སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུད་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པ་དབུ་བརྙེས་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Michung དུས་ཚོད། 2019-4-16 11:00:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     སྤྱི་ཟླ4ཚེས15ཉིན། མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པ་དབུ་བརྙེས་པའི་མཛད་སྒོ་དང་འཐུས་མིའི་ཚོགས་འདུ་ཐེངས་དང་པོ་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་བསྡུས། ཐེངས་འདིའི་ཚོགས་འདུ་ལ་མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གི་ཐིང་ཀྲང་གཞོན་པ་ཚེ་རིང་ཐར་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གཙོ་གཞོན་པ། མི་རིགས་དགེ་འོས་སློབ་གླིང་གི་ཧྲུའུ་ཅིའམ་གླིང་གཙོ། འབུམ་རམས་པའི་མཛུབ་སྟོན་དགེ་རྒན་རྒྱ་ཡེ་བཀྲ་བྷོ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་རིག་གནས་དང་ལོ་རྒྱུས་སློབ་ཨུའི་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་མཁར་རྩེ་རྒྱལ། ཀྲུང་གོའི་རི་མོའི་བཟོ་རྩལ་མཁས་ཆེན། མཚོ་སྔོན་ཞིང་ཆེན་རི་མོ་བའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ་བརྩོན་འགྲུས་རབ་རྒྱས་སོགས་ཚོགས་མི་དང་དགེ་སློབ200ལྷག་ཚོགས་འདུ་ལ་ཞུགས།
     ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་པར་སྐྲུན་ཐིན་གྱི<<མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པ་གཟུག་རྒྱུའི་ཐད་ཀྱི་ཆོག་མཆན>>དང་། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱི<<མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པའི་ཆོད་ཡིག་ཆོག་མཆན>>ཁྱབ་སྒྲོག་བྱས་ཤིང་། ཕྱོགས་སོ་སོ་ནས་མཛད་སྒོར་ལེགས་སྐྱེས་ཕུལ་བའི་རྟེན་འབྲེལ་ཞུ་ཡིག་སོགས་སྒྲོག་འདོན་བྱས། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱི་ཐིན་ཀྲང་གཞོན་པ་ཚེ་རིང་ཐར་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གཙོ་གཞོན་པ་རྒྱ་ཡེ་བཀྲ་བྷོ་གཉིས་ཀྱིས་སྒོ་བྱང་སྟེང་གི་ཡོལ་རས་ཕྱེས་ནས་ཚོགས་པ་དངོས་སུ་དབུ་བརྙེས་པ་ཁྱབ་སྒྲོག་བྱས།
      མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པ་དབུ་བརྙེས་པའི་མཛད་སྒོ་མཇུག་རྫོགས་རྗེས། མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པའི་ཐེངས་དང་པོའི་འཐུས་མིའི་ཚོགས་འདུ་དང་སྐབས་དང་པོའི་ལས་འཛིན་ཚོགས་འདུ་བསྡུས་ཤིང་། ཚོགས་འདུའི་སྟེང་མཐུན་ཚོགས་ཀྱི་སྲོལ་ཡིག་ལ་མོས་མཐུན་བྱུང་བ་དང་། ལས་འཛིན27བདམས་ཐོན་བྱུང་། དེར་མཐུད་ནས་ལས་འཛིན་ཚོགས་འདུ་བསྡུས་པ་བརྒྱུད། རྨོག་རུ་དོན་འགྲུབ་ཚེ་རིང་མཐུན་ཚོགས་ཀྱི་ལས་འཛིན་འགོ་གཙོར་བདམས་ཐོན་བྱུང་བ་དང་། བདེ་མཆོག་རྒྱལ་དང་། མཁར་རྩེ་རྒྱལ། ངག་དབང་རྒྱ་མཚོ། གཡང་འབུམ་བཅས་བཞི་ལས་འཛིན་པ་གཞོན་པར་བདམས། གུ་རུ་རྒྱ་མཚོ་དྲུང་ཡིག་ཆེན་མོ་དང་། ལྷུན་འགྲུབ་རྡོ་རྗེ་དང་རྡོ་རྗེ་རིན་ཆེན་གཉིས་དྲུང་ཡིག་གཞོན་པར་བདམས་ཐོན་བྱུང་། ཚེ་མགོན་རྒྱལ་དང་། ལྕགས་བྷེ། འཇིགས་མེད་བློ་གྲོས་སོགས་མི27ཚོགས་པའི་ལས་མིར་བདམས། རྒྱ་ཡེ་བཀྲ་བྷོ་དང་བརྩོན་འགྲུབ་རབ་རྒྱས། དཀོན་མཆོག་འཕྲིན་ལས། འདན་མ་འཇམ་དབྱངས་ཚུལ་ཁྲིམས་བཅས་མི་བཞི་བློ་འདྲི་བར་གདན་ཞུ་གནང་པ་ཁྱབ་བསྒྲགས་བྱས།
མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པ་དབུ་བརྙེས་པས། གོམ་གང་མདུན་སྤོས་སྒོས་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་གྱི་འཕེལ་རྒྱས་དང་གསར་གཏོད་ལ་སྐུལ་འདེད་ཀྱིས་རང་ཞིང་གི་བོད་ཀྱི་ཡིག་གཟུགས་ལ་དགའ་མོས་མཁན་དག་ལ་སྟེགས་བུ་གལ་ཆེན་ཞིག་བསྐྲུན་ཡོད་པ་དང་། དུས་རབས་གསར་བའི་ནང་དུ་འོད་ཟེར་སྟོང་ལྡན་གྱི་ལམ་བུ་ཞིག་གསར་དུ་བཏོད་ཡོད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...