སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གིས་སློབ་སྐབས་དང་པོ་མགོ་རྩོམ་པའི་བྱ་བའི་བཀོད་སྒྲིག་ཚོགས་འདུ་བསྡུས།
རྩོམ་པ་པོ། གསེར་ཆེན་རྫོང་མི་རིགས་སློབ་འབྲིང་། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-9-5 14:23:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གིས་སློབ་སྐབས་དང་པོ་མགོ་རྩོམ་པའི་བྱ་བའི་བཀོད་སྒྲིག་ཚོགས་འདུ་བསྡུས།
     ཏང་གི་མི་རིགས་སློབ་གསོའི་ལས་དོན་འཕེལ་རྒྱས་སུ་གཏོང་བའི་གཞི་རྩ་ནི་སློབ་གྲྭའི་སློབ་གསོའི་བྱ་བ་འཕེལ་རྒྱས་སུ་གཏོང་དགོས་པ་དེ་ཡིན་ལ། དགེ་སློབ་ཟུང་འབྲེལ་གྱིས་སློབ་ཁྲིད་ལམ་ལུགས་ཡང་དག་པའི་སྒོ་ནས་རྒྱུན་འཁྱོངས་བྱེད་རྒྱུ་ནི་གལ་འགངས་ཆེ་བའི་ལས་འགན་རླབས་ཆེན་ཞིག་ཡིན་སྟབས། ང་ཚོས་ཁྱོན་ཡོངས་ནས་འཆམ་མཐུན་སློབ་ར་འཛུགས་སྐྲུན་བྱེད་པའི་ཐབས་ལམ་གཞིར་བཟུང་ནས་སློབ་གསོའི་ལས་འགན་མཐའ་དག་ལག་ལེན་མཐར་ཕྱིན་བྱེད་དགོས་ལ། དེ་ལས་ཀྱང་སྤྱི་ཚོགས་ལ་ཞབས་ཞུ་དང་ཕ་ཡུལ་ལ་སྲི་ཞུ་སྒྲུབ་ནུས་པའི་སྤྱོད་ཡོན་གཉིས་ལྡན་གྱི་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་གསོ་སྐྱོང་བྱེད་དགོས་ན་འཛམ་གླིང་གི་སྔོན་ཐོན་ཡིན་པའི་སློབ་གསོའི་ཐབས་ལམ་དང་དུས་རབས་ཀྱི་འཕེལ་རྒྱས་དང་དོ་མཉམ་པའི་སློབ་ཁྲིད་བྱེད་ཐབས་ཁྱད་པར་ཅན་འདོན་སྤེལ་བྱས་པའི་རྨང་གཞི་སྟེང་ནས་ད་གཟོད་སློབ་གསོའི་བྱ་བ་བྱེད་པའི་དགེ་རྒན་གྱི་འོས་འགན་མཐའ་འཁྱོལ་བར་བྱས་ཏེ་སློབ་ཁྲིད་ཀྱི་བྱ་གཞག་འདི་ངེས་པར་དུ་ཚན་རིག་དང་མཐུན་པའི་སྒོ་ནས་དར་སྤེལ་དུ་བཏང་སྟེ་སློབ་གསོའི་ལས་དོན་ལ་སྔ་ན་མེད་པའི་འབྲས་བུ་ཕུན་སུམ་ཚོགས་པ་ཞིག་ལོན་པར་བྱེད་དགོས་པ་རེད།
     ཉེ་ལམ། གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གིས2018ལོ་ནས2020ལོའི་སློབ་སྐབས་དང་པོའི་སློབ་མགོ་རྩོམ་པའི་བྱ་བའི་བཀོད་སྒྲིག་གི་ཚོགས་འདུ་དེ་སློབ་གྲྭའི་འཆད་ཁྲིད་མུན་སེལ་གླིང་དུ་གཟབ་རྒྱས་ངང་བསྡུས་ཤིང་སློབ་གྲྭའི་གཞུང་ལས་ཁང་གི་ཀྲུའུ་རིན་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཐེངས་འདིའི་ཚོགས་འདུ་ལ་མདོ་འཛིན་བྱས། ཐེངས་འདིའི་ཚོགས་འདུ་ལ་དོན་ཚན་ཆེན་པོ་གསུམ་གྱིས་གྲུབ། 
     དོན་ཚན་དང་པོ།  སློབ་གྲྭའི་སློབ་སྟོན་ཁང་གི་ཀྲུའུ་རིན་བཀྲ་ཤིས་མཚོ་ལགས་ཀྱིས་སློབ་མགོ་མ་བརྩམས་པའི་སྔོན་གྱི་སློབ་སྟོན་བྱ་བ་བཀོད་སྒྲིག་བྱེད་པ། སློབ་སྐབས་སྔོན་མ་སྟེ་2018ནས2019ལོའི་སློབ་སྐབས་གཉིས་པའི་མཇུག་རྒྱུགས་ཀྱི་རྒྱུགས་འབྲས་དང་འབྲིང་རྒྱུགས་ཀྱི་རྒྱུགས་འབྲས་ལ་དབྱེ་ཞིབ་བྱེད་པ།
     དོན་ཚན་གཉིས་པ། སློབ་སྤྱི་གཞོན་པ་ཚེ་གཟུངས་ལགས་ཀྱིས་བསྟན་དོན། སློབ་སྐབས་སྔོན་མའི་མཇུག་རྒྱུགས་ཀྱི་འབྲས་བུ་ལེགས་པའི་དགེ་རྒན་དང་ཐུན་མོང་ལ་ཡུལ་དངོས་ནས་གཟེངས་བསྟོད་གནང་བ། སློབ་སྐབས་སྔོན་མའི་སློབ་ཁྲིད་བྱ་བའི་ཁྲོད་གནས་པའི་གནད་དོན་ལ་དབྱེ་ཞིབ་བྱས་པ། སློབ་སྐབས་འདིའི་དགེ་རྒན་ལེགས་སྒྲིག་གི་གནས་ཚུལ་ཁྱབ་བསྒྲགས་བྱས་པ། སློབ་མའི་གཤར་སྦྱང་གི་རྒྱུ་ཆ་དང་དགེ་རྒན་གྱིས་སློབ་ཁྲིད་སྐབས་སུ་དོ་སྣང་བྱེད་དགོས་པའི་སྐོར་ནས་སྤྱི་སྡོམ་བྱས་པ། སློབ་སྐབས་འདིའི་གནང་བ་ཞུ་བའི་དགེ་རྒན་དང་གསར་དུ་ཐོན་པའི་དགེ་རྒན་གྱི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་རེད།
     དོན་ཚན་གསུམ་པ། སློབ་སྤྱི་ཚེ་རིང་དོན་འགྲུབ་ལགས་ཀྱིས་གསུངས་བཤད་གནང་བ། ཁོང་གིས་བསྟན་དོན། སློབ་གྲྭའི་མིག་སྔར་གྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པའི་བསམ་པའི་མྱོང་ཚོར་བརྗོད་པ་དང་ཆབས་ཅིག་ཏུ་དགེ་རྒན་དག་གིས་ངེས་པར་དུ་རང་ནུས་གང་ཡོད་སྒོས་སློབ་གསོའི་ལས་དོན་ལེགས་འགྲུབ་བྱེད་པའི་ཐད་ལ་ནུས་པ་གང་ཡོད་འདོན་དགོས་པ་མ་ཟད། རང་དཔེ་གཞན་སྟོན་དང་དཔེ་ཁྲིད་གཤིས་སྐྱོང་གི་ཐད་ལ་ལྷག་བསམ་རྣམ་དག་གིས་འབད་པ་ཆེར་བསྐྱེད་དགོས་པ་ཡིན་ལ། ཁྱད་པར་དུ་ཏང་གི་མི་རིགས་སློབ་གསོའི་ལས་འགན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་དང་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་འབོར་ཆེན་ཞིག་གསོ་སྐྱོང་གི་ཆ་ལ་དུས་དང་རྣམ་པ་ཀུན་ཏུ་ནུས་པ་གང་ཡོད་འདོན་དགོས་པའི་སྐོར་གྱི་བསམ་ཚུལ་བཏོན་པ་རེད། ཁོང་གིས་ནན་གྱིས་བསྟན་དོན།དགེ་རྒན་ཞིག་གི་འོས་འགན་ནི་མ་འོངས་པའི་མེས་རྒྱལ་གྱི་བདག་པོ་དང་མི་རིགས་ཀྱི་རེ་ལྟོས་སུ་གྱུར་བའི་སློབ་མའི་རྒྱུད་ལ་ཤེས་བྱ་སྣ་ཚོགས་ཀྱི་བག་ཆགས་ཟབ་མོ་ཞིག་འཇོག་དགོས་ལ་ལྷག་པར་དུ་མི་གཤིས་ལེགས་ཤིང་རྒན་བཀུར་ཆུང་བྱམས་ཀྱི་ལུགས་སྲོལ་རང་རྒྱུད་ལ་གོམས་པར་བྱེད་པའི་ཚུལ་ལྡན་གྱི་སློབ་མ་བཟང་བོ་ཞིག་བསྐྱེད་བསྲིང་བྱེད་རྒྱུ་དེ་ཡིན་སྟབས། ཐོག་མར་དགེ་རྒན་རང་ཉིད་ཀྱིས་རང་རྒྱུད་དག་པར་བྱེད་དགོས་ལ་སྒོས་སུ་རང་གི་འགན་བབས་སུ་གྱུར་བའི་སློབ་ཁྲིད་ཀྱི་ཐད་ནས་ཆ་རྒྱུས་གསལ་བོ་ཞིག་ཡོད་དགོས་པ། སློབ་མ་གསོ་སྐྱོང་གི་ཐབས་ལམ་དང་སློབ་ཁྲིད་ལེགས་ཤོས་ཤིག་བྱེད་པའི་ཉམས་མྱོང་།དུས་རྒྱུན་གྱི་དགེ་རྒན་རང་ཉིད་ཀྱི་ཀུན་སྤྱོད་སོགས་གང་ཐད་ནས་གཟབ་གཟབ་བྱེད་དགོས་པའི་ཐད་ལ་ནུས་པ་གང་ཡོད་འདོན་དགོས་པའི་རེ་བ་བཏོན་པ་རེད། གཞན་ཡང་སློབ་གྲྭའི་བྱ་གཞག་ཐམས་ཅད་ལ་མ་བགྲོས་གཅིག་མཐུན་གྱིས་འབད་པ་ཆེར་བསྐྱེད་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ལ་རྒྱུན་འཁྱོངས་དང་འཆམ་མཐུན་སློབ་ར་འཛུགས་སྐྲུན། སློབ་མའི་བདེ་འཇགས་ལ་དོ་ཁུར་བཅས་སློབ་ཁྲིད་ཀྱི་འོས་འགན་མཐའ་དག་དུས་ལྟར་འཐུས་ཚང་སྒོས་ལེགས་འགྲུབ་བྱེད་དགོས་པའི་སློབ་སྟོན་འགངས་ཆེན་གནང་བ་རེད། 
     ཐེངས་འདིའི་ཚོགས་འདུ་བསྡུས་པ་བརྒྱུད་ནས་དགེ་རྒན་དག་གི་སེམས་ལ་སྔ་ན་མེད་པའི་རང་འགན་ལེགས་འགྲུབ་ཀྱི་སྟོབས་ཤུགས་ཁྱད་པར་ཅན་ཞིག་དང་། སློབ་མའི་དོན་དུ་རང་གིས་ནུས་པ་གང་ཡོད་འདོན་པར་འདོད་པའི་བསམ་བློའི་འདུ་ཤེས་ཕུན་སུམ་ཚོགས་པ་ཞིག་ངང་གིས་བརྟས་པར་བྱས་པ་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...