སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྒྱབ་ཁབ་ཀྱི་སྲིད་ཇུས་ལྟར་སློབ་ཡོན་སྤྲད་མི་དགོས་པའི་གསོ་རིག་སློབ་མ་བསྡུ་བའི་བརྡ་ཁྱབ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-5-15 10:01:00 རྩོམ་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས།
     ཉེ་སྔོན། སློབ་གསོ་པུའུ་ཡིས《2019ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་དབུས་ནུབ་རྒྱུད་ས་ཁུལ་གྱི་ཞིང་སྡེར་ཁ་ཕྱོགས་པའི་སློབ་ཡོན་སྤྲད་མི་དགོས་པའི་དངོས་གཞིའི་གསོ་རིག་སློབ་མ་བསྡུ་བའི་བརྡ་སྦྱོར》ཁྱབ་བསྒྲགས་བྱས་ཤིང་། ད་ལོར་མུ་མཐུད་དུ་ཞིང་སྡེར་ཁ་ཕྱོགས་ཏེ་སློབ་ཡོན་སྤྲད་མི་དགོས་པར་གསོ་རིག་སློབ་མ་གསོ་སྐྱོང་བྱ་རྒྱུ་རེད། 2019ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་མཐོ་རིམ་སློབ་གླིང་དབུས་ནུབ་རྒྱུད་ཀྱི་ཞིང་སྡེ་དང་གྲོང་རྡལ་འཕྲོད་བསྟེན་ཁང་གི་གསོ་སྐྱོང་བྱ་ཡུལ་དུ་བཞག་ནས། སློབ་ཡོན་སྤྲད་མི་དགོས་པར་ལོ་ལྔའི་ལམ་ལུགས་ཀྱི་དངོས་གཞིའི་གསོ་རིག་སློབ་མ་བསྡོམས་པའི6700བསྡུ་རྒྱུ་ཡིན་ཞིང་། དེའི་ཁྲོད་མཚོ་སྔོན་གྱི་སློབ་མ80ཡོད་པ་རེད། (ནད་ཐོག་གསོ་རིག་སློབ་མ40དང་ཀྲུང་ལུགས་གསོ་རིག་སློབ་མ40འདུ།)
     སློབ་ཡོན་སྤྲད་མི་དགོས་པར་དངོས་གཞིའི་གསོ་རིག་སློབ་བསྡུའི་ཁྲོད་ཞིང་སྡེའི་སློབ་མ་གཅིག་པུ་བསྡུ་རྒྱུ་ཡིན་ལ། རྒྱུགས་ཞུགས་སློབ་མར་གཤམ་གྱི་ཆ་རྐྱེན་འདི་དག་ཚང་དགོས།
     གཅིག 2019ལོའི་གཅིག་གྱུར་མཐོ་རྒྱུགས་ཀྱི་མིང་ཐོའི་ཆ་རྐྱེན་དང་མཐུན་དགོས།
     གཉིས། མི་སྒེར་དང་ཕ་མ། ཡང་ན་ཁྲིམས་བཀོད་ལྟ་སྐྱོང་མཁན་གྱི་ཁྱིམ་ཐོ་ངེས་པར་དུ་ཞིང་སྡེའི་ཁྱིམ་ཐོ་ཡིན་དགོས་ཤིང་། མི་སྒེར་ལ་ས་གནས་དེ་གའི་ལོ3ཡན་གྱི་ཁྱིམ་ཐོ་ཡོད་དགོས།
     གསུམ། རང་རེའི་ཞིང་ཆེན་གྱིས་གཏན་འབེབས་བྱས་པའི་ཆ་རྐྱེན་གཞན་དག་དང་མཐུན་དགོས།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...