སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་སྔོན་འཇིགས་མེད་བཅོས་གསོའི་སྒོ་འབྱེད་དང་འཛམ་གླིང་ཀྲུང་མཐུན་བོད་གསོ་ལྷན་ཚོགས་གླེང་སྟེགསབསྡུས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-7-15 9:12:00 རྩོམ་ཁུངས། བོད་ཀྱི་དྲ་བ། ཀློག་གྲངས།

མཚོ་སྔོན་འཇིགས་མེད་བཅོས་གསོའི་སྒོ་འབྱེད་དང་འཛམ་གླིང་ཀྲུང་མཐུན་བོད་གསོ་ལྷན་ཚོགས་རྒྱུད་གཅིག་ལམ་གཅིག་གི་གླེང་སྟེགས་གནའ་མཁར་ཟི་ལིང་དུ་བསྡུས།

འཇིགས་མེད་བོད་སྨན་སྡེ་ཚོགས་ཀྱི་ཏུང་ཧྲི་ཀྲང་འཇིགས་མེད་ཕུན་ཚོགས་ཀྱིས་གསུང་བཤད་གནང་བཞིན་པ།

ཆེད་ལས་མཁས་པ་རྣམས་འཇིགས་མེད་བོད་གསོ་སྨན་ལུམས་ལྟེ་གནས་སུ་གཟིགས་སྐོར་བྱེད་བཞིན་པ།

སྨན་པ་དང་ནད་གཡོག་པས་གཟབ་ནན་ངང་གླེང་སྟེགས་ཀྱི་ནང་དོན་ལ་ཉན་བཞིན་པ།

ཚོགས་ཞུགས་མི་སྣ་ལྷན་རྒྱས་ཀྱི་མཉམ་པར།
     སྤྱི་ཟླ7པའི་ཚེས10ཉིན། མཚོ་སྔོན་འཇིགས་མེད་བཅོས་གསོའི་སྒོ་འབྱེད་དང་འཛམ་གླིང་ཀྲུང་མཐུན་བོད་གསོ་ལྷན་ཚོགས་རྒྱུད་གཅིག་ལམ་གཅིག་གི་གླེང་སྟེགས་ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་འཇིགས་མེད་བོད་སྨན་ཁང་དུ་བསྡུས། མཚོ་སྔོན་ཞིང་ཆེན་བཟོ་ཚོང་མནའ་འབྲེལ་ཚོགས་པའི་ཀྲུའུ་ཞི་དབྱེ་ཆིན་ཡུན་དང་ཀྲུང་གོ་སྐྱེ་ཁམས་ཞིང་ལས་ཐོན་ལས་ཚན་རྩལ་གསར་སྐྲུན་མནའ་འབྲེལ་གྱི་རྒྱུན་ལས་ལིས་ཧྲི་ཀྲང་གཞོན་པ་ཧོང་ཡན་ཅེ། རྒྱལ་ཁབ་ཀྲུང་ལུགས་སྨན་རྫས་དོ་དམ་ཅུའུ་ཐོན་ལས་ལས་སྟེགས་ཁྲུའུ་ཡི་ཁྲུའུ་ཀྲང་ཙིན་ཡུན། ཟི་ལིང་གྲོང་ཁྱེར་མཁར་བྱང་ཆུས་དམངས་སྲིད་ཅུའུ་ཡི་ཅུའུ་ཀྲང་ཀྲང་ཕིན། མཚོ་སྔོན་འཇིགས་མེད་བོད་སྨན་སྨན་ལས་ཚད་ཡོད་ཀུང་ཟིའི་ཏུང་ཧྲི་ཀྲང་འཇིགས་མེད་ཕུན་ཚོགས་སོགས་འབྲེལ་ཡོད་ཆེད་ལས་མཁས་པ་དང་། སྨན་པ། ནད་གཡོག་པ་བཅས་མི200ལྷག་སྒོ་འབྱེད་མཛད་སྒོར་ཞུགས།
     མཚོ་སྔོན་ཞིང་ཆེན་བཟོ་ཚོང་མནའ་འབྲེལ་ཚོགས་པའི་ཀྲུའུ་ཞི་དབྱེ་ཆིན་ཡུན་དང་ཀྲུང་གོ་སྐྱེ་ཁམས་ཞིང་ལས་ཐོན་ལས་ཚན་རྩལ་གསར་སྐྲུན་མནའ་འབྲེལ་གྱི་རྒྱུན་ལས་ལིས་ཧྲི་ཀྲང་གཞོན་པ་ཧོང་ཡན་ཅེ་གཉིས་ཀྱིས་སྒོ་འབྱེད་མཛད་སྒོར་བཀྲ་ཤིས་པའི་ཤིས་ཚིག་ཕུལ། དབྱེ་ཆིན་ཡུན་གྱིས་ཤིས་ཚིག་ནང་བཤད་རྒྱུར། མཚོ་བོད་མཐོ་སྒང་དུ་རི་སྐྱེས་སྨན་རྩྭ་དང་བོད་སྨན་ནང་བཀོལ་ཆོག་པའི་གཏེར་རྫས་ཧ་ཅང་མོད་པ་མ་ཟད། རང་བྱུང་གི་ཁོར་ཡུག་དང་སྔོན་བྱོན་གྱི་སྐྱེས་ཆེན་དམ་པའི་མཛད་རྗེས་ལས་དེང་སྐབས་བོད་ལུགས་གསོ་རིག་དེ་འཛམ་གླིང་འཛིན་མའི་ཁྱོན་དུ་ཁྱབ་པའི་མུ་ཏིག་རྡོག་གཅིག་ཏུ་གྱུར་འདུག་ཅེས་བསྔགས་བརྗོད་བྱས། འཇིགས་མེད་བཅོས་གསོ་ནི་རྒྱལ་ཡོངས་ནས་བོད་ལུགས་གསོ་རིག་གི་ལམ་ནས་ལུས་ཕུང་གསོ་བའི་སྡེ་ཁག་ཐོག་མ་ཡིན་ལ། འཇིགས་མེད་བཅོས་གསོའི་རྟེན་གཞི་འདི་བཙུགས་པ་ནི་འཇིགས་མེད་བོད་སྨན་སྡེ་ཚོགས་ཀྱི་ལས་གཞི་གཙོ་བོ་གྲས་ཀྱི་གཅིག་ཡིན་ཞིང་། འཇིགས་མེད་བོད་སྨན་དེ་འབྱུང་གཞི་ནད་གསོ་བ་ནས་ལུས་ཁམས་གསོ་བའི་ལམ་བུ་གསར་བ་རུ་བསྙེགས་མགོ་ཚུགས་ཤིང་། དེས་སྔར་ལས་ལྷག་པར་ཁྱོན་ཡོངས་ནས་འགྲོ་བ་མིའི་བདེ་ཐང་ལ་དོ་སྣང་བྱེད་པ་མཚོན་ཡོད།
     འཇིགས་མེད་ཕུན་ཚོགས་ལགས་ཀྱིས་མཚམས་སྦྱོར་བྱེད་དོན། འཇིགས་མེད་བོད་སྨན་སྡེ་ཚོགས་ཀྱིས་ལོ་ངོ20རིང་གི་འཕེལ་རྒྱས་ལམ་ཁ་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ནི་དམིགས་འབེན་གཙོ་བོར་བཟུང་ཞིང་། སྔར་ལས་ལྷག་པར་འཚོལ་ཞིབ་དང་གསར་སྐྲུན། ལེགས་བསྒྱུར་བཅས་བྱས་ནས་རྒྱལ་སྤྱི་ཅན་གྱི་བོད་ལུགས་གསོ་རིག་གི་སྨན་རྫས་སྣ་ཚོགས་གསར་སྤེལ་བྱས་ཏེ་རྒྱལ་ནང་གི་བོད་ལུགས་སྨན་རྫས་གསར་སྤེལ་བྱེད་པའི་ཁེ་ལས་མིང་གྲགས་ཅན་དུ་བསྒྱུར་བར་འབད་བརྩོན་བྱས་དང་བྱེད་བཞིན་མཆིས་ལ། གོམ་གང་མདུན་སྤོས་སྒོས་རྒྱལ་སྤྱི་སྟེང་གི་སྨན་རྫས་གསར་སྤེལ་ཁེ་ལས་དང་ཕྱི་ལུགས་སྨན་བཅོས་ཁང་སོགས་དང་མཉམ་སྦྲེལ་བྱས་ནས། སྨན་རྫས་རྒྱུ་ཆ་འདེབས་འཛུགས་དང་ལས་སྣོན། གསར་སྤེལ། ནད་བཅོས། ལུས་གསོ་བཅས་གཞི་གཅིག་ཏུ་བསྡུས་པའི་སྨན་རྫས་ཁེ་ལས་ཀྱི་མ་ལག་གསར་བ་ཞིག་བསྐྲུན་པར་འབད་བཞིན་ཡོད་ཟེར།
     ཕྱི་དྲོར། ཆེད་མཁས་པ་རྣམས་འཛམ་གླིང་ཀྲུང་མཐུན་བོད་གསོ་ལྷན་ཚོགས་རྒྱུད་གཅིག་ལམ་གཅིག་གི་གླེང་སྟེགས་སུ་ཞུགས་ཏེ། གསོ་རིག་སྨན་རྫས་དང་བོད་སྨན་གསར་སྤེལ། ལུས་ཁམས་གསོ་བཅོས་སོགས་ཁྱབ་ཁོངས་མང་པོ་ནས་རང་རང་སོ་སོའི་སློབ་སྦྱོང་གི་ཉམས་མྱོང་དང་ཞིབ་འཇུག་གི་འབྲས་བུ་མཉམ་སྤྱོད་བྱས་པ་མ་ཟད། བསམ་བློ་བརྗེ་རེས་དང་ལྟ་ཚུལ་ལྷུག་བརྗོད་བྱས། རྒྱུས་ལོན་པ་ལྟར་ན། མཚོ་སྔོན་འཇིགས་མེད་བཅོས་གསོ་ཞབས་ཞུ་ཚད་ཡོད་ཀུང་ཟི་ནི་བོད་ལུགས་སྨན་བཅོས་དང་། ལུས་གསོ། རྒན་གསོ་བཅས་གཞི་གཅིག་ཏུ་གཉེར་བའི་སྡེ་ཁག་གཅིག་ཡིན་ལ། མིག་སྔར་སྤུས་ལེགས་ཅན་གྱི་ལུས་གསོ་ཁང་བ་གྱན200དང་། མལ་ཁྲི500ལྷག་ཡོད་པ་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...