སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
2019ལོའི་རྩེ་ཁོག་རྫོང་གིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་གནས་སྐབས་མཐོ་འབྲིང་དགེ་རྒན25བསྡུ་རྒྱུ།
རྩོམ་པ་པོ། མདོ་ལ་ཚགས་པར་ཁང་བོད་ཡིག་རྩོམ་སྒྲིག་ཚན་ཆུང་གིས་བསྒྱུར། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-8-15 11:03:00 རྩོམ་ཁུངས། ཨ་མདོའི་འཕྲིན་སྟེགས། ཀློག་གྲངས།
གཅིག གནས་སྐབས་ལས་བསྡུའི་རྩ་དོན།
     ཀུན་སྤྱོད་དང་ཡོན་ཏན་གཉིས་ལྡན་གྱི་འཇོན་མི་བསྡུ་བའི་ཚད་གཞི་རྒྱུན་འཁྱོངས་དང་དམངས་གཙོ་དང་ཡོངས་བསྒྲགས། འགྲན་རྩོད། ལེགས་འདེམས་བཅས་ལག་བསྟར་བྱ་སྲིད།
གཉིས། གནས་སྐབས་ལས་བསྡུའི་ཁྱབ་ཁོངས་དང་འཆར་གཞི།
     ཞིང་ཆེན་ཡོངས་ལ་ཁ་གཏད་ནས་གནས་སྐབས་སྒྲིག་ཕྱིའི་མཐོ་འབྲིང་དགེ་རྒན25བསྡུ་རྒྱུ་རེད། དེའི་ཁྲོད། (བོད་རྒྱ་སྐད་གཉིས་དགེ་རྒན22བསྡུ་བཞིན་ཡོད་དེ། བོད་ཡིག་དགེ་རྒན3དང་རྩིས་རིག་དགེ་རྒན3 དབྱིན་ཡིག་དགེ་རྒན3 དངོས་ལུགས་དགེ་རྒན2 རྫས་འགྱུར་དགེ་རྒན2 སྐྱེ་དངོས་དགེ་རྒན2 ཆབ་སྲིད་དགེ་རྒན2 ལོ་རྒྱུས་དགེ་རྒན2 ས་རྒྱུས་དགེ་རྒན2 གླུ་དབྱངས་དགེ་རྒན1)དང་རྒྱ་ཡིག་དགེ་རྒན3བཅས་བསྡུ་རྒྱུ་རེད།
གསུམ། གནས་སྐབས་ལས་བསྡུའི་ཆ་རྐྱེན།
     དང་པོ། ངེས་པར་ཚང་དགོས་པའི་འོས་ཚད་ཆ་རྐྱེན།
     1.ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ལ་བརྩི་སྲུང་དང་ཏང་གི་སློབ་གསོའི་བྱ་གཞག་ལ་བློ་སེམས་དཀར་བ། སྒྲིག་ཁྲིམས་སྲུང་བ། སྤྱོད་ཡོན་ཀུན་ལྡན།
     2.རྨང་བརྟན་པོའི་ཆེད་ལས་རྨང་གཞིའི་ཤེས་བྱ་དང་སློབ་གསོའི་སློབ་ཁྲིད་ནུས་པ་ལྡན་དགོས་ལ།  ཡ་རབས་ཚུལ་མཐུན་གྱི་དགེ་རྒན་ལས་རིགས་ཀྱི་བློ་སྦྱོང་འཛོམས་དགོས།
     3.དགེ་རྒན་ལ་ངེས་བར་ཚང་དགོས་པའི་མཐོ་འབྲིང་དགེ་རྒན་གྱི་འོས་ཐོབ་དཔང་ཡིག་ལྡན་དགོས་ལ། སློབ་ཁྲིད་བྱེད་པའི་བསླབ་ཚན་ཡང་ན་ཆེད་ལས་དེ་ཐེངས་འདིའི་ལས་བསྡུའི་བསླབ་ཚན་དང་མཐུན་དགོས་པ་དང་། ལས་རྐང་ལ་མཁོ་བའི་དངོས་ཡོད་ཆེད་ལས་ཀྱི་བྱ་བའི་ནུས་པ་འཛོམས་དགོས།
     4.ལས་བསྡུའི་དགེ་རྒན་གྱི་སློབ་གཉེར་བརྒྱུད་རིམ་ཆེས་མཐོ་ཤོས་ནི་སྤྱིར་བཏང་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞི་ཡན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་དགོས་ལ། ལོ3ཡན་གྱི་མཐོ་འབྲིང་སློབ་གསོའི་སློབ་ཁྲིད་ལག་ལེན་གྱི་ཉམས་མྱོང་ཡོད་དགོས། སྦྱང་འབྲས་ཕུལ་བྱུང་ཡིན་པའི་ལས་བསྡུའི་མི་སྣ་ལ་ཆེས་མཐོའི་སློབ་གཉེར་བརྒྱུད་རིམ་དེ་དངོས་གཞི་ནས་ཆེད་སྦྱོང་གི་རིམ་པར་དམའ་རུ་བཏང་ཆོག
     5.རྒྱུན་ལྡན་གྱི་ལས་འགན་ལག་བསྟར་དང་མཚོ་ངོས་ལས་མཐོ་བའི་ས་ཁུལ་དང་འཚམས་པའི་ལུས་པོའི་ཆ་རྐྱེན་ཡོད་དགོས་པ་དང་། སློབ་གསོའི་སློབ་ཁྲིད་བྱ་བར་འགན་ཁུར་ཐུབ་པ། ལས་བསྡུའི་ལས་གནས་ཀྱི་འབྲེལ་ཡོད་བླང་བྱ་དང་མཐུན་དགོས།
     གཉིས་པ། གལ་ཏེ་གཤམ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན་མིང་ཐོ་འགོད་མི་ཆོག
     1.སློབ་མཐར་ཕྱིན་མེད་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སྤྱིར་བཏང་མཐོ་རིམ་སློབ་གྲྭའི་སློབ་མ།
     2.བྱས་ཉེས་བསགས་ཏེ་ཉེས་དོན་གྱི་ཁྲིམས་ཆད་ཕོག་མྱོང་བ་དང་། གཞུང་གི་ལས་གནས་ནས་ཕུད་མྱོང་བའི་མི་སྣ།
     3.ཁྲིམས་ལུགས་ཁྲིམས་སྲོལ་གྱི་གཏན་ཁེལ་ལྟར་ལས་དོན་སྡེ་ཁག་གི་ལས་བྱེད་མི་སྣ་ཡི་གནས་ཚུལ་མི་སྣ་གཞན་མི་བསྡུ་བ།
བཞི། ལས་བསྡུའི་གོ་རིམ་དང་བྱེད་ཐབས།
     ཐེངས་འདིའི་ཡོངས་བསྒྲགས་ཀྱི་ལས་བསྡུ་ནི་རྩེ་ཁོག་རྫོང་སློབ་གསོ་ཅུས་ཀྱིས་རྩ་འཛུགས་བྱས་ཏེ། ཡུལ་དངོས་ནས་ཐོ་འགོད་དང་ཞིབ་བཤེར་གཏན་འབེབས། ཁ་རྒྱུགས། ལུས་པོ་བརྟག་དཔྱད། རྟོག་ཞིབ་སོགས་ཟུང་འབྲེལ་གྱི་བྱེད་ཐབས་ལག་བསྟར་བྱ་རྒྱུ།
     དང་པོ། མིང་ཐོ་འགོད་པ།
     1.མིང་ཐོ་འགོད་པའི་དུས་ཚོད། 2019ལོའི་ཟླ8པའི་ཚེས15ཉིན་ནས་ཟླ8པའི་ཚེས21ཉིན།(སྔ་དྲོ།8:30—12:00 ཕྱི་དྲོ། 14:30—17:00)
     2.མིང་ཐོ་འགོད་སའི་ས་གནས།  རྩེ་ཁོག་རྫོང་སློབ་གསོ་ཅུས་དགེ་རྒན་ལས་སྒྲུབ་ཁང་། (སློབ་གསོ་ཅུས་ཀྱི་སུམ་ཐོག)
འབྲེལ་གཏུག་ཨང་གྲངས། 0973-8752270 0973-8753570
     3.འདོན་སྤྲོད་བྱ་དགོས་པའི་རྒྱུ་ཆ། རང་ཉིད་ཀྱི་ཐོབ་ཐང་དཔང་ཡིག་དང་ཁྱིམ་ཐོ། སློབ་ཐོན་འཛིན་ཡིག བསླབ་གནས་ལག་ཁྱེར། དགེ་རྒན་གྱི་འོས་ཐོབ་དཔང་ཡིག རང་ཉིད་ཀྱི་ཉེ་པར་ཞྭ་གོན་མེད་པའི་ཚོན་ལྡན་འདྲ་པར་ཚུན་གཅིག་ཅན (པར་གསུམ) ལོ་གསུམ་ཡན་གྱི་མཐོ་རིམ་སློབ་འབྲིང་གི་སློབ་ཁྲིད་ཉམས་མྱོང་ཡོད་པ་ཚོས་དེ་སྔའི་སྡེ་ཁག་ནས་བྱ་བ་ལས་པའི་བདེན་དཔང་དང་འབྲེལ་ཡོད་ཀྱི་རྒྱུ་ཆ་མཁོ་སྤྲོད་བྱ་དགོས་པ་དང་། གོང་གི་རྒྱུ་ཆ་དག་གི་མ་ཡིག་གཅིག་དང་བསྐྱར་དཔར་ཡིག་ཆ་གཅིག་རེ་འདོན་སྤྲོད་བྱ་དགོས། 
     གཉིས་པ། ཞིབ་བཤེར།
     ལས་དོན་མི་སྣས་མིང་ཐོ་འགོད་མཁན་ལ་སྤྲད་པའི་དཔྱད་གཞིར་ཐོག་མའི་ཞིབ་བཤེར་བྱ་རྒྱུ་ཡིན་ལ། དཔྱད་གཞིའི་རྒྱུ་ཆ་དང་དཔང་ཡིག་རྫུན་མ་སྤྲོད་མཁན་ལ་ཐད་ཀར་མིང་ཐོ་འགོད་པའི་ཐོབ་ཐང་མེད་པར་བཟོ་རྒྱུ་ཡིན་པ་དང་། མི་སྣ་གཞན་དག་གི་དཔྱད་གཞིའི་རྒྱུ་ཆར་ཞིབ་དཔྱད་བྱས་པ་བརྒྱུད་དེ་ལས་བསྡུའི་ཆ་རྐྱེན་མ་འཛོམས་ཚེ་ཡུལ་དངོས་ནས་ཕྱིར་ཕུད་བྱ་རྒྱུ།
     གསུམ་པ། ཁ་རྒྱུགས།
     1. ཁ་རྒྱུགས་ལེན་པའི་དུས་ཚོད། 2019ལོའི་ཟླ8པའི་ཚེས25ཉིན།
     2 .ཁ་རྒྱུགས་ལེན་སའི་ས་གནས། ཟུར་དུ་བརྡ་གཏང་རྒྱུ།
     3. ཁ་རྒྱུགས་ཀྱི་རྣམ་པ་དང་ནང་དོན། ཁ་རྒྱུགས་ལ་སློབ་ཁྲིད་གྲ་སྒྲིག་དང་། སློབ་ཁྲིད་བྱེད་པ། རྩོད་གླེང་བཅས་ཀྱི་རྣམ་པ་གསུམ་སྤྱད་ནས་སྤེལ་རྒྱུ། རྒྱུགས་ཞུགས་མི་སྣས་ཡུལ་དངོས་ནས་སློབ་ཚན་གང་ཞིག་སློབ་ཁྲིད་བྱ་རྒྱུ་དེ་བླངས་ནས་གཏན་འབེབས་ཀྱི་དུས་ཚོད་གཞིར་བཟུང་སྟེ་སློབ་ཚན་ཁྲིད་པར་གྲ་སྒྲིག་བྱ་དགོས། དེའི་ཁྲོད་སློབ་ཚན་གྲ་སྒྲིག་གི་དུས་ཚོད་སྐར་མ30དང་སློབ་ཁྲིད་བྱེད་པའི་དུས་ཚོད་སྐར་མ10རྩོད་གླེང་གི་དུས་ཚོད་སྐར་མ3བཅས་ཟིན་ཡོད། རྒྱུགས་སྤྲོད་སློབ་མ་གཏན་འཁེལ་གྱིས་གོ་རིམ་ལྟར་ཁ་རྒྱུགས་ལ་ཞུགས་དགོས་པ་དང་། ཁ་རྒྱུགས་མཇུག་སྒྲིལ་རྗེས་ཁ་རྒྱུགས་ཀྱི་གྲུབ་འབྲས་ཁྱབ་བསྒྲགས་བྱ་རྒྱུ།
     4. ཁ་རྒྱུགས་ཀྱི་སྤྱིའི་རྒྱུགས་འབྲས་སྤྱི་བསྡོམས། ཁ་རྒྱུགས་ཀྱི་སྤྱིའི་རྒྱུགས་འབྲས=སློབ་ཚན་ཁྲིད་པ×50%+སློབ་ཁྲིད་གྲ་སྒྲིག×25%+རྩོད་གླེང×25%(ཨང་གྲངས2སོར་འཇོག་དང་། ཨང་གྲངས་གསུམ་པར་བཞི་དོར་ལྔ་འགྲིལ་བྱ་རྒྱུ)ཁ་རྒྱུགས་ཀྱི་སྐར་གྲངས་དམའ་ཤོས་ཀྱི་ཚད་གཞི་ནི་སྐར་མ75(སྐར་མ75ཚུད་པ)ཡིན་པ་དང་། དཔྱད་བསྡུར་ཨུ་ལྷན་གྱིས་སྐར་གྲངས་དཔྱད་བསྡུར་གྱི་ཚད་གཞི་གཞིར་བཟུང་ལས་བསྡུ་མི་སྣར་ཡུལ་དངོས་ནས་སྐར་མ་རྒྱག་རྒྱུ།
ལྔ། ལས་བསྡུ་བཀོལ་སྤྱོད་དང་ཐོབ་ཐང་།
     1.ཡོངས་བསྒྲགས་དུས་ཡུན་ལོངས་ཡང་བསམ་འཆར་མི་འདྲ་བ་གང་ཡང་མེད་མཁན་ལ་རྫོང་སྲིད་གཞུང་གིས་གནས་སྐབས་ལས་བསྡུ་་མི་སྣ་དང་ངལ་རྩོལ་གན་རྒྱ་འཇོག་དགོས་པ་དང་། ངལ་རྩོལ་གན་རྒྱ་ལོ་རེར་ཐེངས་རེ་འཇོག་དགོས།
     2.ཟླ་རེར་གླ་ཕོགས་སྒོར6000(རྒན་གསོ་དང་། སྨན་བཅོས། བུ་བཙའ། ལས་ཤོར། ལས་རྨས་འགན་བཅོལ་བཅས་ཚུད་པ)ཡིན་པ་དང་ལོ་རེར་ཟླ10ལྟར་རྩིས་སྤྲོད་བྱེད་ཀྱི་ཡོད།
     3.གན་རྒྱའི་དུས་ཚད་མ་ལོན་པར་རང་དགར་ལས་གནས་ནས་བྲལ་ན། ལས་བསྡུའི་གན་རྒྱའི་ནང་ཁ་ཆད་བཞག་པའི་ཁ་ཆད་དང་འགལ་བའི་ཆད་དངུལ་སྤྲོད་དགོས་པ་མ་ཟད། མི་སྒེར་གྱི་ཡིད་རྟོན་ཡིག་ཚགས་ནང་འགོད་པ།
དྲུག འབྲེལ་ཡོད་དོན་ཚན།
     1.མིང་ཐོ་འགོད་མཁན་གྱིས་ངེས་པར་དུ་མིང་ཐོ་འགོད་སྐབས་འབྲེལ་གཏུག་ཁ་པར་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། འབྲེལ་ཡོད་དོན་དག་བརྡ་ཐོ་གཏོང་རྒྱུ་སྟབས་བདེ་སྐྲུན་དགོས། དེ་ལྟར་མ་བྱས་ན་མཇུག་འབྲས་རང་འཁུར་བྱེད་དགོས།
     2.མིང་ཐོ་བཀོད་ནས་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད་མི་སྣས་གཏན་འབེབས་བྱས་པའི་དུས་ཚོད་ནང་བླང་བྱ་གཞིར་བཟུང་ནས་ཁ་རྒྱུགས་ལ་ཞུགས་པ་དང་། གཟུགས་པོར་བརྟག་དཔྱད། རྟོག་ཞིབ། ལས་བསྡུའི་འགྲོ་ལུགས་གཉེར་བ་སོགས་ཀྱི་གནས་ཚུལ་རིགས་ཚང་མ་དུས་ཚོད་ལྟར་མ་སྒྲུབ་ན་ལས་བསྡུའི་ཐོབ་ཐང་རང་འགུལ་ངང་དོར་བར་བརྩི་རྒྱུ། ཐོབ་ཐང་ཞིབ་བཤེར་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོའི་ལྷུ་ཚིགས་གང་རུང་དུ་ལས་བསྡུ་མི་སྣས་ལག་ཁྱེར་སྣ་ཚོགས་རྫུན་བཟོ་དང་མི་བདེན་རྫུན་སྒྲིག་བྱས་པ་ཤེས་རྟོགས་བྱུང་ཚེ། རྩད་ཆོད་མཐའ་གསལ་བྱས་ནས་ཐོབ་ཐང་མེད་པར་བཟོ་བ་དང་གནད་དོན་ཚབས་ཆེ་བའི་རིགས་ལ་ཆད་པ་ནན་པོ་གཅད་ངེས། 

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...