| རྩོམ་པ་པོ། | བདེ་ཆེན་མཚོ། | རྩོམ་སྒྲིག་པ། | Bdechen mtso | དུས་ཚོད། | 2012-1-28 12:00:00 | རྩོམ་ཁུངས། | མཚོ་སྔོན་པོ་དྲ་བ། | ཀློག་གྲངས། |

ཐའེ་གོར་སྡོད་པའི་ཀྲུང་གོའི་གཞུང་ཚབ་པ་ཆེན་མོ་ཀོན་མོས་འགྲེམ་སྟོན་སྟེང་མཛེས་རིས་ལ་གཟིགས་བཞིན་པ།
ཟླ1པའི་ཚེས20ཉིན། བོད་ལྗོངས་ཀྱི་ཡུལ་སྲོལ་བརྗོད་གཞིར་བྱས་པའི“བོད་ལྗོངས་མཁའ་ལམ”མཛེས་རིས་འགྲེམ་སྟོན་མན་གོའི་ཕཱ་ལ་གུང་ཁྲོམ་ར་ཆེན་མོ་ནས་སྤེལ་ཞིང་། ཐའེ་གོར་སྡོད་པའི་ཀྲུང་གོའི་གཞུང་ཚབ་པ་ཆེན་མོ་ཀོན་མོས་འགོ་རྩོམ་མཛད་སྒོ་ཕྱེས་པ་རེད། རྒྱུས་ལོན་བྱུང་བ་ལྟར་ན“བོད་ལྗོངས་མཁའ་ལམ”གྱི་འགྲེམ་སྟོན་ཉིན16རིང་དུ་སྤེལ་རྒྱུ་ཡིན་ཞིང་། འགྲེམ་སྟོན་སྟེང་ཕྱི་རྒྱལ་དུ་སྡོད་པའི་ཀྲུང་གོའི་པར་མཁན་ལིག་ཇེ་ཝེའི་འཛམ་གླིང་ཡང་རྩེའམ་ཁ་བའི་ལྗོངས་ཀྱི་ཁོར་ཡུག་བཀོད་པ་བརྗོད་བྱར་བྱས་པའི་མཛེས་རིས180ལྷག་བཀྲམ་པ་དང་། དེར་མ་ཟད་ཐའེ་གོའི་རང་བྱུང་གནོད་འཚེ་ཆེན་པོ་དག་གི་པར་རིས60ཡང་འགྲེམ་སྟོན་བྱས་པ་རེད།