སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྒྱ་བོད་ཤན་སྦྱར་ཐ་སྙད་བཀས་བཅད་ཚིག་མཛོད་འགྲེམ་སྤེལ་བྱས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-10-22 10:54:00 རྩོམ་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། ཀློག་གྲངས།

རྒྱ་བོད་ཤན་སྦྱར་ཐ་སྙད་བཀས་བཅད་ཚིག་མཛོད་དེབ་གཉིས་པ།

བོད་རང་སྐྱོང་ལྗོངས་རྩོམ་སྒྱུར་ཅུས་ཀྱི་འགན་འཁུར་བས་བཅར་འདྲི་དང་ལེན་གནང་བཞིན་པ།

ཉེ་བའི་ལོའི་ནང་བོད་ཀྱི་བཀས་བཅད་ལས་དོན་ལ་ཐོབ་པའི་གཡུར་ཟའི་གྲུབ་འབྲས་དག
     ཉེ་སྔོན། བོད་རང་སྐྱོང་ལྗོངས་བོད་ཡིག་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་གིས་དག་བཤེར་གཏན་འབེབས་བྱས་པའི་རྒྱ་བོད་ཤན་སྦྱར་ཐ་སྙད་བཀས་བཅད་ཚིག་མཛོད་ཅེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས་ཡོད་པ་རེད།  
     བོད་རང་སྐྱོང་ལྗོངས་བོད་ཡིག་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་གིས་དག་བཤེར་གཏན་འབེབས་བྱས་པའི་རྒྱ་བོད་ཤན་སྦྱར་ཐ་སྙད་བཀས་བཅད་ཚིག་མཛོད་དེ་2019ལོའི་ཟླ་དགུ་པར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་ཟླ་བཅུ་པར་ལྗོངས་ཡོངས་སུ་འགྲེམས་སྤེལ་བྱས་ཡོད།  དེ་ནི་བོད་རང་སྐྱོང་ལྗོངས་ཀྱི་བོད་སྐད་ཡིག་ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་རེད།    
     བོད་རང་སྐྱོང་ལྗོངས་རྩོམ་སྒྱུར་ཅུས་ཀྱི་ཅུས་ཀྲང་གཞོན་པ་འཇམ་དབྱངས་མཆོག་རྒྱལ་ལགས་ཀྱིས། ཆབ་སྲིད་དང་། དཔལ་འབྱོར། རིག་གནས། ཚན་རྩལ་སོགས་ཁྱབ་ཁོངས་ཁག་འཕེལ་རྒྱས་ཤུགས་ཆེན་འགྲོ་བ་དང་། སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་འགྲོ་བ།  བྱ་དངོས་གསར་པ་གཅིག་རྗེས་གཉིས་མཐུད་དུ་ཐོན་པ་བཅས་དང་ཆབས་ཅིག་ཐ་སྙད་གསར་པ་སྣ་ཚོགས་ཤིག་ཀྱང་དེ་བསྟུན་གྱིས་ཐོན་གྱི་ཡོད།  དེང་སྐབས་ཐོན་པའི་ཐ་སྙད་གསར་པ་མང་པོ་ཞིག་བོད་སྐད་ཀྱི་ཐ་སྙད་ནང་ནས་ཐད་ཀར་སྤྱོད་རུང་བ་ཞིག་རྙེད་མི་ཐུབ་པ་དང་། དོན་དངོས་ཀྱི་དགོས་མཁོ་སྐོང་མི་ཐུབ་པའི་ཁར་ཐ་སྙད་མང་པོ་ཞིག་ཚད་ལྡན་མེད་པ་དང་གཅིག་གྱུར་མེད་པ་སོགས་ཀྱི་གནད་དོན་ཐོན་བཞིན་ཡོད། གནས་ཚུལ་དེ་རིགས་ལ་དམིགས་ནས་ཐ་སྙད་གསར་པ་དུས་ཐོག་ཏུ་ཡིག་སྒྱུར་བཀས་བཅད་བྱས་ཏེ་དབང་གྲགས་རང་བཞིན་དང་ཚད་ལྡན་གྱི་ཐ་སྙད་ཚིག་མཛོད་ཅིག་དཔེ་སྐྲུན་བྱ་རྒྱུ་དེ་ཁ་ཚ་དགོས་གཏུགས་དང་དོན་སྙིང་གལ་ཆེ་བ་ཞིག་ཡིན།  དེས་ན་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་ཡང་དག་པའི་འགོ་ཁྲིད་འོག བོད་རང་སྐྱོང་ལྗོངས་བོད་སྐད་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང(བོད་རང་སྐྱོང་ལྗོངས་རྩོམ་སྒྱུར་ཅུས)གིས་རང་འགན་གཙང་སྒྲུབ་དང་། རིགས་གཅིག་མཁས་པ་སྒྲིག་འཛུགས་ཧུར་ཐག་བྱས་ནས་ཡིག་སྒྱུར་དང་ཐ་སྙད་ཞིབ་བཤེར་གཏན་འབེབས་དང་ཚད་ལྡན་བཟོ་བའི་ལས་དོན་སྤེལ་བ། ལྷག་པར་དུ2005ལོར་ལྗོངས་བོད་སྐད་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང(རྩོམ་སྒྱུར་ཅུས)དང་། ལྗོངས་ཏང་གི་སློབ་གྲྭ།  ལྗོངས་རིག་གནས་ཐིང་། ལྗོངས་སྤྱི་ཚོགས་ཚན་རིག་ཁང་། ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས། བོད་ལྗོངས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས། བོད་ལྗོངས་སློབ་ཆེན།  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། བོད་ལྗོངས་སློབ་གཞི་རྩོམ་སྒྱུར་ལྟེ་གནས་སོགས་ཚན་པའི་རིགས་གཅིག་མཁས་པ་ལས་གྲུབ་པའི་བོད་རང་སྐྱོང་ལྗོངས་ཐ་སྙད་གསར་པ་ཡིག་སྒྱུར་ཚད་ལྡན་ཨུ་ཡོན་ལྷན་ཁང་བཙུགས་ནས་ཐ་སྙད་འཚོལ་བསྡུ་དང་། ཡིག་སྒྱུར། ཞིབ་བཤེར་གཏན་འབེབས་ཀྱིས་བཀས་བཅད་དང་འབྲེལ་གཅིག་གྱུར་ཐོག་ཁྱབ་བསྒྲགས་བྱེད་པའི་ལས་འགན་འཁུར་བས། བོད་ཀྱི་སྐད་ཡིག་ཚད་ལྡན་ཅན་དང་ཚད་གཞི་ཅན་དུ་འགྱུར་བར་ནུས་པ་གལ་ཆེན་ཐོན་པ་མ་ཟད་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་གི་ཁས་ལེན་རྒྱ་ཁྱབ་ཐོབ་པ་བཅས་བྱུང་ཡོད་ཅེས་ངོ་སྤྲོད་གནང་བ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཚིག་མཛོད་དེའི་ནང1995ལོ་ནས་བཟུང་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང་དང་བོད་ཀྱི་བོད་ཡིག་ཐ་སྙད་བཀས་བཅད་ཨུ་ལྷན་གྱིས་ཡིག་སྒྱུར་དང་། ཞིབ་བཤེར་གཏན་འབེབས། ཁྱབ་གདལ་ཁྱབ་བསྒྲགས་བཅས་སྒྲིག་འཛུགས་བྱས་པ་དང་ཐ་སྙད་གསར་པ་དང་ཚིག་དུམ་སོགས་གཙོ་བོར་བྱས་པའི་ཆ་ཤས5ཡི་ཐ་སྙད9000ཙམ་བསྡུས་ཡོད་པ་དང་། དེའི་ནང་དོན་ལ་ཆ་མཚོན་ན་ཆབ་སྲིད་ཀྱི་སྐབས་དོན་དང་། དཔལ་འབྱོར།  འཕྲིན་སྦྲེལ་དྲ་བ།  རིག་གནས། བཅའ་ཁྲིམས། སྲོལ་རྒྱུན་ཞབས་བྲོ་སོགས་ལས་རིགས་དང་ཁྱབ་ཁོངས་ཁག་དང་འབྲེལ་བ་ཡོད་ལ་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཐ་སྙད་གསར་པ་དང་འབྲེལ་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་དང་དེ་བཞིན་དྲ་རྒྱའི་སྐད་ཡིག་དང་། དངུལ་རྩ།  གློག་ཤུགས་སོགས་ལས་རིགས་ཁྱབ་ཁོངས་ཀྱི་འབྲེལ་ཡོད་ཐ་སྙད་ཚུད་ཡོད་པ་རེད།  
     བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང་བོད་སྐད་ཡིག་བཀས་བཅད་ཁྲུའི་ཁྲུའུ་ཀྲང་ཡེ་ཤེས་བཟང་པོས། ཐ་སྙད་གསར་པ་ཡིག་སྒྱུར་བྱེད་པའི་བརྒྱུད་རིམ་ནང་ང་ཚོས་དོན་སྒྱུར་དང་། ཐད་སྒྱུར། སྒྲ་སྒྱུར་བཅས་ཟུང་དུ་འབྲེལ་བའི་ཡིག་སྒྱུར་ཐབས་རྩལ་ལ་བརྩི་སྲུང་ཞུ་བ་དང་ཆབས་ཅིག་མང་ཚོགས་ཀྱི་སྐད་བརྡའི་ཁྲོད་ནས་ཐ་སྙད་འདེམས་འགོད་བྱས་པ་དང་། ལྷག་པར་དུ་2017ལོའི་ཟླ་9པར་པེ་ཅིང་དང་། སི་ཁྲོན། བོད་ལྗོངས་སོགས་ཀྱི་རིགས་གཅིག་མཁས་ཅན་གདན་འདྲེན་ཞུས་ཏེ་མཐའ་མའི་ཆེད་དོན་ཞུ་དག་ཚོགས་འདུ་འཚོགས་པ་དང་འབྲེལ་རྒྱལ་ཡོངས་ཀྱི་བོད་སྐད་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པའི་ཐ་སྙད་དང་གཅིག་མཐུན་བྱུང་ནས་ལག་ལེན་གྱི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་ཡོད་ལ་དབང་གྲགས་རང་བཞིན་དང་ཚན་རིག་དང་མཐུན་པའི་བཀས་བཅད་ཀྱི་རང་བཞིན་ལྡན་པ་ཞིག་བྱུང་ཡོད་ཅེས་དང་ཁོང་གིས། ཚིག་མཛོད་འདི་དཔེ་སྐྲུན་བྱེད་པའི་དམིགས་ཡུལ་ནི་རྒྱ་ཆེའི་ཡིག་སྒྱུར་ལས་དོན་པ་དང་། སྐད་གཉིས་དགེ་རྒན། ཀློག་པ་པོ་བཅས་ཀྱིས་གཅིག་གྱུར་ཐོག་ཚད་ལྡན་གྱི་ཐ་སྙད་གསར་པ་བེད་སྤྱོད་བྱས་ཏེ་བོད་ཀྱི་སྐད་ཡིག་ཚན་རིག་དང་མཐུན་ཞིང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ལ། དུས་མཚུངས་སུ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་དྲིལ་བསྒྲགས་དང་། ལྷག་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དྲིལ་བསྒྲགས་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་ཚན་རིག་རིག་གནས་བྱང་ཚད་མཐོ་རུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་ཀྱིས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། བོད་ལྗོངས་ཀྱི་ལྟེ་བའི་ལས་དོན་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་ཐད་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད་པ་རེད། 

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...