སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
དཀར་མཛེས་སུ་གངས་ལྗོངས་ཡིག་གཟུགས་སྣ་བརྒྱའི་ཞལ་ཐང་རིང་མོ་བཤམས་སྟོན་བྱས་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-7-1 11:11:00 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས།
 
      ཉེ་སྔོན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གི་ལུས་རྩལ་ཐང་ཆེན་དུ་གངས་ལྗོངས་ཡིག་གཟུགས་སྣ་བརྒྱའི་ཞལ་ཐང་རིང་མོ་བཤམས་སྟོན་མཛད་སྒོ་སྤེལ་བ་དང་། སློབ་གྲྭ་དེའི་དགེ་སློབ་ཡོངས་དང་རྫོང་དེའི་སློབ་ཆུང་ཁག་གི་བོད་ཡིག་དགེ་རྒན།  དཀར་མཛེས་རྫོང་རྒྱང་བསྒྲགས་གསར་གྱུར་ཁང་གི་གསར་འགོད་པ། སྤྱི་ཚོགས་ཀྱི་ལས་རྐང་སོ་སོའི་ལས་བྱེད་པ། དེ་མིན་ས་གནས་དེ་གའི་མང་ཚོགས་སོགས་མི་གྲངས་སྟོང་གསུམ་ལ་ཉེ་བ་བཤམས་སྟོན་མཛད་སྒོར་ཞུགས་ཡོད།
      ཤེས་རྟོགས་བྱུང་བར་གཞིགས་ན། གངས་ལྗོངས་ཡིག་གཟུགས་སྣ་བརྒྱའི་ཞལ་ཐང་རིང་མོ་འདི་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་སློབ་འབྲིང་གི་དགེ་རྒན་བསོད་ནམས་དབང་རྒྱལ་དང་དཀར་མཛེས་གསེར་བྲིས་ཁང་གི་བྱམས་པ་རྡོ་རྗེ། དཀར་མཛེས་རྫོང་འདན་མ་སློབ་ཆུང་གི་དགེ་རྒན་བསྟན་འཛིན་དབྱིག་གཉེན་གསུམ་གྱིས་གསར་དུ་བྲིས་པ་ཡིན་ཞིང་། དེ་ཡང2014ལོའི་ཟླ་བ་དང་པོ་ནས་མགོ་བརྩམསས་ཏེ་བགྲང་བྱ་ལོ་ལྔའི་རིང་དུ་ལས་ཞོར་གྱི་དུས་ཚོད་གང་ཡོད་སྤྱད་དེ་འབད་པ་ལྷུར་ལེན་བགྱིས་པས། མཐར2019ལོའི་ཟླ4པའི་ཚེས25ཉིན་བདེ་བླག་ངང་ལེགས་འགྲུབ་བྱུང་བ་རེད། ཞལ་ཐང་རིང་མོ་འདིའི་རིང་ཚད་ལ་སྨི355.5ཡོད་པ་དང་། ཡིག་གཟུགས་ལས་སྟག་གཟིག་སྤུངས་ཡིག་དང་སྨར་ཆེན་སྨར་ཆུང་། ལྷ་བབ་ཡི་གེ འབྲུ་ཚ་སྒོང་ཞབས་མ། གཏེར་ཡིག མཁའ་འགྲོའི་བརྡ་ཡིག གཏེར་ཡིག ཨམ་ཡིག  ཁམས་བྲིས། དབུས་བྲིས། གཙང་བྲིས། སྡེབ་བྲིས། ཀརྨ་སྒར་བྲིས། ཧོར་ཡིག ལཉྫ། ཝ་རྟུ། བློ་ལྡན་ཡིག་གསར་བཅས་གནའ་དེང་གི་ཡིག་སྣ230དང་བོད་ཀྱི་ལེགས་བཤད་ཆེན་མོ་བཞིའི་ནང་གི་ལེགས་བཤད་བཅས་འདུས་པས། སྣ་མང་རང་བཞིན་ལྡན་པའི་ཡིག་གཟུགས་ཞལ་ཐང་ཞིག་ཡིན་ལ། མིག་སྔའི་བར་འཛམ་གླིང་དུ་ཆེས་རིང་བ་དང་ཡིག་སྣ་ཆེས་མང་བའི་བོད་ཀྱི་ཡིག་གཟུགས་ཀྱི་ཞལ་ཐང་གཅིག་པུ་དེ་རེད་འདུག
དཀར་མཛེས་སུ་གངས་ལྗོངས་ཡིག་གཟུགས་སྣ་བརྒྱའི་ཞལ་ཐང་རིང་མོ་བཤམས་སྟོན་བྱས།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...