སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཡུལ་ཤུལ་ལོ་རྒྱུས་རིག་གནས་ཞིབ་འཇུག་གླིང་དབུ་བརྙེས་པ།
རྩོམ་པ་པོ། ལྷ་ཆེན་རྒྱལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-9-12 15:00:00 རྩོམ་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས།
     ཡུལ་ཤུལ་གྱི་ལོ་རྒྱུས་རིག་གནས་ཐོན་ཁུངས་ཞིབ་འཇུག་དང་སྔོག་འདོན་ཟབ་སྤེལ། རིག་གནས་ཡུལ་སྐོར་འདེགས་སྐྱོར་གྱི་ཐོན་ལས་གསོ་སྐྱོང་གོང་སྤེལ་གཏང་ཆེད། ཟླ9པའི་ཚེས7ཉིན། ཡུལ་ཤུལ་ལོ་རྒྱུས་རིག་གནས་ཞིབ་འཇུག་གླིང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་ནས་དངོས་སུ་དབུ་བརྙེས་པ་རེད།
     རྒྱུས་ལོན་པ་ལྟར་ན། ཡུལ་ཤུལ་ལོ་རྒྱུས་རིག་གནས་ཞིབ་འཇུག་གླིང་གིས་རྒྱལ་ཁབ་ཀྱི་སྤྱིའི་འཕེལ་རྒྱས་འཐབ་ཇུས་གཞིར་བཟུང་སྟེ། ཡུལ་ཤུལ་གྱི་རིག་གནས་ཐོན་ལས་ཀྱི་ཐོན་ཁུངས་རྨང་གཞིའི་སྟེང་། ཁེ་དང་རྒྱལ་ཁ་མཉམ་ཐོབ་ཀྱི་རྩ་དོན་ལྟར་མཉམ་འབྲེལ་སྒྲིག་གཞི་བཙུགས་ནས། ཟི་ཁྲོན་སློབ་ཆེན་ལོ་རྒྱུས་རིག་གནས་ཞིབ་འཇུག་གླིང་གི་ཤེས་ལྡན་པའི་ཐོན་ཁུངས་དང་ཆེད་ལས་ཀྱི་ལེགས་ཆ། དེ་མིན་ཚན་རིག་ཞིབ་འཇུག་གི་ལེགས་ཆ་ལ་བརྟེན་ཏེ། ཡུལ་ཤུལ་ལ་རིག་གནས་ཐོན་ལས་ཀྱི་མཐོ་རིམ་འཇོན་མི་གསོ་སྐྱོང་དང་ནང་འདྲེན་སྒོས། ཡུལ་ཤུལ་གྱི་རིག་གནས་ཐོན་ལས་གོང་སྤེལ་གཏང་བར་སྐུལ་འདེད་བྱ་རྒྱུ་རེད།
     སླད་ཕྱིན། ཡུལ་ཤུལ་ལོ་རྒྱུས་རིག་གནས་ཞིབ་འཇུག་གླིང་གིས་ཤེས་ལྡན་པ་གསོ་སྐྱོང་དང་དཔྱད་གཞི་ཞིབ་འཇུག ཡུལ་ཕྱིའི་རྟོག་ཞིབ་དང་གྲུབ་འབྲས་པར་སྐྲུན་སོགས་ཀྱི་བྱེད་སྟངས་བརྒྱུད། ཡུལ་ཤུལ་ས་ཁུལ་གྱི་ལོ་རྒྱུས་རིག་གནས་ཞིབ་འཇུག་དང་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཀྱི་ལས་དོན་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད། ཡུལ་ཤུལ་གྱི་སྲོལ་རྒྱུན་རིག་གནས་དར་སྤེལ་དང་རྒྱུན་འཛིན། ཡུལ་ཤུལ་གྱི་རིག་གནས་མཚན་བཏགས་གསར་སྐྲུན་བཅས་བྱས་ཏེ། ཡུལ་ཤུལ་གྱི་འཕེལ་རྒྱས་འཐབ་ཇུས་གསར་སྐྲུན་དང་རིག་གནས་སྟོབས་ལྡན་གྲོང་ཁྱེར་འཛུགས་སྐྲུན་ཐད་ལ་བྱས་རྗེས་བླ་མེད་འཇོག་པར་བརྩོན་ལེན་བྱ་རྒྱུ་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...