སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
༄༅། །ར་རྔ་ཁ་བོད་ཡིག་སློབ་འབྲིང་གིས་མཐར་ཕྱིན་སློབ་མ་ཡོངས་ལ་སྐྱེལ་མ་བྱས།
རྩོམ་པ་པོ། ཚེ་རྡོར། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-6-10 9:25:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

འཁྲབ་རྩལ་ལྡན་པའི་ངང་ནས་ངོ་མཚར་དཔལ་གྱིས་ཕྱུག་པའི་བོད་ཀྱི་དམངས་སྲོལ་
སྒྱུ་རྩལ་རལ་པས་ཐེངས་འདིའི་ཡོ་ལང་གི་དབུ་མཛད།

བོད་རྒྱ་དབྱིན་གསུམ་གྱི་མདོ་འཛིན་པ་གར་སྟེགས་སུ་བུད་དེ་ཁ་གཡང་དང་བཅས་ཐེངས་འདིའི་བྱ་འགུལ་མཚམས་སྦྱོར་བྱས་ཏེ་
སློབ་གཙོ་ལགས་ཀྱིས་གསུང་བཤད་གནང་བར་གདན་འདྲེན་ཞུས།

ཞབས་བྲོའི་ཟུར་ཞིག
     སྤྱི་ཟླ6པའི་ཚེས3ཉིན། དར་མདོ་གྲོང་ཁྱེར་བོད་ཡིག་སློབ་འབྲིང་གིས་མཐར་ཕྱིན་སྤྲོ་ཚོགས་གསེར་གྱི་ལམ་ཆེན་ཞེས་པ་སྤེལ་ནས་ད་ལོ་འབྲིང་རྒྱུགས་དང་མཐོ་རྒྱུགས་ལ་ཞུགས་པའི་མཐར་ཕྱིན་སློབ་མ་ཚོར་གླུ་གར་གྱི་སྐྱེལ་མ་གྱ་ནོམ་པ་ཕུལ་ཏེ་སློབ་བུ་ཚོའི་མདུན་ལམ་ཡངས་ཤིང་ཁ་ལས་དགེ་བ། འབྲིང་མཐོ་རྒྱུགས་ལས་རྣམ་པར་རྒྱལ་བའི་སྨོན་འདུན་དང་བཅས་རེ་བ་བཅོལ་ཏོ། །
བྱ་འགུལ་གྱི་ཐོག་མར་རང་སློབ་གྲྭའི་མི་ཉག་གི་ཁྱད་ཆོས་ལྡན་པའི་སློབ་གསེང་ཞབས་བྲོ་ཡིས་ཕྱོགས་བཞི་
མཚམས་བརྒྱད་ནས་ཕེབས་པའི་སྐུ་མགྲོན་དང་ལྟད་མོ་བ་ཡོངས་བསུས།
 


དགེ་རྒན་བླ་མ་སྐྱབས་ཀྱི་སྙན་ངག་གྱེར་འདོན།

ཞབས་བྲོའི་ཟུར་ཞིག
     དེར་མཐུད་ཕུལ་བྱུང་གི་དགེ་རྒན་དང་སློབ་མ་རྣམས་ལ་གཟེངས་བསྟོད་ཀྱི་བྱ་དགའ་གནང་། མ་ཟད་ལོ་ངོ་གསུམ་གྱི་རིང་ལ་དཀའ་བ་ཕྲག་ཏུ་བླངས་ནས་ལྷག་བསམ་རྣམ་དག་གིས་སློབ་མ་ཚོ་གཅེས་པའི་བུ་བཞིན་གསོ་སྐྱོང་བྱས་ཤིང་རང་ནུས་ཅི་ལྕོགས་ཀྱིས་སློབ་གྲྭར་སྲི་ཞུ་སྒྲུབ་མཁན་གྱི་མཐར་ཕྱིན་འཛིན་བདག་ཡོངས་ལ་བཀའ་དྲིན་ཞུ་བའི་ཁ་བཏགས་འབུལ་ཞིང་བསྔགས་བརྗོད་བྱས།

ཤོམ་བྱས་པའི་རྣམ་པ།

ཞབས་བྲོའི་ཟུར་ཞིག
     སྤྱི་ཟླ6པའི་ཚེས4ཉིན་མཐོ་རྒྱུགས་ལ་ཞུགས་རན་པའི་མཐར་ཕྱིན་སློབ་མ་ཚོ་དམ་པའི་དགེ་རྒན་དང་བརྩེ་བའི་སློབ་གྲོགས། གཅེས་པའི་སློབ་གྲྭ་ལ་གྱེས་རན་པས་ཁ་བཏགས་དང་བཅས་བཀའ་དྲིན་རྗེས་སུ་དྲན་པ་དང་ཆབས་ཅིག་ཏུ་དགེ་རྒན་དང་ས་ཐག་ཉེ་རིང་ནས་ཕེབས་པའི་མི་སྐྱ་ཕོ་མོ་ཡོངས་ཀྱིས་བཀྲ་ཤིས་ཁ་གཡང་བརྗོད་པའི་རྟེན་འབྲེལ་ཞུས་སོ། །

དགེ་སློབ་ཕན་ཚུན་དང་མི་སྐྱ་ཕོ་མོས་ཁ་བཏགས་ཕུལ་བའི་རྣམ་པ།

མཐར་ཕྱིན་སློབ་མ་རྣམས་ཀྱིས་སློབ་གྲྭར་མོས་གུས་བྱས་པའི་རྣམ་པ།

མཐོ་འབྲིང་མཐར་ཕྱིན་སློབ་མ་ཡོངས་དང་སློབ་གྲྭའི་དབུ་ཁྲིད་རྣམས་ཀྱི་མཉམ་པར།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...