སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་དག་བསྒྲིགས་དང་ཤེས་ལྡན་མི་སྣ་གསོ་སྦྱོང་འཛིན་གྲྭ་མཇུག་སྒྲིལ།
རྩོམ་པ་པོ། བསོད་ནམས་དོན་གྲུབ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-10-21 14:18:00 རྩོམ་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། ཀློག་གྲངས།
     སྤྱི་ཟླ10བའི་ཚེས་19ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་ཤིང་མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་དག་བསྒྲིགས་ཞིབ་འཇུག་དང་ཤེས་ལྡན་མི་སྣ་གསོ་སྦྱོང་རྟེན་གཞིས་རོགས་སྒྲུབ་དང་། མཚོ་སྔོན་དགེ་འོས་སློབ་ཆེན་པཎ་ཆེན་ཞིབ་འཇུག་གླིང་གིས་འགན་སྒྲུབ་བྱས་པའི“མཚོ་སྔོན་ཞིང་ཆེན་སྐབས་གཉིས་པའི་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་དག་བསྒྲིགས་དང་ཤེས་ལྡན་མི་སྣ་གསོ་སྦྱོང་འཛིན་གྲྭ”འི་མཇུག་བསྡུའི་མཛད་སྒོ་མཚོ་སྔོན་དགེ་འོས་སློབ་ཆེན་དུ་བསྡུས། 
     མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་བཀྲ་བྷོ་དང་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གནའ་དཔེ་ཁང་གི་ཀྲུའུ་རེན་མ་ཞའོ་ཆིན།  མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་ཏང་ཨུད་ཧྲུའུ་ཅི་གཞོན་པ་དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ། མི་རིགས་དགེ་འོས་སློབ་གླིང་བོད་ཀྱི་སྐད་ཡིག་རྩོམ་རིག་སྡེ་ཁག་གི་ཀྲུའུ་རེན། དགེ་རྒན་ཆེན་མོ་སྟོབས་ལྡན། པཎ་ཆེན་ཞིབ་འཇུག་གླིང་གཞུང་སྒྲུབ་ཁང་གི་ཀྲུའུ་རེན། དགེ་རྒན་ཆེན་མོ་བསོད་ནམས་དོན་གྲུབ་བཅས་དང་། དེ་མིན་ཟི་ལིང་དང་ཁུལ་དྲུག རང་སྐྱོང་རྫོང་སོགས་ཞིང་ཆེན་ཡོངས་ཀྱི་ཕྱོགས་སོ་སོ་ནས་སླེབས་པའི་མི་རིགས་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་ལས་བྱེད་པ་དང་མི་རིགས་དགེ་འོས་སློབ་གླིང་གི་ཞིབ་འཇུག་སློབ་མ་སོགས་ཚོགས་མི74མཇུག་བསྡུའི་མཛད་སྒོར་ཞུགས། 
     མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་ཏང་ཨུད་ཧྲུའུ་ཅི་གཞོན་པ་དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ་གྱིས་མཇུག་བསྡུའི་གཙོ་སྐྱོང་གནང་། ཁོང་གིས་བསྟན་དོན། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་གཟིགས་སྐྱོང་དང་འདིར་བཞུགས་སློབ་མ་ཚོའི་ཤུགས་ཆེན་པོའི་རྒྱབ་སྐྱོར་འོག ཉིན་བདུན་གྱི་རིང་མཚོ་སྔོན་ཞིང་ཆེན་སྐབས་གཉིས་པའི་གནའ་དཔེ་དག་བསྒྲིགས་དང་ཤེས་ལྡན་མི་སྣ་གསོ་སྦྱོང་འཛིན་གྲྭ་སྒྲུབ་ཐུབ་ཅིང་བདེ་ལེགས་ངང་མཇུག་སྒྲིལ། ཐེངས་འདིར་དགེ་རྒན་ཆེན་མོ་བཅུ་གདན་ཞུ་བྱས་ཤིང་གསོ་སྦྱོང་འཛིན་གྲྭའི་སློབ་མ་74ལ། བོད་ལྗོངས་ནས་ཆེད་མཁས་པ་2དང་པེ་ཅིང་ནས་ཆེད་མཁས་པ་2 མཚོ་སྔོན་དགེ་འོས་སློབ་ཆེན་ནས་དགེ་རྒན་ཆེན་མོ་6གདན་ཞུ་བྱས་ཏེ་འཆད་འཁྲིད་ཐེངས་10ལྷག་བྱས་ཤིང་། གསོ་སྦྱོང་འཛིན་གྲྭར་འཁྲིད་བྱའི་ནང་དོན་ནི། གནའ་དཔེ་དག་བསྒྲིགས་ཀྱི་རྨང་གཞིའི་ཤེས་བྱ་ཙམ་མིན་པར། “ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན”ཞེས་པ་བརྗོད་དོན་གཙོ་བོ་ཡིན་པའི་ཏང་གི་སློབ་གསོ་སློབ་སྦྱོང་བྱས་པ་དང་། མཚོ་སྔོན་དགེ་འོས་སློབ་ཆེན་གནའ་དཔེ་ཡིག་ཆའི་ལྟེ་གནས་དང་པཎ་ཆེན་ཞིབ་འཇུག་གླིང་། ཤུལ་བཞག་མིན་པའི་རིག་དངོས་འགྲེམ་སྟོན་ཐིང་སོགས་སུ་དངོས་བསྐྱོད་རྟོག་ཞིབ་བྱས། ཏང་གི་སློབ་གསོ་སློབ་སྦྱོང་གི་འདུ་ཤེས་གཏིང་ཟབ་སྒོས་ལག་ལེན་དོན་འཁྱོལ་ཡོང་ཆེད། བོད་སྨན་རིག་གནས་དངོས་མང་བཤམས་སྟོན་ཁང་གི”པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་མཛད་འཕྲིན་བཤམས་སྟོན་ཁང”དུ་བསྐྱོད་པའི་ལྟ་སྐོར་སློབ་སྦྱོང་བཀོད་སྒྲིག་བྱས་པར་མ་ཟད། མཚོ་སྔོན་ཞིང་ཆེན་སྐབས་དྲུག་པའི་གྲངས་ཉུང་མི་རིགས་གནའ་དཔེ་བྱ་བའི་ཚོགས་འདུར་ཞུགས་པའི་གཏམ་བཤད་གལ་ཆེན་གནང་།
     མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་བཀྲ་བྷོ་ཡིས་ཚོགས་འདུ་མཇུག་བསྡུའི་གཏམ་སྤེལ་གནང་། ཁོང་གིས་བསྟན་དོན། མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་དག་བསྒྲིགས་དང་ཤེས་ལྡན་མི་སྣ་གསོ་སྦྱོང་རྟེན་གཞི”དང”པཎ་ཆེན་ཞིབ་འཇུག་གླིང”གི་ཚབ་བྱས་ནས་ཐེངས་འདིའི་གསོ་སྦྱོང་འཛིན་གྲྭར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་ཞིང་ཆེན་ཆོས་ལུགས་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་དང་དེ་ལས་གཞན་དགེ་རྒན། ཆེད་མཁས་པ། འཛིན་གྲྭའི་འབྲེལ་ཡོད་རྩ་འཛུགས་མགོ་ཁྲིད་དང་དོ་དམ་མི་སྣ་སོགས་ལ་བཀའ་དྲིན་ཞུས་པ་མ་ཟད། འབད་པ་ཧུར་ཐག་གི་སློབ་སྦྱོང་བརྒྱུད། བདེ་ལེགས་ངང་སློབ་སྦྱོང་མཇུག་སྒྲིལ་དཔང་ཡིག་ལོན་པའི་སློབ་མ་ཡོངས་ལ་རྟེན་འབྲེལ་ཞུས། 
     ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ནི་མཚོ་སྔོན་ཞིང་ཆེན་གྱིས་གྲངས་ཉུང་མི་རིགས་གནའ་དཔེ་དག་བསྒྲིགས་དང་ཤེས་ལྡན་མི་སྣ་གསོ་སྦྱོང་རྟེན་གཞིའི་སྒོ་བྱང་བཀལ་རྗེས་ཀྱི་སྒྲུབ་ཐེངས་སྐབས་གཉིས་པ་ཡིན། གསོ་སྦྱོང་འཛིན་གྲྭས་མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་གནའ་དཔེ་བྱ་སྒྲུབ་མི་སྣའི་གཞུང་ལུགས་ཀྱི་ཆུ་ཚད་དང་ལས་ཀའི་སྤུས་ཚད། ཆེད་ལས་ལག་རྩལ་མཐོར་འདེགས་ཡོང་ཆེད།  ཞིང་ཆེན་ཕྱི་ནང་གི་གནའ་དཔེ་དག་བསྒྲིགས་བྱ་བའི་གནས་ཚུལ་ངོ་སྤྲོད་དང་གྲངས་ཉུང་མི་རིགས་གནའ་དཔེ་དག་བསྒྲིགས་བྱ་བའི་གལ་ཆེན་རང་བཞིན་སྲུང་སྐྱོབ་དང་འཕེལ་རྒྱས་སུ་བཏང་ནས།  ཤུགས་ཆེན་པོས་གནའ་དཔེ་མྱུར་སྐྱོབ་བྱ་བ་སྤེལ་པ་དང་ཚད་མཐོན་པོའི་སྒོ་ནས་གནའ་དཔེ་བྱ་བ་ལས་མིའི་ནུས་ཚད་མཐོར་འདེགས་སུ་གཏོང་དགོས་ཤིང་། ངེས་པར་དུ་གནའ་དཔེ་བྱ་བ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི”བར་སྟོང་ལས་བརྒལ་བ་དང་། རྒྱལ་ཁམས་ལས་བརྒལ་བ། རྟག་བརྟག་གསོན་ཤུགས་འབར་བ། དེང་རབས་རིན་ཐང་ལྡན་པའི་རིག་གནས་སྙིང་སྟོབས་དར་སྤེལ་བཏང་ནས། བཤམས་སྟོན་ཁང་དུ་ཉར་ཚགས་བྱས་ཡོད་པའི་རིག་དངོས་དང་། ཁོད་ཡངས་པའི་ས་ཆེན་གྱི་སྟེང་ཕྲེང་བསྟར་སྒྲིག་པའི་ཤུལ་བཞག་དངོས་པོ། དཔེ་རྙིང་གི་ཁྲོད་བྲིས་པའི་ཡིག་འབྲུ་དག་ལ་གསོན་ཤུགས་བསྩལ་ནས་ཀྲུང་ཧྭའི་རིག་གནས་འཛམ་གླིང་རྒྱལ་ཁབ་སོ་སོའི་མི་དམངས་རྣམས་ཀྱིས་གསར་གཏོད་བྱས་པའི་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་དང་འདྲེས་པར་བྱས་ཏེ་མིའི་རིགས་ལ་ཡང་དག་པའི་བསམ་པའི་སྣེ་ཁྲིད་དང་སྟོབས་དང་ལྡན་པའི་བསམ་པའི་སྒུལ་ཤུགས་སྩོལ་བ་དང་འབྲེལ་བའི་དངོས་ཡོད་དགོངས་དོན་ལག་ལེན་མཐར་ཕྱིན་ཡོང་བ་བྱེད་དགོས། གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་སྲུང་སྐྱོབ་བྱ་བའི་འགན་འཁྲི་རང་བཞིན་དང་འོས་འགན་ལ་ཤུགས་བསྣན་ནས། དུས་རབས་གསར་བར་མཐུན་པ་དང་གོ་སྐབས་གསར་བ་དམ་འཛིན་བྱེད་པ། ལས་འགན་གསར་བ་གཏན་འཁེལ་བྱས་ནས་བྱས་རྗེས་གསར་བ་འཇོག་པར་དངོས་ཡོད་ཀྱི་དོན་སྙིང་ལྡན་པར་བྱེད་དགོས་པའི་བླང་བྱ་བཏོན།
     ཡུལ་ཤུལ་ཁུལ་མི་རིགས་སྐད་ཡིག་གཞུང་ལས་ཁང་གི་ཉི་ཡག་ཚེ་རིང་གིས་སློབ་མའི་ཚབ་བྱས་ཏེ་གཏམ་བཤད་གནང་།  ཁོས་བཤད་རྒྱུར་གྲངས་ཉུང་མི་རིགས་ཀྱི་གནའ་དཔེའི་ལས་ཀ་ནི་དུས་རབས་གསར་བའི་རིག་གནས་བྱ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། རིག་གནས་ཡིད་རྟོན་བརྟན་སྲུང་དང་། རིག་གནས་དར་རྒྱས་ལ་སྐུལ་འདེད་བྱེད་པར་དོན་སྙིང་གལ་ཆེན་ལྡན་པས། གཟའ་འཁོར་གཅིག་རིང་གི་གསོ་སྦྱོང་འཛིན་གྲྭའི་སློབ་སྦྱོང་བརྒྱུད་དེ།  ཤེས་ཡོན་གྱིས་ཕྱུག་པའི་དགེ་རྒན་དང་ཆེད་མཁས་པ་རྣམས་ཀྱི་ཞབས་ལ་གཏུག་ནས། གནའ་དཔེ་དག་བསྒྲིགས་སོགས་ཀྱི་གཞུང་ལུགས་ལ་ནན་ཏན་གྱིས་སློབ་སྦྱོང་དང་། སྤུས་ཚད་མཐོར་འདེགས། ལག་རྩལ་ཁོང་དུ་ཆུད་པ། བསླབ་འབྲས་ཕུལ་དུ་བྱུང་བ་བཅས་ཀྱི་སྒོ་ནས་ཐེངས་འདིའི་གསོ་སྦྱོང་ལེགས་འགྲུབ་ཡོང་བར་བྱས། ཁོས་སློབ་མ་ཡོངས་ཀྱི་ཚབ་བྱས་ཏེ་གོ་སྐབས་དམ་འཛིན་དང་ནན་ཏན་གྱིས་སློབ་སྦྱོང་བྱེད་པ། སྦྱངས་པ་གོ་ཆོད་དང་རིག་གནས་རྒྱུན་འཛིན། བསམ་བློ་བརྗེ་རེས་དང་གང་དགའི་ངང་མཉམ་སྤྱོད་བྱེད་པ་སོགས་ཀྱི་ཕྱོགས་ནས་གཏམ་བཤད་སྤེལ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...