སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
སྡེ་དགེ་པར་ཤིང་བཤམས་སྟོན་ཁང་བསྐྲུན་པའི་ལས་གཞི་མགོ་ཚུགས་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-4-4 10:34:00 རྩོམ་ཁུངས། ཁམས་པའི་དྲ་བ། ཀློག་གྲངས།
     ཉེ་ཆར། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་པར་ཤིང་བཤམས་སྟོན་ཁང་གི་ལས་གཞི་མགོ་ཚུགས་པའི་རྩིག་རྨང་འདིང་བའི་མཛད་སྒོ་དེ་སྡེ་དགེ་རྫོང་གི་དེ་སྔའི་སློབ་འབྲིང་གནས་རྙིང་དུ་འཚོགས་པ་རེད།
     དཀར་མཛེས་ཁུལ་ཨུའི་རྒྱུན་ཨུ། ཁུལ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བྱམས་བློ་དང་། སི་ཁྲོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། དཀར་མཛེས་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་སྐལ་བཟང་འགྱུར་མེད། ཁུལ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཡུལ་སྐོར་ཅུས་དང་། ཁུལ་ནགས་ལས་དང་རྩྭ་ཐང་ཅུས། ཁུལ་ཤེས་དཔལ་གཞུང་དོན་ཁང་སོགས་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགོ་ཁྲིད་དང་། སྡེ་དགེ་རྫོང་ཨུ་དང་རྫོང་མི་དམངས་འཐུས་ཚོགས། རྫོང་སྲིད་གཞུང་། རྫོང་སྲིད་གྲོས་བཅས་ཀྱི་འགོ་ཁྲིད་རྣམས་རྩིག་རྨང་འདིང་བའི་མཛད་སྒོར་ཞུགས་པ་རེད།
     དཀར་མཛེས་ཁུལ་སྡེ་དགེ་པར་ཤིང་བཤམས་སྟོན་ཁང་དེ་སྡེ་དགེ་པར་ཁང་དང་དགོན་ཆེན་དགོན་གྱི་བར་དུ་བསྐྲུན་རྒྱུ་ཡིན་ཞིང་། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ18000ལ་ཟིན་པ་དང་། སྔོན་དཔག་བྱས་ན་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི9300བཏང་རྒྱུ་དང་། 2020ལོར་རྣམ་གྲངས་ཀྱི་ལས་གྲྭ་གཙོ་བོ་བསྐྲུན་ཚར་རྒྱུ་ཡིན་པ་རེད།
     བཤམས་སྟོན་ཁང་གི་ལས་གཞི་དེ“དཀར་མཛེས་ཁུལ་ཁམས་པའི་རིག་གནས་ཞིབ་འཇུག་འགྲེམས་སྟོན་ལྟེ་གནས་ཀྱི་འཛུགས་སྐྲུན་ལས་གཞི”དང“སྡེ་དགེ་པར་ཁང་གི་པར་ཤིང་པར་འདེབས་ལག་རྩལ་སྲུང་སྐྱོང་བེད་སྤྱོད་སྒྲིག་བཀོད་འཛུགས་སྐྲུན་གྱི་ལས་གཞི”“སྡེ་དགེ་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་འཁྲབ་ལྟེ་གནས་འཛུགས་སྐྲུན་གྱི་ལས་གཞི”“སྡེ་དགེ་པར་ཁང་གི་རིག་གནས་གླིང་ཁུལ་གྱི་ཞོར་གཏོགས་སྒྲིག་བཀོད་འཛུགས་སྐྲུན་གྱི་ལས་གཞི”བཅས་ལས་གཞི་བཞི་ལས་གྲུབ་པ་དང་། ལས་གཞི་བསྐྲུན་ཟིན་རྗེས་སྡེ་དགེ་པར་ཁང་གི་པར་ཤིང་འགྲེམས་སྟོན་དང་། གསོག་ཉར། པར་བརྐོས། ཞིབ་འཇུག་སྲུང་སྐྱོང་། ལག་རྩལ་རྒྱུན་འཛིན་སོགས་ཀྱི་འགན་གཅིག་ལྕོགས་སུ་འཁུར་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག་དེང་རབས་ཀྱི་སྒྲ་དང་འོད། གློག་སོགས་ཀྱི་བྱ་ཐབས་སྤྱད་དེ་མཉམ་འགུལ་གྱི་མྱོང་ཚོར་མཁོ་འདོན་བྱ་རྒྱུ་ཡིན་པ་དེས་མི་རྣམས་ཀྱིས་མི་རིགས་ཀྱི་རིག་གནས་རྩ་ཆེན་ཤེས་རྟོགས་ཐུབ་རྒྱུར་ཕན་ཐོགས་ཡོད་པ་རེད།
     རྫོང་ཨུའི་པུའུ་ཨུ་ཁག་དང་། རྫོང་རིམ་པའི་སྡེ་ཚན་ཁགཁུལ་ཁོངས་གཏོགས་ཀྱི་སྲིད་འཛིན་ཁེ་ལས་དང་བྱ་གཞག་སྡེ་ཚན། རྫོང་ཁོངས་གཏོགས་ཀྱི་ཁེ་ལས་དང་བྱ་གཞག་སྡེ་ཚན་སོགས་ཀྱི་འབྲེལ་ཡོད་བློ་མཐུན་རྣམས་དང་། ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་ཁག་གཅིག་བཅས་རྩིག་རྨང་འདིང་བའི་མཛད་སྒོར་ཞུགས་ཡོད་པ་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...