སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ལྷ་སར་ཀྲུང་གོ་མི་དམངས་སློབ་ཆེན་གྱི་ཞོར་གཏོགས་སློབ་འབྲིང་སྟེ་ལྷ་སའི་བདེ་སྐྱིད་སློབ་གྲྭ་བསྐྲུན་རྒྱུ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-7-1 11:16:00 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས།
     ཉེ་སྔོན་རྒྱུས་ལོན་བྱུང་གསལ། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་། ཀྲུང་གོ་མི་དམངས་སློབ་ཆེན་གྱི་ཞོར་གཏོགས་སློབ་འབྲིང་གི་མཉམ་འབྲེལ་སློབ་གྲྭའི་སྤྱི་ཁྱབ་སློབ་གྲྭ ཀྲུང་གོ་མི་དམངས་སློབ་ཆེན་གྱི་ཞོར་གཏོགས་སློབ་འབྲིང་བཅས་ཀྱིས་ཉེ་སྔོན་པེ་ཅིང་དུ་མཉམ་ལས་སློབ་གཉེར་གྱི་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་ནས་ཀྲུང་གོ་མི་དམངས་སློབ་ཆེན་གྱི་ཞོར་གཏོགས་སློབ་འབྲིང་ལྷ་སའི་བདེ་སྐྱིད་སློབ་གྲྭ་བསྐྲུན་རྒྱུ་ཡིན་པ་རེད། སློབ་གྲྭའི་རྒྱ་ཁྱོན་མུའུ་310ལྷག་ཙམ་ཡོད་པ་དང་ཀྲུང་གོ་མི་དམངས་སློབ་ཆེན་གྱི་ཞོར་གཏོགས་སློབ་འབྲིང་ཇུས་འགོད་མཛུབ་ཁྲིད་ནང་ཞུགས་ཏེ་གངས་ལྗོངས་ས་མཐོར་དེང་རབས་ཅན་གྱི་སློབ་གྲྭ་གསར་རྐྱང་ཞིག་བསྐྲུན་རྒྱུ་རེད།
     མཉམ་ལས་སློབ་གྲྭའི་སློབ་གྲྭའི་ལམ་ལུགས་ཐད་བུ་བཅོལ་ཁང་དང་། སློབ་ཆུང་། དམའ་རིམ་སློབ་འབྲིང་། མཐོ་རིམ་སློབ་འབྲིང་བཅས་གཞི་གཅིག་ཅན་གྱི་སློབ་གཉེར་བྱེད་ཐབས་སྤྱོད་རྒྱུ་དང་། སློབ་གསོའི་དཔེ་སྟོན་དང་གསོ་སྦྱོང་རྟེན་གཞིའི་ཕན་ནུས་གཅིག་ལྕོགས་ལྡན་ཡོད་པ། སློབ་མའི་གཞི་ཁྱོན་མི་3000མན་དུ་ཚོད་འཛིན་བྱ་རྒྱུ་བཅས་ཡིན་ཞིང་། སློབ་གསོའི་དཔེ་སྟོན་དང་གསོ་སྦྱོང་རྟེན་གཞི་བསྐྲུན་རྗེས་ལོ་ལྟར་ཉུང་མཐར་ཡང་མི་ཐེངས་1000ལྷག་ཙམ་གསོ་སྦྱོང་ཐུབ་རྒྱུ་རེད། སློབ་གྲྭས་བོད་རང་སྐྱོང་ལྗོངས་དང་ཐ་ན་ལྷ་ས་གྲོང་ཁྱེར་གྱི་སྲིད་འཛིན་ཁུལ་གྱི་ཁྱབ་ཁོངས་ནས་སློབ་མ་བསྡུ་རྒྱུ་དང་། མཐོ་རིམ་སློབ་འབྲིང་ཚན་ཁག་གིས་རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་སློབ་འབྲིང་གི་ཚད་གཞི་ལྟར་སློབ་མ་བསྡུ་རྒྱུ་དང་ལེགས་འདེམས་བསྡུ་ལེན་བྱ་རྒྱུ་རེད། དམའ་རིམ་སློབ་འབྲིང་དང་སློབ་ཆུང་གི་ཚན་ཁག་གིས་གཙོ་བོ་ཡུག་ཁུལ་སློབ་མ་སློབ་ཞུགས་ཐུབ་རྒྱུར་གཞོལ་རྒྱུ་རེད། ཆ་རྐྱེན་འཐུས་སྒོ་ཚང་དུ་སོང་རྗེས་ཀྲུང་ཕྱིའི་སློབ་ཚན་མ་ལག་མཉམ་འདྲེས་དང་གསར་གཏོད་འཚོལ་ཞིབ་བྱ་རྒྱུ་རེད། མཉམ་ལས་སློབ་གྲྭས་སློབ་གསོའི་ཆོས་ཉིད་ལ་བསྟུན་པ་དང་། ཀྲུང་གོ་མི་དམངས་སློབ་ཆེན་ཞོར་གཏོགས་སློབ་འབྲིང་གི་སློབ་གཉེར་འདུ་ཤེས་ལ་བརྟེན་ཏེ། སློབ་ཚན་བཀོད་སྒྲིག་དང་། སློབ་ཁྲིད་དོ་དམ། དགེ་རྒན་གསོ་སྐྱོང་། སློབ་གྲྭའི་དོ་དམ་སོགས་ཕྱོགས་ཡོངས་ནས་མི་དམངས་སློབ་ཆེན་གྱི་ཞོར་གཏོགས་སློབ་འབྲིང་གི་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ནང་འདྲེན་བྱ་རྒྱུ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་མཉམ་ལས་ཀྱི་དམིགས་ཡུལ་ནི་ལྷ་སས་སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་ནང་འདྲེན་ལ་སྐུལ་འདེད་གཏོང་རྒྱུ་དང་ སློབ་གསོའི་ཞན་ཆ་གསབ་ནས་ལྷ་སའི་སློབ་གསོའི་གསར་གཏོད་འཕེལ་རྒྱས་མངོན་འགྱུར་བྱ་རྒྱུ་དང་ཆབས་ཅིག“རྒྱལ་ནང་གི་གྲགས་ཅན་སློབ་གྲྭ་རྩེ་གྲ”སྟེ་ཀྲུང་གོ་མི་དམངས་སློབ་ཆེན་གྱི་ཞོར་གཏོགས་སློབ་འབྲིང་གི་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ཀྱི་ཁྱབ་འགྱེད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས“སྣེ་ཁྲིད་དང་འགན་ཁུར”གྱི་སློབ་གཉེར་ལས་འགན་མངོན་འགྱུར་བྱས་ཏེ“སློབ་གྲྭ་དང་ས་གནས་མཉམ་ལས”ལ་སྐུལ་འདེད་གཏོང་རྒྱུ་དེ་རེད།
     གཞན་ཡང་ངོ་སྤྲོད་བྱས་པར་གཞིགས་ན། བོད་སྐྱོར་ལས་དོན་ནི་པེ་ཅིང་སློབ་གསོའི་བོད་སྐྱོར་ལས་དོན་གྱི་ལྟེ་བའི་ནང་དོན་དུ་བརྩིས་ནས་ལོ་མང་ལས་དོན་གཏིང་ཟབ་སྤེལ་ཡོད། 2019ལོའི་ཟླ་3པའི་ཟླ་མཇུག་བར་པེ་ཅིང་གྲོང་ཁྱེར་གྱིས་ཁྱོན་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་དང་། ལྷ་ས་པེ་ཅིང་སློབ་འབྲིང་། ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་དང་པོ། ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོ་སོགས་སློབ་གྲྭ་4ལ་ཁ་གཏད་རོགས་སྐྱོར་བྱས་པ་དང་སློབ་ཆུང་དང་། སློབ་འབྲིང་། ལས་རིགས་སློབ་གྲྭ་སོགས་ཀྱི་སློབ་སྦྱོང་དུས་མཚམས་ཚང་མར་ཁྱབ་ཡོད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...