སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
སློབ་ཆེན་སློབ་མའི་རོགས་སྐྱོར་སྲིད་ཇུས་གསར་པ།
རྩོམ་པ་པོ། ལྷ་ཆེན་རྒྱལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-8-15 9:56:00 རྩོམ་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས།
གཅིག རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་བྱ་དགའི་དངུལ།
     སྦྱངས་འབྲས་ཕུལ་བྱུང་ཅན་གྱི་ལོ་རིམ་གཉིས་པ་ཡན(ལོ་རིམ་གཉིས་པ་ཡང་འདུ)གྱི་དངོས་གཞི་དང་ཆེད་སྦྱོང་སློབ་མ་རེར། ལོ་རེར་བྱ་དགའི་དངུལ8000སྟེར་རྒྱུ་རེད།
གཉིས། རྒྱལ་ཁབ་ཀྱི་སྐུལ་ལྕག་བྱ་དགའི་དངུལ།
     སྤྱོད་ཡོན་གཉིས་ལེགས་དང་དབུལ་ཕོངས་ཁྱིམ་ཚང་གི་ལོ་རིམ་གཉིས་པ་ཡན(ལོ་རིམ་གཉིས་པ་ཡང་འདུ)གྱི་དངོས་གཞི་དང་ཆེད་སྦྱོང་སློབ་མ་རེར། ལོ་རེར་བྱ་དགའི་དངུལ5000སྟེར་རྒྱུ་རེད།
གསུམ། རྒྱལ་ཁབ་ཀྱི་སློབ་སྒྲུབ་རོགས་དངུལ།
     དབུལ་ཕོངས་ཁྱིམ་ཚང་གི་དངོས་གཞི་དང་ཆེད་སྦྱོང་སློབ་མར་སྟེར་རྒྱུ་རེད།
བཞི། རྒྱལ་ཁབ་ཀྱི་སློབ་སྒྲུབ་དངུལ་བུན།
     སྲིད་གཞུང་གིས་གཙོ་ཁྲིད་དང་དངུལ་རྩའི་ལས་ཁུངས་ཀྱིས་དབུལ་ཕོངས་ཁྱིམ་ཚང་གི་སློབ་མར་གཏའ་མ་འཇོག་པ་དང་འགན་ལེན་སོགས་གཅིག་ཀྱང་བྱེད་མི་དགོས་པར། སློབ་མའི་སློབ་རིན་དང་སྡོད་གླ་ཐག་གཅོད་བྱ་ཆེད། སློབ་མ་རེར་ལོ་རེར་སྒོར8000ལས་མི་བརྒལ་པའི་དངུལ་བུན་མཁོ་སྤྲོད་དང་། སློབ་གྲྭ་ནས་སློབ་སྦྱོང་བྱེད་སྐབས་ཀྱི་དངུལ་བུན་སྐྱེད་ཀ་ཚང་མ་ནོར་སྲིད་ཀྱིས་ཁ་གསབ་བྱ་རྒྱུ་རེད།
ལྔ། གཞི་རིམ་དུ་ལས་ཞུགས་བྱེད་པའི་རྒྱལ་ཁབ་ཀྱི་རོགས་དངུལ།
     ཀྲུང་དབྱང་གི་མཐོ་རིམ་སློབ་གྲྭའི་ལོ་དེའི་མཐར་ཕྱིན་སློབ་མ། རང་འགུལ་སྒོས་ནུབ་རྒྱུད་ས་ཁུལ་དང་དཀའ་ཁག་ཆེ་ཞིང་མཐའ་ཁོབས་ས་ཁུལ་གྱི་གཞི་རིམ་ལས་ཁུངས་དུ་ལས་ཞུགས་བྱས་ནས། ལས་ཞུགས་དུས་ཡུན་ལོ3ཡན་ལ་བསླེབས་ཡོད་ཚེ། སློབ་རིན་ཁ་གསབ་དང་ཚབ་འཇལ་སློབ་སྒྲུབ་དངུལ་བུན་སློབ་མ་རེར་ལོ་རེར་མ་དངུལ8000སྟེར་རྒྱུ་རེད། ས་གནས་ཀྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་སློབ་རིན་གྱི་ཁ་གསབ་དངུལ་བུན་དང་ཚབ་འཇལ་མ་དངུལ་ས་གནས་སོ་སོས་ཀྲུང་དབྱང་གི་སྲིད་ཇུས་གཏན་འབེབས་ལྟར་ལག་བསྟར་བྱ་རྒྱུ་རེད།
དྲུག དམག་ཞུགས་སློབ་མའི་རོགས་དངུལ།
     རྒྱལ་ཁབ་ཀྱིས་དམག་སྐུལ་དང་ལེན་བྱས་པའི་འོས་འགན་དམག་མི་དང་དམག་དཔོན་བསྡུ་བའི་མཐོ་རིམ་སློབ་གྲྭའི་སློབ་མར། སློབ་རིན་ཁ་གསབ་དང་ཚབ་འཇལ་སློབ་སྒྲུབ་དངུལ་བུན་ལག་བསྟར་བྱ་རྒྱུ། དམག་ལ་མ་ཞུགས་སྔོན་སློབ་ཆེན་འདོན་བཞིན་པའི་སློབ་མས(སློབ་མ་གསར་པ)། རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་སློབ་ཁོངས་དང་སློབ་ཞུགས་ཐོབ་ཐང་སོར་འཇོག་བྱས་ཏེ། དམག་ཁོངས་ལས་བུད་རྗེས་མུ་མཐུད་དུ་སློབ་ཞུགས་བྱས་ཆོག་ལ་སློབ་རིན་སྟེར་མི་དགོས། རོགས་དངུལ་ཚད་གཞི་སློབ་མ་རེར་ལོ་རེར་སྒོར8000རེ་ཡོད།
བདུན། དགེ་འོས་སློབ་མའི་གཞུང་དངུལ་སློབ་གསོ།
     པེ་ཅིང་དགེ་འོས་སློབ་ཆེན་དང་ཧྭ་ཏུང་དགེ་འོས་སློབ་ཆེན། བྱང་ཤར་དགེ་འོས་སློབ་ཆེན། ཧྭ་ཀྲུང་དགེ་འོས་སློབ་ཆེན། ཧྲན་ཞིས་དགེ་འོས་སློབ་ཆེན་དང་ལྷོ་ནུབ་སློབ་ཆེན་བཅས་ཀྱི་སློབ་མས་སློབ་རིན་དང་སྡོད་གླ་སྤྲད་མི་དགོས་པར་མ་ཟད། འཚོ་བའི་ཁ་གསབ་གྲོན་དངུལ་ཡང་བླངས་ཆོག སློབ་སྒྲུབ་ཀྱི་འདུན་པ་ཆེ་ཞིང་ཆ་རྐྱེན་དང་མཐུན་པའི་དགེ་འོས་ཆེད་ལས་མ་ཡིན་པའི་ཕུལ་བྱུང་སློབ་མས། སློབ་ཞུགས་ལོ་གཉིས་ནང་། གཏན་འབེབས་ལྟར་དགེ་འོས་ཆེད་ལས་སུ་བསྒྱུར་ཆོག་ཅིང་། སློབ་གྲྭས་སློབ་རིན་དང་སྡོད་གླ་ཕྱིར་སྤྲོད་པ་དང་འཚོ་བའི་ཁ་གསབ་གྲོན་དངུལ་གསབ་སྤྲོད་བྱ་ངེས།
བརྒྱད། སློབ་མ་གསར་པའི་སློབ་ཞུགས་རོགས་དངུལ།
     དབུས་དང་ནུབ་རྒྱུད་ས་ཁུལ་གྱི་དབུལ་ཕོངས་ཁྱིམ་ཚང་གི་སློབ་མས་སློབ་ཞུགས་རོགས་དངུལ་རེ་ཞུ་བྱས་ཏེ། སློབ་ཞུགས་མིང་ཐོ་འགོད་སྐབས་ཀྱི་ལམ་གླ་དང་དུས་ཡུན་ཐུང་བའི་འཚོ་བའི་གྲོན་དངུལ་ཐག་གཅོད་བྱ་ཆོག མཚོ་སྔོན་ཞིང་ཆེན་གྱི་སློབ་ཆེན་འདོན་བཞིན་པའི་སློབ་མ་གསར་པ་མི་རེར་སྒོར500དང་། ཞིང་ཆེན་ཕྱིའི་སློབ་ཆེན་འདོན་བཞིན་པའི་སློབ་མ་གསར་པར་མི་རེར་སྒོར1000རེ་ཡོད་པ་རེད། སློབ་མས་ས་གནས་ཀྱི་རྫོང་རིམ་པའི་ལས་ཁུངས་ལ་བློ་འདྲི་བྱས་ནས་འགྲོ་ལུགས་བསྒྲུབ་ཆོག
དགུ། ལས་བརྩོན་སློབ་རོགས།
     སློབ་མས་སློབ་སྦྱོང་གི་ནུས་པ་ལྡན་པའི་ཆ་རྐྱེན་འོག སློབ་གསེང་དུས་ཚོད་སྤྱད་ནས་སློབ་གྲྭའི་རྩ་འཛུགས་བྱས་པའི་ལས་བརྩོན་སློབ་སྒྲུབ་ལས་ཀའི་ཁྲོད་ཞུགས་ཏེ། ཁྲིམས་མཐུན་གྱི་གླ་ཡོན་བླངས་ཆོག
བཅུ། རོགས་སྐྱོར་སྲིད་ཇུས་དང་བྱེད་ཐབས་གཞན་དག
     1.དབུལ་ཕོངས་ཁྱིམ་ཚང་གི་སློབ་མ་གསར་པས་གནས་སྐབས་སུ་སློབ་རིན་སོགས་གྲ་སྒྲིག་བྱ་མི་ཐུབ་ཚེ། སློབ་ཞུགས་མིང་ཐོ་འགོད་པའི་སྐབས་སུ་སློབ་གྲྭའི་སྒྲིག་འཛུགས་བྱས་པའི་ཤར་གཏོང་ལམ་བུ“绿色通道”བརྒྱུད་ནས་སློབ་ཞུགས་འགྲོ་ལུགས་བསྒྲུབ་ཆོག སློབ་ཞུགས་བྱས་རྗེས་མཐོ་རིམ་སློབ་གྲྭའི་རོགས་སྐྱོར་ལས་ཁུངས་ཀྱིས་སློབ་མས་ཞིབ་ཕྲའི་དཀའ་ཁག་གནས་ཚུལ་ལ་སྦྱར་ནས་རོགས་སྐྱོར་བྱ་ངེས།
     2.གཞུང་སྒྲུབ་སློབ་ཆེན་ཁྲོད་ཧ་ཅང་དབུལ་བའི་སློབ་མ་དང་སློབ་རིན་སྤྲོད་མི་ཐུབ་པའི་སློབ་མ། ལྷག་པར་དུ་དབང་པོ་སྐྱོན་ཅན་སློབ་མ་དང་གྲངས་ཉུང་མི་རིགས་ཀྱི་སློབ་མ། སྔོན་གཤེགས་དཔའ་བོའི་བུ་བུ་མོ་སོགས་ལ་སློབ་རིན་མི་དགོས་པ་དང་སློབ་རིན་ཇེ་ཉུང་དུ་བཏང་ཆོག
     3. མཐོ་རིམ་སློབ་གྲྭ་སོ་སོས་སྒེར་གྱི་མ་དངུལ་དང་སྤྱི་ཚོགས་རྩ་འཛུགས། མི་སྒེར་ཞལ་འདེབས་མ་དངུལ་སོགས་བེད་སྤྱད་ནས་སློབ་མའི་སྦྱངས་འབྲས་ལེགས་ཐོན་བྱ་དགའི་དངུལ་དང་སློབ་སྒྲུབ་རོགས་དངུལ་བཙུགས་ཏེ། གནས་སྐབས་ཀྱི་དཀའ་ངལ་ལ་འཕྲད་པའི་སློབ་མར་དམིགས་གསལ་ཁ་གསབ་སྤྲད་ཆོག

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...