སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་སྔོན་སློབ་དཔྱོད་ཁང་གི་འབྲེལ་ཡོད་འགོ་ཁྲིད་ཀྱིས་སློབ་ཞུགས་བྱོལ་འགོག་གི་བྱ་བར་གཟིགས་ཞིབ་བྱས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-4-26 9:09:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     ལོ་དགུའི་འགན་བབས་སློབ་གསོའི་བྱ་བ་ཁྱབ་བརྡལ་དུ་བཏང་སྟེ་ཁྱོན་ཡོངས་ནས་མི་རིགས་སློབ་གསོའི་འོས་འགན་ལག་ལེན་མཐར་ཕྱིན་བྱེད་རྒྱུ་ནི་སློབ་ལོ་རན་པའི་བྱིས་པའི་མདུན་ལམ་དང་སྒོས་སུ་མི་རིགས་མཐུན་སྒྲིལ་དང་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་རྩ་བའི་རྨང་གཞིར་གྱུར་ཡོད་སྟབས། ང་ཚོས་ཡང་དག་པའི་ཏང་གི་མི་རིགས་སློབ་གསོའི་བྱ་བའི་བྱེད་ཕྱོགས་གཞིར་བཟུང་ནས་ཤེས་རིག་ལྡན་ཞིང་ཀུན་སྤྱོད་ལེགས་པའི་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་གསོ་སྐྱོང་བྱེད་པའི་ཐད་ལ་ནུས་པ་གང་ཡོད་འདོན་དགོས་པ་རེད། ཁྱོན་ཡོངས་ནས་སློབ་ཞུགས་བྱོལ་འགོག་གི་བྱ་བ་དང་ལེན་བྱ་རྒྱུ་ནི་ང་ཚོའི་ཐུན་མོང་གི་རེ་འདུན་ཉག་གཅིག་ཡིན་ལ་སློབ་གྲྭར་ཞུགས་ཚད་རྒྱུན་འཁྱོངས་བྱེད་རྒྱུ་ནི་སློབ་གསོའི་བྱ་བ་གཉེར་མཁན་དག་གིས་འབད་བརྩོན་བྱེད་དགོས་པའི་རླབས་ཆེན་གྱི་འོས་འགན་ཞིག་ཀྱང་ཡིན་སྲིད་པས། རླབས་ཆེ་ཞིང་གཟི་བརྗིད་ལྡན་པའི་བྱ་གཞག་འདི་དར་རྒྱས་གོང་འཕེལ་དུ་གཏོང་དགོས་པ་རེད། 
     2019ལོའི་ཟླ4ཚེས17ཉིན་གྱི་ཕྱི་དྲོ་ཞིང་ཆེན་སློབ་དཔྱོད་ཁང་གི་འབྲེལ་ཡོད་འགོ་ཁྲིད་དག་གུང་ཧོ་རྫོང་གི་རྫོང་དཔོན་གཞོན་པ་ཧྭན་ཀྲུང་མེ་དང་མཚོ་ལྷོ་ཁུལ་སློབ་གསོ་ལྟ་སྐུལ་ཁང་གི་ཀྲུའུ་རིན་འཕགས་པ་ཚེ་རིང་། གུང་ཧོ་རྫོང་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་འཇམ་དབྱངས་སོགས་ཀྱིས་སྣེ་ཁྲིད་དེ་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་སློབ་ཞུགས་བྱོལ་འགོག་བྱ་བར་གཟིགས་ཞིབ་ཏུ་ཕེབས་པ་རེད། 
 
     ཐོག་མར་ཐེངས་འདིའི་གཟིགས་ཞིབ་དུ་ཕེབས་པའི་འབྲེལ་ཡོད་འགོ་ཁྲིད་དག་ལ་རང་སློབ་གྲྭའི་སློབ་སྤྱི་གཞོན་པ་ཚེ་གཟུངས་ལགས་ཀྱིས་སློབ་ཞུགས་བྱོལ་འགོག་བྱེད་པའི་བྱ་བའི་ཐད་ནས་སྙན་ཞུ་ཕུལ་བ་རེད། ཁོང་གིས་གཅིག་ནས་སློབ་མ་དག་གི་ཀུན་སྤྱོད་དང་བསམ་བློ། སློབ་སྦྱོང་གི་རྣམ་པ། སྦྱངས་བརྩོན་གྱི་ཆུ་ཚད། སྦྱང་གཞིའི་སློབ་དེབ་དང་དུས་ལྟར་ལེགས་འགྲུབ་བྱེད་བཞིན་པའི་ལས་བྱའི་ཁ་གྲངས་སོགས་གནད་དུ་བཟུང་ནས་ཡར་ཞུ་བྱས་པ་མ་ཟད། རང་སློབ་གྲྭའི་སློབ་སྤྱི་གཡུང་དྲུང་བསྟན་པ་ལགས་ཀྱིས་ཡང་དག་པའི་སྣེ་ཁྲིད་འོག་དགེ་རྒན་རྣམས་ཀྱིས་སློབ་ཞུགས་བྱོལ་འགོག་གི་བྱ་བའི་ཐད་ལ་རང་ནུས་གང་ཡོད་སྒོས་བསྐྱར་ཞུགས་སློབ་མའི་ཆུ་ཚད་དང་མཐུན་པའི་རང་སློབ་གྲྭའི་སློབ་གཞིའི་སློབ་དེབ་རྩོམ་སྒྲིག་བྱས་ཚུལ། མདོར་ན་ལོ་དགུའི་འགན་བབས་སློབ་གསོའི་བྱ་གཞག་ལེགས་འགྲུབ་བྱེད་པའི་ཐད་ལ་བཏོན་དང་འདོན་བཞིན་པའི་གནས་ཚུལ་སོགས་ཕྲ་ཞིང་ཞིབ་པའི་སྒོ་ནས་ཡར་ཞུ་བྱས་པ་རེད། 
     ཐེངས་འདིའི་ཞིབ་བཤེར་དུ་ཕེབས་པའི་འབྲེལ་ཡོད་འགོ་ཁྲིད་དག་གིས་ཀྱང་སློབ་སྤྱི་གཞོན་པ་ཚེ་གཟུངས་ལགས་ཀྱིས་ཡར་ཞུ་བྱས་པ་ལྟར་སློབ་ཁང་དུ་སོང་ནས་སློབ་མ་དངོས་དང་འབྲེལ་འདྲིས་སྒོས་སློབ་སྦྱོང་གི་གནས་བབས་ལ་རྒྱུས་ལོན་གསལ་བོ་བྱས་པ་མ་ཟད། སློབ་གྲོགས་རེ་རེར་དྲི་བ་བཏོན་ཏེ་སློབ་སྦྱོང་བྱེད་དགོས་པའི་སྐོར་གྱི་ཞལ་གསུངས་ཡང་དག་གནང་བ་ཡིན་ལ། ལྷག་པར་དུ་སློབ་གྲོགས་ཚོའི་སློབ་གཉེར་གྱི་གནས་ཚུལ་དང་བསམ་བློའི་འདུ་ཤེས་བཅས་ཀྱི་ཐད་ནས་རྒྱུས་ལོན་བྱས་ཏེ། སློབ་གྲྭས་མུ་མཐུད་དུ་སློབ་ཞུགས་བྱོལ་འགོག་གི་བྱ་བར་མཐོང་ཆེན་དང་ཆད་ལྷག་མེད་པའི་ངང་ནས་རྒྱུན་འཁྱོངས་བྱེད་དགོས་པའི་ཐད་ནས་རེ་བ་ནན་མོ་བཏོན་པ་རེད། 
     མཇུག་མཐར་འབྲེལ་ཡོད་འགོ་ཁྲིད་དག་གིས་སློབ་གྲྭའི་སློབ་ཞུགས་བྱོལ་འགོག་བྱ་བའི་ཐད་ལ་ཕྱོགས་གཉིས་ཀྱི་ཆ་ནས་བསྔགས་བརྗོད་བྱས་པ་རེད། གཅིག་ནས་མ་བསྐུལ་དང་ལེན་སྒོས་སློབ་མའི་ཆུ་ཚད་དང་བསྟུན་ནས་རང་སློབ་གྲྭའི་སློབ་གཞིའི་སློབ་དེབ་རྩོམ་སྒྲིག་བྱས་པ་ཤིན་ཏུ་འཚམ་པ་དང་། གཉིས་ནས་སློབ་མའི་ཆུ་ཚད་ལྟར་འཛིན་གྲྭ་བགོས་པ་ཧ་ཅང་ཚུལ་མཐུན་དང་ཐབས་ཤེས་ལེགས་པོ་ཡིན་པས།   རྗེས་ཕྱོགས་སུ་སློབ་ཞུགས་བྱོལ་འགོག་གི་བྱ་བར་སྔར་ལས་ལྷག་པའི་སྒོ་ནས་རྒྱུན་འཁྱོངས་དང་ལོ་དགུའི་འགན་བབས་སློབ་གསོའི་ལས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་སྔ་ན་མེད་པའི་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་ལེན་དགོས་པའི་རེ་བ་བཏོན་པ་རེད། 
    འབྲེལ་ཡོད་འགོ་ཁྲིད་དག་གིས་ཡང་དག་པའི་སློབ་སྟོན་དང་སྐུལ་སློང་མཛད་པ་བརྒྱུད་ནས་སློབ་ཞུགས་བྱོལ་འགོག་བྱེད་པའི་བྱ་བར་རང་ནུས་གང་ཡོད་འདོན་དགོས་ཚུལ་དང་ཁྱད་པར་དུ་རྗེས་ཕྱོགས་ཀྱི་སློབ་གསོའི་ལས་དོན་འཐུས་ཚང་སྒོས་སྒྲུབ་པའི་ཆར་རང་ནུས་གང་ཡོད་འདོན་དགོས་པའི་འདུ་ཤེས་བསྐྱེད་པར་བྱས་པ་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...