སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཡིག་མཁན་བསྟན་འཛིན་གྱིས་ཡིག་གཟུགས་འབྲི་སྦྱོང་ཐད་འཆད་ཁྲིད་གནང་།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-7-3 10:06:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
 
     ཉེ་སྔོན། ནག་ཆུ་གྲོང་ཁྱེར་སློབ་གསོ་ཅུད་བོད་སྐད་ཡིག་ལས་ཤག་ཁང་དང་ནག་ཆུ་གྲོང་ཁྱེར་སློབ་ཆུང་གིས་མཉམ་དུ་ནག་ཆུ་གྲོང་ཁྱེར་སློབ་ཆུང་ནས་བོད་ཀྱི་ཡིག་མཁན་བསྟན་འཛིན་ལགས་གདན་ཞུ་བྱས་ནས་བོད་ཀྱི་ཡིག་གཟུགས་འབྲི་སྦྱོང་ཐད་འཆད་ཁྲིད་གནང་བ།
     དུས་ཡུན་ཉིན་ལྔའི་ཕྱི་དྲོའི་དུས་ཚོད་བེད་སྤྱད་ནས་བོད་ཀྱི་ཡིག་མཁན་བསྟན་འཛིན་ལགས་ནས་ནག་ཆུ་གྲོང་ཁྱེར་གྱི་སློབ་ཆུང་བོད་ཡིག་དགེ་རྒན་ཡོངས་ལ་ཚུགས་རིང་དང་ཚུགས་ཐུང་དེ་བཞིན་ཚུགས་ཆུང་བཅས་དཀའ་ཚེགས་སྐུ་ངལ་ལ་མ་འའཛེམས་པར་སློབ་ཁྲིད་གནང་བ།
 
     ད་ཐེངས་རྒན་བསྟན་འཛིན་ལགས་གདན་ཞུ་བྱས་ནས་བོད་དགེ་ཚོས་ཡིག་གཟུགས་སྦྱོང་བའི་དགོས་པ་དང་དམིགས་ཡུལ། དེ་བཞིན་ཡིག་གཟུགས་ཀྱི་རིག་གཞུང་ཡིག་གཟུགས་ཀྱི་ལག་ལེན་བཅས་ལ་སྦྱོང་སློབ་བྱས་ནས་བོད་ཡིག་དགེ་རྒན་ཚོའི་སུག་བྲིས་དེ་བས་ཇེ་ལེགས་སུ་བཏང་ནས་སློབ་མ་གང་མང་གསོ་སྐྱོང་ཐད་ལ་ཕན་འབྲས་མི་དམན་པ་ཐོན་ཡོད།
 

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...