སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྒྱལ་ཡོངས་གྲངས་ཉུང་མི་རིགས་སྐད་ཡིག་ཆ་འཕྲིན་སྒྲིག་གཅོད་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྡུས།
རྩོམ་པ་པོ། ཚེ་མཁར་རྒྱལ། བསོད་ནམས་རྒྱལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-8-12 9:25:00 རྩོམ་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས།
     ཟླ8པའི་ཚེས10ཉིན། རྒྱལ་ཡོངས་གྲངས་ཉུང་མི་རིགས་སྐད་ཡིག་ཆ་འཕྲིན་སྒྲིག་གཅོད་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་བཅུ་བདུན་པ་མཚོ་སྔོན་དགེ་འོས་སློབ་ཆེན་དུ་བསྡུས།

མཚོ་སྔོན་དགེ་འོས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཞུང་ཝེ་ཡིས་ཤིས་ཚིག་འབུལ་བཞིན་པ།

ཀྲུང་གོའི་སྐད་ཡིག་ཆ་འཕྲིན་སློབ་ཚོགས་ཀྱི་མཚན་འཛིན་ལས་འཛིན་ཚོགས་གཙོ་ལིས་ཧྲང་གིས་ཤིས་ཚིག་འབུལ་བཞིན་པ།

མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཀྲོའོ་ཧེ་ཞིན་གྱིས་ཚོགས་འདུར་འགོ་འཛིན་བྱེད་བཞིན་པ།
      སྐབས་འདིའི་བགྲོ་གླེང་ཚོགས་འདུ་ནི་ཀྲུང་གོའི་སྐད་ཡིག་ཆ་འཕྲིན་སློབ་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་དགེ་འོས་སློབ་ཆེན་དང་། བོད་ཡིག་ཆ་འཕྲིན་སྒྲིག་གཅོད་སློབ་གསོ་པུའུ་ཡི་གཙོ་གནད་ཚོད་ལྟ་ཁང་། མཚོ་སྔོན་ཞིང་ཆེན་བོད་ཡིག་ཆ་འཕྲིན་སྒྲིག་གཅོད་དང་འཕྲུལ་ཆས་ལོ་ཙཱའི་གཙོ་གནད་ཚོད་ལྟ་ཁང་བཅས་ཀྱིས་འགན་སྒྲུབ་གནང་བ་རེད། ཚོགས་འདུ་དུས་ཡུན་ཉིན་གཉིས་ཡིན་པ་དང་།ཚོགས་འདུའི་གླེང་བྱ་གཙོ་བོ་ནི། འཕྲུལ་ཆས་ལོ་ཙཱ་དང་མིང་གི་ངོས་འཛིན། སྐད་གདངས་ངོས་འཛིན། སྐད་གདངས་ཤན་འབྱེད། ཐོན་ཁུངས་མཛོད་འཛུགས་སྐྲུན། འཚོལ་བཤེར་མ་ལག་སོགས་ཀྱི་སྐོར་རེད།
     རྒྱལ་ཡོངས་གྲངས་ཉུང་མི་རིགས་སྐད་ཡིག་ཆ་འཕྲིན་སྒྲིག་གཅོད་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་ནི་རྒྱལ་ནང་གི་གཞི་རྒྱ་ཆེས་ཆེ་བའི་གྲངས་ཉུང་མི་རིགས་སྐད་ཡིག་ཆ་འཕྲིན་སྒྲིག་གཅོད་ཁྱབ་ཁོངས་ཀྱི་ཚོགས་སྡེ་རྩ་འཛུགས་ཆེས་ཆེ་ཤོས་ཡིན་པའི་ཆ་ནས། ལོ་ངོ་སུམ་ཅུའི་རིང་གི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་དུ། ཀྲུང་གོའི་སྐད་ཡིག་ཆ་འཕྲིན་སློབ་ཚོགས་ཀྱིས་རྒྱལ་ནང་གི་གྲངས་ཉུང་མི་རིགས་སོ་སོའི་སྐད་ཡིག་ཆ་འཕྲིན་དང་རྩིས་རྒྱག་སྒྲིག་གཅོད། ཆེད་དོན་དཔྱད་གླེང་། གྲངས་ཉུང་མི་རིགས་སྐད་ཡིག་ཆ་འཕྲིན་སྒྲིག་གཅོད་གོ་རིམ་ཁྲོད་ཀྱི་བརྡ་ཆད་གསར་བ་དང་ལག་རྩལ་གྲུབ་འབྲས་སོགས་ལ། སྤུས་ཚད་ལེགས་ཤིང་རིམ་པ་མཐོ་བའི་སློབ་གཉེར་ཞིབ་འཇུག་གི་སྟེགས་བུ་ལེགས་པོ་འདོན་སྤྲོད་བྱས་ཡོད།
     ཐེངས་འདིའི་ཚོགས་འདུ་ལ་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་དང་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ། ནུབ་བྱང་མི་རིགས་སློབ་ཆེན། བོད་ལྗོངས་སློབ་གྲྭ་ཆེན་མོ། ལྷོ་ནུབ་མི་རིགས་སློབ་ཆེན། ཤིན་ཅང་སློབ་གྲྭ་ཆེན་མོ། ཡན་པེན་སློབ་གྲྭ་ཆེན་མོ། ནང་སོག་སློབ་གྲྭ་ཆེན་མོ།ནང་སོག་དགེ་འོས་སློབ་ཆེན། ཀྲུང་ནན་མི་རིགས་སློབ་གྲྭ་ཆེན་མོ་སོགས་ནས་ཐོན་པའི་འབྲེལ་ཡོད་འགོ་ཁྲིད་དང་ཆེད་མཁས་པ། འབུམ་རམས་པའི་ཞིབ་འཇུག་སློབ་མ། རབ་འབྱམས་པའི་ཞིབ་འཇུག་སློབ་མ་བཅས་མི་སྣ100ལྷག་ཞུགས་ཡོད་པ་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...