སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ཆའང་དབྱིས་གསུམ་གྱི་གླུ་གཞས་གསར་རྩོམ་ཆེད་ཚོགས་སྐབས་གསུམ་པ་འཚོགས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-8-5 14:04:00 རྩོམ་ཁུངས། རྔ་བའི་གསར་འགྱུར་དྲ་བ། ཀློག་གྲངས།
        སྤྱི་ཟླ8པའི་ཚེས2ཉིན། ནོར་གནག་བོད་ཆའང་དབྱིས་གསུམ་གྱི་གླུ་གཞས་གསར་རྩོམ་ཆེད་ཚོགས་སྐབས་གསུམ་པ་ཧུང་ཡོན་སྤང་ལྗོངས་ཆེན་མོ་རུ་འཚོགས།
        སི་ཁྲོན་ཡུན་ནན་བོད་ལྗོངས་མཚོ་སྔོན་བཅས་འབྲེལ་མཚམས་བོད་ཁུལ་གྱི་ཁུལ(གྲོང་ཁྱེར)དཔོན་མཉམ་འབྲེལ་ཚོགས་འདུ་ཐེངས་ལྔ་རུ་ཞུགས་པའི་འགོ་ཁྲིད་དང་སྐུ་མགྲོན་སྐོར་ཞིག་ཐེངས་འདིའི་བོད་ཆའང་དབྱིས་གསུམ་གྱི་གླུ་གཞས་གསར་རྩོམ་ཆེད་ཚོགས་སུ་ཞུགས་ཏེ། བྱ་དགའ་ཐོབ་པའི་གླུ་བ་གླུ་མ་ཚོ་ལ་བྱ་དགའ་གནང་། 
        དགོང་ཚོགས་ཀྱི་ཡུལ་དངོས་སུ། བཀྲ་ཤིས་ཉི་མ་དང་ཨ་ནུ་རིང་ལུགས། བཀྲ་ཤིས་ཕུན་ཚོགས། ཨའོ་ཅེ་ཨ་ཀོ་སོགས་བོད་ཆའང་དབྱིས་གསུམ་གྱི་གླུ་བ་གླུ་མ་གྲགས་ཅན་རྣམས་ཀྱིས་གཅིག་འཕྲོར་གཅིག་མཐུད་དེ་འཁྲབ་སྟོན་གྱ་ནོམ་པ་་བྱས་པས། ལྟད་མོ་བའི་ཡིད་ཀྱི་དབང་བོ་བར་མེད་ངང་བཀུག་སྟེ་དགའ་སྤྲོའི་ཐལ་མོ་རྒྱུན་ཆད་མེད་པར་ཚོགས་རར་མཆེད་འོང་བ་དང་། ཡུལ་དངོས་ནི་གླུ་གར་གྱི་རྒྱ་མཚོ་ཞིག་ཏུ་གྱུར། 
        ནོར་གནག་བོད་ཆའང་དབྱིས་གསུམ་གྱི་གླུ་གཞས་གསར་རྩོམ་ཆེད་ཚོགས་ནི་ནོར་གནག་རོལ་དབྱངས་དུས་སྟོན་ལས་བརྒྱུད་ནས་བྱུང་བའི་ཐོན་རྫས་ཤིག་ཡིན་ལ། བོད་ཆའང་དབྱིས་གསུམ་གླུ་བ་མང་པོའི་འབད་པ་དང་འགྲན་རྩོད་བྱས་མཐར་མི་རིགས་རིག་གནས་ཀྱིས་ཁྱད་ཆོས་མངོན་པར་གསལ་བ་དང་ཟབ་ཞུགས་རང་བཞིན་དང་རོགས་རེས་རང་བཞིན་ལྡན་པའི་རོལ་དབྱངས་ལྗོངས་སྐོར་དང་རིག་གནས་གསར་གཏོད་ཀྱི་ཐོན་རྫས་སྐོར་ཞིག་བྱུང་ཡོད། 
        ཐེངས་འདིའི་བོད་ཆའང་དབྱིས་གསུམ་གྱི་གླུ་གཞས་གསར་རྩོམ་ཆེད་ཚོགས་ལ་ནོར་གནག་གི་ཕུལ་བྱུང་གླུ་དབྱངས། ལོ་འཁོར་གྱི་ཕུལ་བྱུང་གླུ་བ་དང་གླུ་མ། ཕུལ་བྱུང་གླུ་བ་གསར་བ། ལོ་འཁོར་གྱི་ཕུལ་བྱུང་ཚན་སྡེབ། ལོ་འཁོར་གྱི་ཕུལ་བྱུང་ཆེད་བསྒྲིགས། ཕུལ་བྱུང་གཞས་གདངས་རྩོམ་མཁན། མི་རིགས་ཀྱི་རོལ་དབྱངས་རྒྱུད་འཛིན་པ་སོགས་བྱ་དགའ་རིགས་9བཀོད་སྒྲིག་བྱས་ཡོད་དེ། ཨ་ནུ་རིང་ལུགས་དང་བདེ་སྐྱིད་ཚེ་རིང་། བཀྲ་ཤིས་ཕུན་ཚོགས་སོགས་བོད་ཆའང་དབྱིས་གསུམ་གྱི་ཕུལ་བྱུང་གི་གླུ་བ་10ལ་བྱ་དགའ་ཐོབ། 
        བོད་ཆའང་དབྱིས་གསུམ་གྱི་གླུ་གཞས་གསར་རྩོམ་ཆེད་ཚོགས་དེས་བོད་ཆའང་དབྱིས་གསུམ་དང་ཐ་ན་གྲངས་ཉུང་མི་རིགས་ཀྱི་གླུ་གཞས་གསར་རྩོམ་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། སྔར་ལས་ལྷག་པར་དུ་སི་ཁྲོན་རོལ་དབྱངས་ཐོན་ལས་འཐུས་ཚང་དུ་གཏོང་བ་དང་གྲངས་ཉུང་མི་རིགས་ས་ཁུལ་གྱི་རིག་གནས་དར་རྒྱས་ལ་ཐབས་ལམ་གསར་བ་ཞིག་བཏོད་པ་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...