐུར་ཡུལ།
     ཕུར་སྲུང་སྐྱབས།      ཡིག་ཟམ།  2709737298@qq.com
     བསམ་བློ།              ཡིག་ཟམ།  3166493670@qq.com
     བདེ་ཆེན་མཚོ་རྒྱལ།  ཡིག་ཟམ།  1326868239@qq.com
     དྲུག  རྩོམ་པ་པོ་དག་གིས་སྤྱི་ལོ2019ལོའི་ཟླ6བའི་ཚེས1ཡར་སྔོན་དུ་འདི་ག་རྩོམ་སྒྲིག་པ་རྣམས་ཀྱི་ཡིག་སྒམ་དུ་བསྐུར་རྒྱུ་མཁྱེན།
《ཁོར་ཡུག་སྲུང་སྐྱོབ》རྩོམ་སྒྲིག་ཁང་ནས།
སྤྱི་ལོ2019ལོའི་ཟླ3པའི་ཚེས23ཉིན།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...