སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གིས་སློབ་སྐབས་གཉིས་པའི་བྱ་བའི་སྤྱི་སྡོམ་ཚོགས་འདུ་བསྡུས་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-7-16 9:53:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     དགེ་རྒན་ནི་སློབ་མའི་རྒྱུད་ཀྱི་མ་རིག་པའི་རྨོངས་པ་སེལ་བར་བྱེད་པའི་རླབས་ཆེན་གྱི་གཞན་དོན་ལྷུར་ལེན་བྱེད་མཁན་ཞིག་དང་སློབ་གྲྭ་ནི་བྱིས་པའི་སེམས་ཀྱི་དཀའ་གནད་ཀྱི་དྲི་མ་འདག་པར་བྱེད་པའི་བླ་མེད་ཀྱི་ཡུལ་གནས་ཁྱད་པར་ཅན་ཞིག་ཡིན་པས་ང་ཚོས་ཏང་གི་མི་རིགས་སློབ་གསོའི་ལས་འགན་ལེགས་འགྲུབ་དང་སློབ་མས་ཤེས་རྟོགས་ཀྱི་ནུས་པ་སྔར་ལས་ལྷག་པའི་སྒོ་ནས་དར་སྤེལ་དུ་གཏོང་ཕྱིར་སློབ་གྲྭའི་འབྲེལ་ཡོད་ལས་འགན་དང་མཉམ་འབྲེལ་གྱིས་སློབ་མའི་ཕྱིའི་ཀུན་སྤྱོད་དང་ནང་གི་བསམ་བློ་སོགས་གང་གི་ཐད་ནས་འཕེལ་རྒྱས་སུ་གཏོང་དགོས་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེ་བའི་ལས་དོན་ཞིག་ཡིན་པ་སྨོས་མ་དགོས་པ་རེད། དེའི་ཕྱིར་སློབ་མའི་མདུན་ལམ་ལ་སེམས་ཁུར་བྱེད་པའི་དགེ་རྒན་དང་བྱིས་པའི་འབྱུང་འགྱུར་ལ་ཐེ་གཏོགས་བྱེད་པའི་སློབ་གྲྭས་དུས་དང་རྣམ་པ་ཀུན་ཏུ་རང་གི་སློབ་མ་དང་བྱིས་པའི་འཚར་ལོངས་ལ་སྔ་ན་མེད་པའི་འཕོ་འགྱུར་ཆེན་པོ་ཞིག་བྱུང་དུ་འཇུག་དགོས་རྒྱུ་ནི་མ་བསྐུལ་དང་ལེན་གྱིས་ལག་བསྟར་བྱེད་དགོས་པ་ཞིག་དང་སྤྱི་ཚོགས་དང་དུས་རབས་ཀྱི་རེ་འདུན་དོན་གཉེར་བྱེད་པའི་ཕུལ་བྱུང་གི་བྱ་གཞག་རླབས་ཆེ་བ་ཞིག་ཀྱང་ཡིན་སྲིད་པ་རེད། མདོར་ན་དགེ་རྒན་དང་སློབ་གྲྭ་གང་ཡིན་ཡང་བློས་ཐབས་བྲལ་བ་ནི་རང་གི་སློབ་མ་དང་བརྗེད་ཐབས་མེད་པ་ནི་མེས་རྒྱལ་དང་མི་རིགས་ཀྱི་མ་འོངས་པའི་བདག་པོ་དག་ཡིན་པའི་ཆ་ནས་རང་ནུས་གང་ཡོད་སྒོས་རྒྱལ་ཁབ་དང་ཕ་ཡུལ་ལ་ཁེ་ཕན་ལྡན་པའི་སྤྱོད་ཡོན་གཉིས་ལྡན་གྱི་མི་བུ་འཇོན་ཐང་དང་ལྡན་པ་འབོར་ཆེན་ཞིག་གསོ་སྐྱོང་བྱེད་པའི་ཐད་ལ་རང་ནུས་གང་ཡོད་འདོན་དགོས་པ་རེད། 
     སྤྱི་ཟླ7པའི་ཚེས13ཉིན་གྱི་ཕྱི་དྲོའི་དུས་ཚོད2:40སྟེང་། གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གིས2018ལོ་ནས2019ལོའི་སློབ་སྐབས་གཉིས་པའི་བྱ་བའི་སྤྱི་སྡོམ་གྱི་ཚོགས་འདུ་དེ་སློབ་གྲྭའི་འཆད་ཁྲིད་མུན་སེལ་གླིང་དུ་དུས་ལྟར་གཟབ་རྒྱས་ངང་ཚོགས་མགོ་ཚུགས་པ་མ་ཟད། སློབ་གྲྭའི་གཞུང་ལས་ཁང་གི་ཀྲུའུ་རིན་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཐེངས་འདིའི་ཚོགས་འདུ་ལ་མདོ་འཛིན་བྱས་པ་རེད། བྱ་བའི་སྤྱི་སྡོམ་གྱི་ཚོགས་འདུ་ལ་དོན་ཚན་ཆེན་པོ་བཞི་ཡིས་གྲུབ་པ་རེད། དོན་ཚན་དང་པོ་སློབ་གྲྭའི་སློབ་སྤྱི་གཞོན་པ་ཡོན་ཏན་ཚེ་རིང་ལགས་ཀྱིས་ཏང་འཛུགས་སྐྲུན་དང་རྒྱབ་ཕྱོགས་ཞབས་འདེགས་སྐོར་གྱི་བྱ་བར་སྤྱི་སྡོམ་བྱས་པ་རེད། དོན་ཚན་གཉིས་པ་ནི་སློབ་གྲྭའི་སློབ་སྟོན་ཁང་གི་ཀྲུའུ་རིན་བཀྲ་ཤིས་མཚོ་ལགས་ཀྱིས་སློབ་སྐབས་གཅིག་གི་བྱ་བར་སྤྱི་སྡོམ་བྱས་པ། དོན་ཚན་གསུམ་ནི་སློབ་གྲྭའི་སློབ་སྤྱི་གཞོན་པ་ཚེ་གཟུངས་ལགས་ཀྱིས་སློབ་སྐབས་གཅིག་གི་བྱ་བ་སྤྱི་སྡོམ་དང་སློབ་སྐབས་འདིའི་བྱ་དགའ་ཐོབ་པའི་དགེ་རྒན་དག་གི་མིང་ཐོ་ཁྱབ་བསྒྲགས་བྱས་པ་རེད། དོན་ཚན་བཞི་བ་ནི་སློབ་གྲྭའི་སློབ་སྤྱི་གཡུང་དྲུང་བསྟན་པ་ལགས་ཀྱིས་སློབ་སྐབས་གཅིག་གི་བྱ་བར་སྤྱི་སྡོམ་བྱེད་པའི་གསུངས་བཤད་གལ་ཆེན་གནང་བ་བཅས་རེད། 
     དོན་ཚན་དང་པོ། སློབ་གྲྭའི་སློབ་སྤྱི་གཞོན་པ་ཡོན་ཏན་ཚེ་རིང་ལགས་ཀྱིས་གསུངས་རྒྱུར་འདས་ཟིན་པའི་སློབ་སྐབས་གཅིག་གི་རིང་ལ་དགེ་རྒན་དག་གི་བླ་ན་མེད་པའི་རྒྱབ་སྐྱོར་དང་རམ་འདེགས་ལ་བརྟེན་ནས་ཏང་འཛུགས་སྐྲུན་དང་མི་རིགས་མཐུན་སྒྲིལ་སོགས་ཀྱི་ལས་འགན་སྣ་ཚོགས་དུས་ལྟར་ལེགས་འགྲུབ་བྱས་པར་བཀའ་དྲིན་ཞུས་པ་དང་ཆབས་ཅིག 1.རྒྱབ་ཕྱོགས་ཞབས་འདེགས་སྐོར་གྱི་བྱ་བ་སྤྱི་སྡོམ་བྱས་པ། 2.བདེ་འཇགས་སློབ་གསོའི་སྐོར་གྱི་བྱ་བ་སྤྱི་སྡོམ་བྱས་པ། 3.དབུལ་ཐར་ཕྱུག་འགྱུར་སྐོར་གྱི་བྱ་བ་སྤྱི་སྡོམ་བྱས་པ། 4.དབྱར་གནང་སྐབས་ཀྱི་བྱ་བའི་ལས་གནས་བཀོད་སྒྲིག་བྱེད་པ། 5.སློབ་གྲྭའི་བདེ་འཇགས་དོ་དམ་ཐད་ཀྱི་བྱ་བ་བཀོད་སྒྲིག་བྱས་པ་མ་ཟད། ད་དུང་དགེ་རྒན་དག་གིས་རང་ནུས་གང་ཡོད་སྒོས་སློབ་གྲྭའི་བྱ་གཞག་ཆེ་མ་ཆུང་གསུམ་ལ་སྒོ་ཀུན་ནས་རམ་འདེགས་མི་དམན་པ་ཞིག་བྱེད་དགོས་པའི་རེ་འདུན་ཞུས་པ་རེད། 
     དོན་ཚན་གཉིས་པ། སློབ་གྲྭའི་སློབ་སྟོན་ཁང་གི་ཀྲུའུ་རིན་བཀྲ་ཤིས་མཚོ་ལགས་ཀྱིས་སློབ་སྐབས་གཅིག་གི་སློབ་ཁྲིད་ཐད་ཀྱི་བྱ་བར་སྤྱི་སྡོམ་བྱས་པ་རེད། 1.སློབ་མའི་ཀུན་སྤྱོད་མཐོར་འདེགས་བྱེད་དགོས་ཚུལ། 2.དགེ་རྒན་གྱིས་སློབ་ཁྲིད་དང་སློབ་མས་སློབ་སྦྱོང་གི་གནས་བབས་ལསྤྱི་སྡོམ་བྱས་པ།3.ལས་བྱར་ཞིབ་བཤེར་དང་སློབ་མའི་འོས་འགན་ལེགས་འགྲུབ་བྱས་པར་སྤྱི་སྡོམ་བྱས་པ། 4.ལོ་རིམ་ཁག་སོ་སོའི་ཁྲིད་དཔྱོད་ཁག་གིས་སྤེལ་བའི་བྱ་འགུལ་ལ་སྤྱི་སྡོམ་བྱས་པ། 5.དགེ་རྒན་གྱི་དཔུང་སྡེ་གསོ་སྐྱོང་བྱས་པའི་ཐད་ལ་སྤྱི་སྡོམ་བྱས་པ། 6.སློབ་གྲྭས་བྱ་འགུལ་སྣ་ཚོགས་སྤེལ་བར་སྤྱི་སྡོམ་བྱེད་པ། 7.དགེ་རྒན་གསོ་སྦྱོང་སྐོར་གྱི་བྱ་བར་སྤྱི་སྡོམ་བྱས་པ་རེད། 
     དོན་ཚན་གསུམ་པ། སློབ་གྲྭའི་སློབ་སྤྱི་གཞོན་པ་ཚེ་གཟུངས་ལགས་ཀྱིས་སློབ་སྐབས་གཅིག་གི་བྱ་བར་སྤྱི་སྡོམ་བྱས་པ་སྟེ། 1.དགེ་རྒན་ཚོགས་འདུར་མི་ཞུགས་པའི་གནད་དོན། 2.དགེ་རྒན་གྱིས་གནང་བ་ཞུས་པའི་སྐོར་གྱི་སྤྱི་སྡོམ། 3.ལས་ཞུགས་བྱེད་པའི་སྐོར་གྱི་བྱ་བ་སྤྱི་སྡོམ་བྱེད་པ། 4.སློབ་གྲྭའི་གནས་ཚུལ་ཡོངས་ནས་བྱ་བར་སྤྱི་སྡོམ་བྱེད་པ། 5.སློབ་ཁྲིད་གྲ་སྒྲིག་བྱས་པ་སོགས་ཀྱི་ཆ་ནས་སྤྱི་སྡོམ་བྱས་པ་རེད། 
     དོན་ཚན་བཞི་བ། སློབ་གྲྭའི་སློབ་སྤྱི་གཡུང་དྲུང་བསྟན་པ་ལགས་ཀྱིས་ཐེངས་འདིའི་སློབ་སྐབས་གཅིག་གི་བྱ་བར་སྤྱི་སྡོམ་བྱེད་པའི་གསུངས་བཤད་གལ་ཆེན་གནང་བ་རེད། 1.སློབ་གྲྭའི་རྒྱུན་ལྡན་གྱི་བྱ་བར་སྤྱི་སྡོམ་བྱས་པ། 2.ཏང་ཡོན་དགེ་རྒན་དག་གི་བྱ་བའི་རྣམ་འགྱུར་གྱི་ཆ་ནས་སྤྱི་སྡོམ་བྱས་པ། 3.སློབ་གསོའི་སློབ་ཁྲིད་ཐད་ཀྱི་བྱ་བར་སྤྱི་སྡོམ་བྱས་པ། 4.གཞན་ཕན་གྱི་ལས་ལ་འཇུག་པར་བྱེད་པའི་བྱ་བ་སྤྱི་སྡོམ་བྱེད་པ། 5.ལས་རེས་ཀྱི་འགན་འཁྲི་ལག་བསྟར་བྱེད་ཐུབ་མིན་སྐོར་གྱི་བྱ་བར་སྤྱི་སྡོམ་བྱས་པ། 6.ཐུན་མོང་གི་བྱ་འགུལ་ལ་ཞུགས་ཐུབ་མིན་སྐོར་གྱི་བྱ་བར་སྤྱི་སྡོམ་བྱེད་པ་སོགས་ཀྱིས་དགེ་སློབ་དག་གི་རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་དུ་མཉམ་འཇོགདང་དང་ལེན་བྱེད་དགོས་པའི་སྐོར་ནས་གསལ་འདེབས་བྱས་ཤིང་། ལྷག་པར་དུ་རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་དུ་སྒོ་ཀུན་ནས་རང་གཅུན་རང་བདག་དང་རང་འགན་དང་ལེན་བྱེད་པའི་འོས་འགན་ལེགས་འགྲུབ་བྱེད་པའི་ཆ་ལ་སྔ་ན་མེད་པའི་བསླབ་བྱ་གང་ལེགས་གནང་བ་རེད། 
     ཐེངས་འདིའི་བྱ་བའི་སྤྱི་སྡོམ་གྱི་ཚོགས་འདུ་བསྡུས་པར་དགེ་རྒན་དག་གིས་རྗེས་ཕྱོགས་ཀྱི་སློབ་ཁྲིད་དང་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་རང་ནུས་གང་ཡོད་སྒོས་འབད་པ་རྒྱུན་འཁྱོངས་དང་རང་ནུས་སྔོག་འདོན་བྱེད་དགོས་པའི་སྐོར་གྱི་བསམ་ཚུལ་བསྐྱེད་པར་བྱས་པ་རེད། 

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...