སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བྱམས་པ་སྐྱིད་སོགས་ལ་རྒྱལ་ཡོངས་དཔེ་བཟང་དགེ་རྒན་གྱི་མཚན་སྙན་ཐོབ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-9-11 9:33:00 རྩོམ་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས།

བྱམས་པ་སྐྱིད།

ཚེ་རིང་སྒྲོན་དཀར།

ལྷ་རྩེ་རྒྱལ། 

རྡོ་རྗེ་ཚེ་བརྟན།

འབྲུག་རྒྱལ་བྱམས། 

གྲགས་ལྡན་རྒྱལ། 

འཛིན་སྐྱིད།
     ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བ་དང་དགེ་རྒན་དུས་ཆེན་ཐེངས35པར་བསུ་མ་དང་། དགེ་རྒན་ལ་བརྩི་བཀུར་དང་སློབ་གསོ་ལ་མཐོང་ཆེན་བྱེད་པའི་སྲོལ་བཟང་དར་སྤེལ་བཅས་བྱ་ཆེད། འོག་རིམ་ནས་གོང་རིམ་གྱི་རིམ་པ་མང་པོ་བརྒྱུད་ནས་འོས་སྦྱོར་དང་འདེམ་ཐོན་བྱུང་བའི་ལས་ཁུངས་ཐུན་མོང་དང་དཔེ་ལེགས་དགེ་རྒན་སོགས་ལ་མཐར་སློབ་གསོ་པུའུ་ནས་དཔྱད་འདེམས་བྱས་པའི་ནང་དུ། རྒྱལ་ཡོངས་སློབ་གསོའི་ཁྱབ་ཁོངས་ཀྱི་སྔོན་ཐོན་ཐུན་མོང་གི་གཟེངས་རྟགས་ཐོབ་མཁན་རང་རེའི་ཞིང་ཆེན་གྱི་སློབ་གྲྭ10དང་། རྒྱལ་ཡོངས་དཔེ་བཟང་དགེ་རྒན་གྱི་མཚན་སྙན་ཐོབ་མཁན་དགེ་རྒན6། རྒྱལ་ཡོངས་སློབ་གསོའི་ཁྱབ་ཁོངས་ཀྱི་སྔོན་ཐོན་ལས་བྱེད་པའི་མཚན་སྙན་ཐོབ་མཁན་དགེ་རྒན1། རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་མཚན་སྙན་ཐོབ་མཁན་དགེ་རྒན12། རྒྱལ་ཡོངས་སློབ་གསོའི་ལས་བྱེད་པ་ཕུལ་བྱུང་ཅན་གྱི་མཚན་སྙན་ཐོབ་མཁན2བཅས་ཚུད་ཡོད་པ་མ་ཟད། དེའི་ཁར་མཚོ་སྔོན་ཞིང་ཆེན་གྱིས་ཀྱང་ཞིང་ཆེན་ཡོངས་ཀྱི་འཇོན་མི་སྐྱེད་སྲིང་གི་དཔེ་ལེགས་དགེ་རྒན10བདམས་འདུག
     དེ་ཡང་འདིར་གཟེངས་རྟགས་ཐོབ་མཁན་ཡོངས་ལས་རང་རེའི་བོད་ཁུལ་གྱི་ལས་ཁུངས་ཐུན་མོང་དང་དགེ་རྒན་རྣམས་དམིགས་སུ་བཀར་ནས་བཀོད་ན།
     རྒྱལ་ཡོངས་སློབ་གསོའི་ཁྱབ་ཁོངས་ཀྱི་སྔོན་ཐོན་ཐུན་མོང་གི་གཟེངས་རྟགས་ཐོབ་པའི་བོད་ཁུལ་གྱི་སློབ་གྲྭ་ནི། མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་དཔལ་ཡུལ་ཡུལ་ཚོའི་བོད་ཡིག་བཅའ་སྡོད་ཆ་ཚང་སློབ་ཆུང་དང་། ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་བག་ཆེན་ཡུལ་ཚོའི་རྔམ་ནག་གྲོང་ཚོའི་སློབ་ཆུང་། རྨ་ལྷོ་ཁུལ་རེབ་གོང་རྫོང་མི་རིགས་སློབ་འབྲིང་། མཚོ་བྱང་ཁུལ་རྒྱ་མདོ་རྫོང་ནུབ་ཐང་ཡུལ་ཚོའི་བཅའ་སྡོད་སློབ་ཆུང་བཅས་རེད།
     རྒྱལ་ཡོངས་དཔེ་བཟང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་ནི། རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་མདོ་གསུམ་ཡུལ་ཚོའི་ལྟེ་གནས་བཅའ་སྡོད་སློབ་ཆུང་གི་དགེ་རྒན་བྱམས་པ་སྐྱིད་དང་། ཡུལ་ཤུལ་ཁུལ་ནང་ཆེན་རྫོང་ཉག་ར་ཡུལ་ཚོའི་ལྟེ་གནས་བཅའ་སྡོད་སློབ་ཆུང་གི་དགེ་རྒན་ཚེ་རིང་སྒྲོན་དཀར་གཉིས་རེད།
     རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་ནི། རྨ་ལྷོ་ཁུལ་གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ་ཆ་ཚང་སློབ་ཆུང་གཉིས་པའི་དགེ་རྒན་ལྷ་རྩེ་རྒྱལ་དང་། ཡུལ་ཤུལ་ཁུལ་ཆུ་དམར་ལེབ་རྫོང་རྨ་སྟོད་ཡུལ་ཚོའི་བཅའ་སྡོད་ལྟེ་གནས་སློབ་ཆུང་གི་དགེ་རྒན་རྡོ་རྗེ་ཚེ་བརྟན་གཉིས་རེད།
     མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དཔེ་ཁྲིད་མི་སྐྱོང་གི་དཔེ་བཟང་དགེ་རྒན་ནི། མཚོ་ཤར་གྲོང་ཁྱེར་ཡ་རྫི་རྫོང་རྡོ་སྦིས་ཡུལ་ཚོའི་རྡོ་སྦིས་སློབ་ཁུལ་གྱི་དགེ་རྒན་འབྲུག་རྒྱལ་བྱམས་དང་། མཚོ་ལྷོ་ཁུལ་བྲག་དཀར་རྫོང་དཔལ་ཁ་གྲོང་རྡལ་མི་རིགས་བཅའ་སྡོད་སློབ་ཆུང་གི་དགེ་རྒན་གྲགས་ལྡན་རྒྱལ། མགོ་ལོག་ཁུལ་པདྨ་རྫོང་གྲུབ་ཆེན་ཡུལ་ཚོའི་བཅའ་སྡོད་སློབ་ཆུང་གི་དགེ་རྒན་འཛིན་སྐྱིད་བཅས་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...