སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གསེར་ཆེན་མི་རིགས་སློབ་འབྲིང་གིས་དྲིན་དྲན་བརྩོན་སྐྱེད་ཀྱི་སློབ་གསོའི་སྙན་ཞུ་ཚོགས་འདུ་བསྡུས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-3-29 9:29:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལག་ལེན་མཐར་ཕྱིན་དང་ལོ་ཆུང་གཞོན་ནུའི་བསམ་པའི་དཔལ་ཡོན་གསོ་སྐྱོང་བྱེད་པ། ཕ་མ་དང་དགེ་རྒན་གྱི་བཀའ་དྲིན་རྗེས་སུ་དྲན་ཞིང་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་བཟང་བོ་ཞིག་དང་རྒན་བཀུར་ཆུང་བྱམས་ཀྱི་ལས་ལ་སྤྲོ་བའི་བྱིས་པ་ཡ་རབས་ཤིག་འབྱུང་བ་གཞིར་བཟུང་ནས་དྲིན་དྲན་སློབ་གསོའི་དགེ་མཚན་མཐོར་འདེགས་དང་མི་གཤིས་ལེགས་ཤིང་རང་འགན་དང་ལེན་བྱེད་པར་སྤྲོ་བའི་དུས་རབས་གསར་བའི་འཆམ་མཐུན་སློབ་ར་འཛུགས་སྐྲུན་བྱེད་དགོས་པ་མ་ཟད། ཀུན་སྤྱོད་སློབ་གསོའི་བྱ་བ་ཁྱབ་བརྡལ་དང་ཏང་གི་མི་རིགས་སློབ་གསོའི་ལས་འགན་ལེགས་འགྲུབ་བྱེད་ཆེད་ང་ཚོས་མ་བསྐུལ་དང་ལེན་སྒོས་སློབ་མའི་བསམ་བློ་ཀུན་སྤྱོད་ཚུལ་མཐུན་གྱིས་བཅོས་བསྒྱུར་བྱེད་པ་ལས་མགོ་རྩོམ་དགོས་པ་རེད།
     སྤྱི་ཟླ3པའི་ཚེས26ཉིན་གྱི་སྔ་དྲོའི་དུས་ཚོད10:00ཡི་སྟེང་། གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་མིག་དཔེ་རྫོང་གསར་སྐྲུན་གྱི་མུ་འབྲེལ་བྱ་འགུལ་དང་ཀྲུང་གོའི་ཕུགས་བསམ་དྲིན་དྲན་བརྩོན་སྐྱེད་ཀྱི་སློབ་གསོའི་སྙན་ཞུ་ཚོགས་འདུ་རྒྱལ་ཁབ་སྐོར་སྐྱོད་བྱེད་པའི་གཏམ་བཤད་སྤེལ་བའི་མཛད་སྒོ་དེ་སློབ་གྲྭའི་རྩལ་སྦྱངས་ར་བ་ནས་དུས་ལྟར་སྤེལ་མགོ་ཚུགས་ཤིང་དོན་ཚན་ཆེན་པོ་གསུམ་གྱིས་གྲུབ་པའི་བྱ་འགུལ་འདིར་སློབ་གྲྭའི་སློབ་སྤྱི་གཞོན་པ་ཡོན་ཏན་ཚེ་རིང་ལགས་ཀྱིས་མདོ་འཛིན་བྱས།
 
   གཅིག སློབ་སྤྱི་གཞོན་པ་ཡོན་ཏན་ཚེ་རིང་ལགས་ཀྱིས་ཐེངས་འདིའི་དྲིན་དྲན་སློབ་གསོའི་ཚོགས་འདུ་མགོ་བརྩམས་ཤིང་སློབ་གསོའི་གཏམ་བཤད་སྤེལ་མཁན་གྱི་དགེ་རྒན་བང་ཕིན་ཧྤེ་ལགས་ངོ་སྤྲོད་བྱས་མ་ཟད། དགེ་རྒན་དང་ཁྱིམ་བདག་སློབ་མ་དག་གིས་ཚོགས་འདུའི་སྒྲིག་ལམ་བརྩི་སྲུང་བྱེད་དགོས་ལ་ཁྱད་པར་དུ་སློབ་གྲོགས་དག་གིས་ནན་ཏན་སྒོས་དགེ་རྒན་བང་ཕིན་ཧྤེ་ལགས་ཀྱི་སློབ་གསོའི་གཏམ་བཤད་ལ་ཉན་ཏེ་རང་སྟེང་གི་མི་ལེགས་པའི་ཞན་ཆ་བཅོས་བསྒྱུར་དང་དགེ་རྒན་དང་ཕ་མར་སྲི་ཞུ། དེ་དག་གི་བཀའ་དྲིན་རྗེས་སུ་དྲན་དགོས་པ་གཞིར་བཟུང་ནས་རང་ནུས་གང་ཡོད་སྒོས་སློབ་སྦྱོང་ལ་འབད་པ་ཆེན་པོ་བྱས་ཏེ་ཕ་མ་དང་དགེ་རྒན་གྱི་རེ་བ་ཆུད་ཟོས་སུ་མི་གཏོང་བར་བྱ་དགོས་སོགས་ཀྱི་སློབ་སྟོན་གལ་ཆེན་གནང་བ་རེད།
     གཉིས། ཐེངས་འདིའི་དྲིན་དྲན་སློབ་གསོའི་གཏམ་བཤད་སྤེལ་མཁན་གྱི་དགེ་རྒན་བང་ཕིན་ཧྤེ་ལགས་ཀྱིས་དུས་ཚོད་གཉིས་རིང་གི་དྲིན་དྲན་སློབ་གསོའི་གཏམ་བཤད་སྤེལ་ཏེ་ཕ་མ་དང་དགེ་རྒན་སློབ་གྲོགས་དག་གི་སེམས་ལ་བརྗེད་ཁག་པའི་བག་ཆགས་ཟབ་མོ་བཞག་པ་རེད། ཁོང་གིས་བསྟན་དོན་བྱིས་པ་ཞིག་སློབ་མ་བཟང་བོ་ཞིག་དང་ཁྲེལ་གཞུང་ཕྱི་ཐག་རིང་བའི་མི་འཇོན་ཐང་ཅན་ཞིག་ཏུ་འགྱུར་ཐུབ་མིན་ནི་དགེ་རྒན་དང་ཕ་མའི་སློབ་གསོའི་ལ་ཐད་ཀར་དུ་འབྲེལ་བ་དམ་པོ་ཡོད་པ་ཡིན་པས། ཕ་མ་དང་དགེ་རྒན་གྱི་ཡང་དག་པའི་སློབ་གསོ་དང་ཐུན་མོང་མ་ཡིན་པའི་བྱེད་ཐབས་ཁྱད་པར་ཅན་ནི་བྱིས་པ་དེ་རྒན་བཀུར་ཆུང་བྱམས་དང་ཡ་རབས་ཀུན་སྤྱོད་ཀྱི་ལས་ལ་འཇུག་པར་བྱེད་པའི་རྨང་གཞི་ཡིན་ཕྱིར་ཕ་མ་དང་དགེ་རྒན་དག་གིས་རང་གི་བུ་ཕྲུག་དང་སློབ་མའི་མ་འོངས་པའི་མདུན་ལམ་སེམས་ཁུར་དང་། མེས་རྒྱལ་དང་སྤྱི་ཚོགས་ལ་ཁེ་ཕན་ལྡན་པའི་འཇོན་ཐང་ལྡན་པའི་མི་སྣ་ཞིག་ཏུ་འགྱུར་བར་འབད་པ་ཆེན་པོ་བྱེད་དགོས་ཚུལ་བསྟན་པ་རེད། དགེ་རྒན་བང་ཕིན་ཧྤེ་ལགས་ཀྱིས་རང་གི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་དང་ཡིད་འགུགས་པའི་གཏམ་རྒྱུད། ད་དུང་སྔར་བྱུང་གི་མི་སྣ་གྲགས་ཅན་སྐོར་ཞིག་གི་རླབས་ཆེ་བའི་ལས་དོན་དཔེར་བཀོད་དེ་སློབ་གྲོགས་དག་གི་སེམས་ལ་དྲིན་ལན་དུས་ལྟར་འཇལ་དགོས་པའི་ངེས་ཤེས་བསྐྱེད་པར་བྱས་པ་རེད། སློབ་གྲོགས་དག་གིས་ཀྱང་དགེ་རྒན་གྱིས་སློབ་ཁྲིད་བྱས་པའི་བཀའ་དྲིན་དང་ཕ་མས་བདག་སྐྱོང་བྱས་པའི་བཀའ་དྲིན། སློབ་གྲོགས་དག་གིས་རམ་འདེགས་བྱས་པའི་བཀའ་དྲིན་སོགས་ཤེས་དགོས་ཤིང་བརྗེད་མི་རུང་ལ། དེ་དག་གི་བཀའ་དྲིན་ནི་རང་གི་མི་ཚེ་དོན་ལྡན་དུ་འགྱུར་བའི་རྒྱུ་རྐྱེན་དུ་གྲུབ་ཡོད་པ་རྟོགས་པར་བྱས་པ་རེད། ཁྱིམ་བདག་དག་གིས་དགེ་རྒན་གྱི་བྱ་བར་རྒྱབ་སྐྱོར་དང་སློབ་མའི་འོས་འགན་ཡོངས་འགྲུབ་བྱེད་པར་ནུས་པ་གང་ཡོད་འདོན་དགོས་ཤིང་ཕ་མ་ལྟ་བུའི་དགེ་རྒན་གྱི་ལས་དོན་ལ་མཐོང་ཆེན་དང་གོང་བཀུར་བྱེད་དགོས་ཚུལ་སོགས་ཁ་གསལ་ཁུངས་དག་གིས་གཏམ་བཤད་སྤེལ་བ་རེད། དགེ་རྒན་བང་ཕིན་ཧྤེ་ལགས་ཀྱིས་གཏམ་བཤད་སྤེལ་བའི་གོ་རིམ་ཁྲོད་དུ་ཕ་མ་དང་དགེ་རྒན། སློབ་གྲོགས་དག་གི་ངོ་གདོང་མཆི་མས་བརླན་ཞིང་སེམས་ཁོང་སྐྱོ་བས་ཁེངས་ཏེ་རང་ལ་བཀའ་དྲིན་ཆེ་བ་གང་ཞིག་ལ་དྲིན་ལན་འཇལ་མ་ནུས་པ་དང་དྲིན་ལན་ལོག་འཇལ་བྱས་པ་སོགས་སྔར་བྱས་ལ་འགྱོད་བཤགས་བྱེད་པའི་ངོས་ཟིན་ཟབ་མོ་སྐྱེས་སུ་བཅུག་པ་རེད།
     གསུམ། མཇུག་མཐར་སློབ་གྲྭའི་སློབ་སྤྱི་གཡུང་དྲུང་བསྟན་པས་ཕ་མ་དང་དགེ་རྒན་སློབ་གྲོགས་དག་ལ་ཡང་དག་པའི་གཏམ་བཤད་མཛད་པ། 
     བཀུར་འོས་པའི་དགེ་རྒན་དང་ཁྱིམ་བདག་རྣམ་པ། མཛའ་བརྩེ་ལྡན་པའི་བུ་སློབ་ལྷན་རྒྱས། དེ་རིང་སློབ་གྲྭས་གཙོ་སྒྲུབ་བྱས་པའི་དྲིན་དྲན་དང་བརྩོན་སྐྱེད་ཀྱི་སློབ་གསོའི་སྙན་ཞུ་ཚོགས་འདུ་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་བ་འདི་ནི། ཁྱོན་ཡོངས་ནས་སྤུས་ཚད་སློབ་གསོ་ལག་ལེན་མཐར་ཕྱིན་དང་གཟི་བརྗིད་དང་ངོ་ཚ་ཤེས་ཤིང་བཀའ་དྲིན་དྲན་པ་སྐུལ་འདེད་བྱེད་པའི་སློབ་གསོའི་བྱ་འགུལ་ཡག་པོ་ཞིག་རེད། དགེ་རྒན་བང་ཕིན་ཧྤེལགས་ཀྱིས་དུས་ཡུན་ཐུང་ཐུང་ཆུ་ཚོད་གཉིས་ཀྱི་རིང་ལ་དགེ་སློབ་ཀུན་ལ་ཡིད་འགུལ་ཐེབས་པའི་སྙན་ཞུ་ཕུལ་བས། སློབ་གྲོགས་གང་མང་ཞིག་སྟེགས་བུར་འཛེགས་ཏེ་བཅོས་མིན་གྱི་སེམས་གཏམ་བརྗོད་བཞིན་སྔར་བྱས་མཐའ་དག་ལ་ཡང་བསྐྱར་བསམ་གཞིགས་བགྱིས། དེའི་མཚུངས་སུ། སློབ་བུ་ཀུན་གྱིས་རང་ཉིད་བདེ་ཐང་ངང་འཚར་ལོངས་འབྱུང་བར་ནུས་ཤུགས་ཡོད་རྒུ་བཏོན་དང་འདོན་བཞིན་པའི་བཀུར་འོས་པའི་དགེ་རྒན་དང་སྙིང་ཉེ་བའི་ཁྱིམ་བདག་ཀུན་པོར་བྱས་ནོར་ལ་ནོངས་འགྱོད་དང་བཀའ་དྲིན་ཞུས། དེར་ཁྱིམ་བདག་དང་དགེ་རྒན་རྣམ་པར་ཚད་མེད་ཀྱི་སྤྲོ་བ་དང་རྗེས་སུ་ཡི་རངས་བྱ། དེ་འདྲའི་བརྒྱུད་རིམ་ཁྲོད་དུ། མ་གཞི་བརྩེ་བ་ནི་ཅི་འདྲའི་ཐག་ཉེ་ཞིང་ང་ཚོའི་མཐའ་འཁོར་དང་སེམས་གཏིང་དུ་གནས་པའི་ཐུན་མོང་མ་ཡིན་པའི་བསམ་ཚུལ་ལེགས་པོ་ཞིག་ཡིན་པ་སད་རྟོགས་བྱུང་བ་རེད། 
     སྙན་ཞུ་འདིར་ཉན་པའི་རྗེས་སུ། སློབ་མས་སྤྱོད་ངན་བཅོས་བསྒྱུར་དང་མི་གཤིས་ལེགས་པོ་གསར་འཛུགས་བྱས་ཏེ། མི་ཚེའི་དམིགས་འབེན་གཏན་འབེབས་བྱེད་པའི་གོ་སྐབས་ཤིག་རེད། སློབ་གྲྭའི་ངོས་ནས་འཆམ་མཐུན་སློབ་ར་འཛུགས་སྐྲུན་ལ་སྔ་ན་མེད་པའི་ནུས་པ་ཐོན་པར་གདོན་མི་ཟ། དགེ་རྒན་རྣམ་པའི་བཀའ་དྲིན་དྲན་པ་དང་བྱམས་སེམས་ཆེན་པོས་སློབ་མ་གསོ་སྐྱོང་བྱེད་པར་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་ཐོན་པར་ང་རང་ལ་ཡིད་ཆེས་བརྟན་པོ་ཡོད།
     ཇི་སྐད་དུ། དགེ་བ་ཀུན་གྱི་ཐོག་མ་སྲི་ཞུ་ཡིན་ཞེས་པ་ལྟར། སྙིང་ཉེ་བའི་བུ་སློབ་ལྷན་རྒྱས། ཁྱེད་ཅག་ནི་མེས་རྒྱལ་གྱི་མ་འོངས་པ་ཡིན་སྟབས། ཆུང་དུས་ནས་བཀའ་དྲིན་དྲན་པའི་སློབ་གསོ་དང་ལེན་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་རེད། མི་ཞིག་གིས་དྲིན་དྲན་དགོས་པ་རྟོགས་ཚེ་ཁོས་ད་གཟོད་དྲིན་ལན་འཇལ་དགོས་པ་ཤེས། དེ་དག་གི་འབྲེལ་བ་ཤེས་ཚེ་ཁྱེད་ནི་ཕུལ་དུ་བྱུང་བ་ཞིག་གོ། ངས་རེ་བར་བུ་སློབ་ལྷན་རྒྱས་ཀྱིས་དུས་དེ་རིང་ནས་བཟུང་མི་ཆོས་ཀྱི་གནད་ལ་མ་རྨོངས་པར་སློབ་གཉེར་ལ་འབད་འབུངས་བྱས་ཏེ་མ་འོངས་པ་ན་ཕ་མ་དང་དགེ་རྒན་གྱི་དྲིན་ལན་འཇལ་ནུས་ཤིང་། ཕ་ཡུལ་དང་མེས་རྒྱལ་ལ་སྲི་ཞུ་བླ་མེད་སྒྲུབ་པའི་མི་བུ་འཇོན་ཐང་ལྡན་པ་ཞིག་ཏུ་འགྱུར་བར་སྨོན།
     མཇུག་མཐར་དགེ་རྒན་བང་ཕིན་ཧྤེ་དང་། ཀྲུང་གོའི་དུས་རབས་དྲིན་དྲན་སྐུལ་འདེད་སློབ་གསོ་བརྒྱུད་སྒྲོགས་ལྟེ་གནས་ཀྱི་ལས་འཛིན་མི་སྣ་བཅས་ཐེངས་འདིའི་བྱ་འགུལ་གྱི་སྦྱོར་དངོས་རྗེས་གསུམ་ལ་མཐུན་རྐྱེན་གང་ལེགས་སྦྱོར་བའི་མི་སྣ་ཀུན་ལ་སེམས་གཏིང་ནས་བཀའ་དྲིན་ཆེ་བ་ཞུ་བ་ཡིན།
     ཐེངས་འདིའི་དྲིན་དྲན་སློབ་གསོའི་གཏམ་བཤད་བྱ་འགུལ་འདིས་ཕ་མ་དང་དགེ་རྒན་སློབ་གྲོགས་དག་གི་སེམས་ལ་རང་ནུས་གང་ཡོད་སྒོས་གཞན་ཕན་གྱི་ལས་དོན་བླ་རུ་བཀུར་དགོས་ཤིང་དྲང་བདེན་དང་འདྲ་མཉམ་གྱི་ལངས་ཕྱོགས་བརྟན་དགོས་པ་མ་ཟད། ནན་ཏན་སྒོས་སློབ་སྦྱོང་བྱས་ཏེ་བཀའ་དྲིན་རྗེས་སུ་དྲན་པའི་སློབ་མ་བཟང་བོ་ཞིག་བྱས་ཏེ་ཕ་མ་དང་དགེ་རྒན་ལ་དྲིན་ལན་འཇལ་བའི་ཆོད་སེམས་བརྟན་པོ་ཞིག་སློབ་གྲོགས་དག་གི་རྒྱུད་ལ་ཞིག་སྐྱེས་སུ་བཅུག་པ་རེད།
     མཇུག་མཐར་དགེ་རྒན་བང་ཕིན་ཧྤེ་དང་། ཀྲུང་གོའི་དུས་རབས་དྲིན་དྲན་སྐུལ་འདེད་སློབ་གསོ་བརྒྱུད་སྒྲོགས་ལྟེ་གནས་ཀྱི་ལས་འཛིན་མི་སྣ་བཅས་ཐེངས་འདིའི་བྱ་འགུལ་གྱི་སྦྱོར་དངོས་རྗེས་གསུམ་ལ་མཐུན་རྐྱེན་གང་ལེགས་སྦྱོར་བའི་མི་སྣ་ཀུན་ལ་སེམས་གཏིང་ནས་བཀའ་དྲིན་ཆེ་བ་ཞུ་བ་ཡིན།
     ཐེངས་འདིའི་དྲིན་དྲན་སློབ་གསོའི་གཏམ་བཤད་བྱ་འགུལ་འདིས་ཕ་མ་དང་དགེ་རྒན་སློབ་གྲོགས་དག་གི་སེམས་ལ་རང་ནུས་གང་ཡོད་སྒོས་གཞན་ཕན་གྱི་ལས་དོན་བླ་རུ་བཀུར་དགོས་ཤིང་དྲང་བདེན་དང་འདྲ་མཉམ་གྱི་ལངས་ཕྱོགས་བརྟན་དགོས་པ་མ་ཟད། ནན་ཏན་སྒོས་སློབ་སྦྱོང་བྱས་ཏེ་བཀའ་དྲིན་རྗེས་སུ་དྲན་པའི་སློབ་མ་བཟང་བོ་ཞིག་བྱས་ཏེ་ཕ་མ་དང་དགེ་རྒན་ལ་དྲིན་ལན་འཇལ་བའི་ཆོད་སེམས་བརྟན་པོ་ཞིག་སློབ་གྲོགས་དག་གི་རྒྱུད་ལ་ཞིག་སྐྱེས་སུ་བཅུག་པ་རེད། 

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...