སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ནག་ཆུར་བསྟན་འཛིན་གྱི་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན་སྤེལ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-7-3 9:40:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


དགེ་རྒན་བསྟན་འཛིན་ལགས་མཆོག་ཀྱི་བརྩམས་བྱ།
དགེ་རྒན་བསྟན་འཛིན་ལགས་མཆོག་ཀྱི་བརྩམས་བྱ།

དགེ་རྒན་བསྟན་འཛིན་ལགས་མཆོག་ཀྱི་བརྩམས་བྱ།

     ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་དང་རྒྱུན་འཛིན་གཏོང་ཆེད་དང་། བོད་སྐད་ཡིག་གི་ཡི་གེའི་གཟུགས་རིས་ཀྱི་སྒྱུ་རྩལ་གྱི་སྙིང་བཅུད་ཉམས་ལེན་ཐུབ་ཕྱིར། སྔར་ལས་ལེགས་པའི་སྒོ་ནས་སློབ་གྲྭའི་རིག་གནས་ཁོར་ཡུག་བཟང་པོ་ཞིག་གཏོད་ཆེད་དུ། ཉེ་སྔོན། ནག་ཆུ་གྲོང་ཁྱེར་སློབ་ཆུང་བོད་ཡིག་རྐང་འཛིན་དགེ་རྒན་ལས་སྒྲུབ་ཁང་གིས་བོད་ཀྱི་ཡིག་མཁན་དགེ་རྒན་བསྟན་འཛིན་ལགས་ཀྱི་སོར་མོའི་རྩལ་ལས་འཁྲུངས་པའི་རིན་བྲལ་གྱི་ཕུལ་བྱུང་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན་གྱི་བྱེད་སྒོ་དེ་ནག་ཆུ་གྲོང་ཁྱེར་སློབ་ཆུང་གི་ལོ་རྒྱུས་ཁང་ནང་དུ་སྤེལ་བ་རེད།


དགེ་རྒན་བསྟན་འཛིན་ལགས་ཀྱི་བརྩམས་བྱར་གཟིགས་ཞིབ་གནང་བ།

དགེ་རྒན་བསྟན་འཛིན་ལགས་ཀྱི་བརྩམས་བྱར་གཟིགས་ཞིབ་གནང་བ།
     དགེ་རྒན་བསྟན་འཛིན་ལགས་མཆོག་ནི་སྤྱི་ལོ1972ལོར་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཡངས་པ་ཅན་དུ་སྐྱེས། ཆུང་དུས་ནས་ས་གནས་སློབ་གྲྭ་ཆུང་འབྲིང་དུ་སློབ་སྦྱོང་བྱས། དེ་ནས་ལས་ཞོར་དུ་ཅོག་གྲྭ་སྐུ་ཕྲེང་བརྒྱད་པ་ཆོས་ཀྱི་སེང་གེ་དང་། རྩེ་དྲུང་བྱམས་པ་འཕྲིན་ལས་སོགས་མཁས་པའི་དབང་པོ་བཅུ་ཕྲག་ལྷག་བཤེས་གཉེན་དུ་བསྟེན་ནས་བོད་ཀྱི་ཡིག་གཟུགས་སོགས་རིག་གནས་སྤྱི་ལ་སྦྱངས་པ་ཧུར་ལེན་བྱས་ཏེ་དར་མའི་རྒྱུགས་སྤྲད་དེ་ཆེད་ལས་སློབ་ཆེན་གྱི་སློབ་གནས་བླངས་རྗེས་ཐལ་སྤུངས་སྒང་སྔོན་འགྲོའི་སློབ་གྲྭའི་དགེ་རྒན་བྱས། མི་ལོ་ཉི་ཤུ་ལྷག་གི་ནང་དུ་སློབ་མ་སྟོང་ཕྲག་མང་པོའི་ཡིག་རྨོངས་སེལ་བ་དང་དར་མ་བརྒྱ་ཕྲག་མང་པོར་བྲིས་དང་བརྡ་སྤྲོད་ཀྱི་སློབ་ཁྲིད་བྱས་ཏེ་ཁྲེང་ཀོན་ཆུས་དང་ལྷ་ས་གྲོང་ཁྱེར་རིམ་པའི་སྔོན་ཐོན་དགེ་རྒན་གྱི་མཚན་སྙན་མང་པོ་ཐོབ་ཅིང་ད་བར་ཡིག་གཟུགས་འགྲན་བསྡུར་ཁག་ནང་ཐོན་མིའི་མཛུབ་རིས་མིང་ཅན་གྱི་རིམ་པ་དང་པོའི་བྱ་དགའ་སོགས་ལྗོངས་དང་ཞིང་ཆེན་རིམ་པའི་བྱ་དགའ་སུམ་ཅུ་ལྷག་ཐོབ་པ་དང་། གངས་ལྗོངས་རིག་གནས་སོགས་དུས་དེབ་དང་ཚགས་པར་ཁག་ཏུ་ཆེད་རྩོམ་བཅུ་ཕྲག་ལྷག་སྤེལ་བ་དང་། ཧི་མ་ལ་ཡ་དང་གངས་ཅན་མཉེན་ཆས་ཀྱི་ཡིག་གཟུགས་ཁག་གསུམ་གསར་འཇུག་དང་། སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ཡིག་གཟུགས་སློབ་དེབ་དང་ཀ་དཔེ། དེ་བཞིན《བོད་ཀྱི་རྒྱུན་སྤྱོད་ཡིག་གཟུགས་འབྲི་ཚུལ་མཁས་པའི་ཞལ་གདམས》ཞེས་པ་དཔར་བསྐྲུན་དང་འགྲེམ་སྤེལ། ཐོན་མིའི་ཕྱག་རྒྱུན་བརྙན་རིས་མ་ཞེས་པའི་བོད་ཡིག་ཡིག་གཟུགས་བརྙན་ཕབ་བསླབ་གཞི་བརྙན་ལེན་སོགས་བྱས་ཡོད། ད་ལྟ་ཀྲུང་གོ་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི། བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་སྐུ་གཞོན། ལྗོངས་གཞོན་ནུ་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་གཙོ་འཛིན་གཞོན་པ། བོད་རང་སྐྱོང་ལྗོངས་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་རྒྱུད་འཛིན་པ། ནག་ཆུ་ས་གནས་དགེ་རྒན་གསོ་སྐྱོང་ལྟེ་གནས་ཀྱི་ཆེད་མངགས་གདན་ཞུའི་འཆད་ཁྲིད་པ། ཐལ་སྤུངས་སྒང་སྔོན་འགྲོའི་སློབ་གྲྭ་དང་འོ་བརྒྱལ་ཐང་སྔོན་འགྲོའི་སློབ་གྲྭའི་སློབ་སྤྱིའི་འགན་འཁུར་བཞིན་པའོ།།

དགེ་རྒན་བསྟན་འཛིན་ལགས་མཆོག་ནས་ཤིས་ཚིག་བསྒྲོན་བཞིན་པ།

བོད་ཀྱི་ཡིག་མཁན་དགེ་རྒན་བསྟན་འཛིན་ལགས་མཆོག
     ཐེངས་འདིའི་བྱེད་སྒོའི་ནང་། ནག་ཆུ་གྲོང་ཁྱེར་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་སྐུ་གཞོན་རྒན་ཚེ་རིང་དར་འཕེལ་ལགས་དང་། ལྷ་ས་གྲོང་ཁྱེར་དགེ་རྒན་གསོ་སྦྱོང་ལྟེ་གནས་ཀྱི་ལས་འཁྱུར་དགེ་རྒན་གྲགས་ཅན་རྒན་བསོད་ནམས་ཚེ་རིང་ལགས། ནག་ཆུ་གྲོང་ཁྱེར་སློབ་གསོ་ཅུའུ་སློབ་དཔྱོད་ཁང་གི་བོད་སྐད་ཡིག་སློབ་དཔྱོད་འགན་ཁུར་བ་རྒན་སྐལ་བཟང་དབྱངས་ཅན་ལགས་དང་།  གྲོང་ཁྱེར་ཐད་གཏོགས་སློབ་གྲྭ་ཁག་གི་སློབ་སྤྱི་ཁག་དང་། བོད་ཡིག་དགེ་རྒན་ཡོངས་རྫོགས། དེ་བཞིན་སློབ་གྲྭ་ཁག་གི་དགེ་རྒན་གྱི་འཐུས་ཚོགས་དང་། སློབ་མའི་འཐུས་ཚོགས། ཁྱིམ་བདག་གི་འཐུས་ཚོགས། སྤྱི་ཚོགས་ལས་རིགས་ཁག་ནས་ཕེབས་པའི་ཡིག་གཟུགས་དད་མོས་ཅན་ལ་སོགས་པ་མང་པོ་ཐེངས་འདིའི་བྱེད་སྒོར་བཞུགས་ཡོད།
     དགེ་རྒན་བསྟན་འཛིན་མཆོག་ནས་ཅུའུ་ཀྲང་ཚེ་རིང་དར་འཕེལ་ལགས་ཀྱིས་གཙོས་པའི་ཚོགས་བཞུགས་མི་སྣའི་ཁྲོད་དུ་ཁོང་གི་བརྩམས་ཆོས་རེ་རེ་བཞིན་དུ་ངོ་སྤྲོད་གནང་བ་དང་སྦྲགས་དགེ་སློབ་ཡོངས་ལ་བོད་ཀྱི་ཡིག་གཟུགས་ཀྱི་སྒྱུ་རྩལ་གྱི་རིན་ཐང་གསལ་འགྲེལ་གནང་བ་མ་ཟད་ཚོགས་བཞུགས་ཀྱི་མི་སྣ་ཡོངས་ལ་ཆུང་དུས་ནས་ཀྲུང་གོ་གུང་ཁྲན་ཏང་གི་བཀའ་དྲིན་ཚོར་བ་དང་རིན་བྲལ་གྱི་གོ་སྐབས་བཟང་པོར་གཅེས་འཛིན་བྱས་ཏེ་བོད་སྐད་ཡིག་ཡིག་གཟུགས་འབྲི་སྦྱོང་ལེགས་པོ་བྱས་ནས་རང་མི་རིགས་ཀྱི་སྔོན་ཐོན་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་རྒྱུར་སྐུལ་མ་ཤུགས་ཆེན་གནང་ཡོད།
     མཇུག་ཏུ།  ཅུའུ་ཀྲང་ཚེ་རིང་དར་འཕེལ་མཆོག་ནས་རྒན་བསྟན་འཛིན་ལགས་མཆོག་ལ་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག་ཐེངས་འདིའི་སློབ་དཔྱོད་བྱེད་སྒོར་ཚད་མཐོའི་གདེང་འཇོག་ཡང་གནང་ཡོད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...